ཟླ11པའི་ཚེས6ཉིན་ནས་ཚེས11ཉིན་བར། ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་ཁྲིམས་ལུགས་ཁྱབ་གདལ་ལས་སྒོ་དང་ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་དཔྱད་ཞིབ་མ་ལག་གི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་རྟེན་གཞི་ནས་སྐབས་གཉིས་སུ་བགར་ཏེ་སྤེལ། ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོ་དང་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་དང་། ཁེ་ལས་ལས་དོན་སྡེ་ཁག་ཁ་ཤས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་བའི་རྐང་འཛིན་པ་གོ་ལྔ་གསོ་སྦྱོང་ལ་ཞུགས།
གསོ་སྦྱོང་འཛིན་གྲྭས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་འབྲེལ་ཡོད་སྡེ་ཁག་གི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་གདན་དྲངས་ནས་སློབ་ཁྲིད་བྱེད་དུ་བཅུག སློབ་ཁྲིད་ཀྱི་ནང་དོན་ལ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན། སྲིད་འཛིན་ཁྲིམས་འཛིན་བྱ་བ་ཚད་ལྡན་དུ་གཏོང་བ་སོགས་ཡོད།
གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོས་གཅིག་གྱུར་སྒོས་བསྟན་དོན། དམངས་ཡོངས་ཁྲིམས་ལུགས་ཁྱབ་གདལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་མཐོར་འདེགས་གཏོང་རྒྱུ་རྐང་འཛུགས་སར་བྱེད་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སུ་ལ་དྲིལ་སྒྲོག་བྱེད་པ་དང་སུས་དྲིལ་སྒྲོག་བྱེད་པ། ཅི་ཞིག་དྲིལ་སྒྲོག་བྱེད་པ། ཇི་ལྟར་དྲིལ་སྒྲོག་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་པ། ནུས་ཡོད་སྒོས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ་དང་སྤུས་ཚད་མཐོན་པོས་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བ། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ་སོགས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་ཁྲིམས་བཀོལ་ནས་གནད་དོན་ཐག་གཅོད་པ། ཁྲིམས་ལ་བརྟེན་ནས་འགལ་བ་ཐག་གཅོད་པ་སོགས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་གྲུབ་པར་སྐུལ་འདེད་གཏོང་དགོས།
གསོ་སྦྱོང་འཛིན་གྲྭས་ད་རུང་དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།