ཟླ11པའི་ཚེས9ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞོང་ཧྭ་རྫོང་གིས་གཞུང་ལུགས་ཀྱི་གོ་དོན་རྣལ་མ་དང་། རྟོག་ཞིབ་ཟབ་མོ། དམངས་དོན་བསམ་པ། ཞིབ་བཤེར་ནན་མོ། ལམ་ལུགས་དོན་འཁྱོལ་སོགས་གཙོ་གནད་དུ་བཟུང་སྟེ། དམངས་ཕན་དང་དམངས་སེམས་དྲོ་བར་བྱེད་པའི་དོན་དངོས་དང་། དམངས་དོན་དང་མཐུན་པའི་དོན་བཟང་བསྒྲུབས་ནས། རྒྱུན་ཆད་མེད་པར་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཆེས་གསར་བ་རུ་འགྱུར་བར་བྱས།
ཡ་རྫི་རྫོང་གིས་ཆབ་སྲིད་ཀྱི་བླ་སྲོག་བརྟན་པོར་བསྐྲུན་རྒྱུ་དེ་བརྗོད་དོན་སློབ་གསོའི་སྲོག་ཤིང་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྙིང་སྟོབས་དང་ངར་ཤུགས་བསྐྱེད་ནས། ཁྱོན་ཡོངས་དང་མ་ལག་ལྡན་པར་མ་རྩོམ་ཀློག་པ་དང་། ནན་ནན་ཏིག་ཏིག་གིས་མ་ཡིག་སློབ་པ། ནན་ཏན་སྒོས་གོ་དོན་མཐིལ་རྟོགས་བྱེད་པ། ཡིག་འབྲི་རེ་རེ་བཞིན་བལྟ་བ་དང་དུམ་མཚམས་རེ་རེ་དང་ལེའུ་རེ་རེ་བཞིན་རྟོགས་པར་བྱས་ནས། གཞུང་ལུགས་སློབ་སྦྱོང་དང་ལས་གཉེར་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བར་མ་ཟད། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱས། ཚོང་ར་གཙོ་བོ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་གཉིས་དམ་དུ་སྦྲེལ་ཏེ། བརྟག་དཔྱད་ཞིབ་འཇུག་གི་ཐབས་ལམ་ལེགས་པོར་བཀོལ་ནས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཐོན་ལས་འཕེལ་རྒྱས་དང་། སྨན་བཅོས་འཕྲོད་བསྟེན། གོམས་སྲོལ་བསྒྱུར་བ། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཕྱོགས་ལ་ཤུགས་བཏོན་པ་དང་། བྱེད་ཐབས་ཞིབ་མོ་སྤྱད་ནས་དཀའ་གནད་དང་འགག་རྩ་སེལ།
དུས་མཉམ་དུ། མང་ཚོགས་ལ་སྤྲོ་བ་ཡོད་མེད་དང་། ཡིད་ཚིམ་མིན། མང་ཚོགས་ཀྱིས་ཁས་ལེན་མིན་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱི་ཚད་ཤིང་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། གནས་ཚུལ་ངོ་མ་རྟོག་ཞིབ་དང་དོན་དངོས་སྒྲུབ་ནས་དམངས་ཚིས་ལ་ཕན་པ་བསྐྲུན་རྒྱུ་གཞི་རྩ་རུ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ་དང་། དམངས་ཚིས་ཁྱབ་ཁོངས་ཀྱི་བྲེལ་དཀའ་ཁྲལ་སྒུག་ལ་དམིགས་ནས། ཁག་ཁུར་དཀའ་སེལ་བྱས་ཤིང་། མང་ཚོགས་ལ་ཞབས་འདེགས་ཞུ་བར་གཞོལ་ནས་དམངས་ཚིས་ཀྱི་རྒྱུགས་ལན་ཡག་པོ་ཞིག་སྤྲད།
རྒྱུན་ལོན་པ་ལྟར་ན། ཡ་རྫི་རྫོང་གིས་གནད་དོན་རྩད་ཞིབ་བྱེད་པ་བརྒྱུད་དེ། རང་གིས་བཙལ་བ་དང་གོང་རིམ་གྱིས་གསལ་སྟོན་བྱེད་པ། ཕན་ཚུན་ལ་རོགས་རམ་བྱེད་པ་དང་མང་ཚོགས་ཀྱིས་བཤད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རང་སྟེང་གི་བར་ཁྱད་ལ་ཞིབ་བཤེར་བྱས་ཤིང་། གནད་དོན་གྱི་གསལ་ཁྲ་གསར་སྒྱུར་བྱས། གནད་དོན་ཡོ་བསྲང་བྱེད་པའི་དུས་མཉམ་དུ། གནད་དོན་དག་ཐེར་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་རྒྱུ་མཉམ་བསྲེས་བྱས་ཏེ། ཞིབ་འཇུག་གཏིང་ཟབ་དང་ཞིབ་བཤེར་ཚགས་དམ་བྱེད་པའི་ཁྲོད་གནད་ཀྱི་རྩ་བ་རྙེད་པར་བྱས་ཤིང་། དག་ཐེར་བཅོས་སྒྲིག་ཁྲོད་མི་འདང་ས་ཁ་གསབ་དང་ཉམ་ཞན་ཤུགས་དྲག་ཏུ་བཏང་བར་མ་ཟད། ལམ་ལུགས་གཏོར་བ་དང་བསྒྱུར་བ། འཛུགས་པ་བཅས་ཀྱི་ལས་དོན་ཞིབ་མོར་སྤེལ་ཏེ། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནས་མགོ་བརྩམས་ཏེ་བླང་བྱ་གསར་བ་དང་སྲིད་ཇུས་གསར་བ་དེའི་ཁྲོད་འདྲེས་པར་བྱས་ནས། ཞིབ་བཤེར་དག་ཐེར་ཐད་ནས་གྲུབ་འབྲས་ངོ་མ་ལོན་པར་ཁག་ཐེག་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།