མཚོ་སྔོན་གྱིས་ཕུག་ལམ40ཡི་རྒྱུ་སྤུས་རིམ་སྤར་གྱི་ལས་ཀ་མཇུག་སྒྲིལ་བར་རྩིས་ལེན་ཐོབ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ11ཚེས8ཉིན། རྒྱལ་ལམG0615ཤང་སྡེ་ནས་མཛོ་རྒན་རྭ་བར་བར་གྱི་གཞུང་སོགས་ལམ་དུམ8བརྒྱད་ཀྱི་ཕུག་ལམ40ཡི་རྒྱུ་སྤུས་རིམ་སྤར་ལས་གཞི་མཇུག་སྒྲིལ་ནས་ཞིབ་བཤེར་རྩིས་ལེན་ཐོབ།

མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཉེན་རྟོག་སྤྱི་ཁྱབ་རུ་ཆེན། མཚོ་སྔོན་ཞིང་ཆེན་ལམ་སྲིད་ཁྲིམས་བསྟར་སྤྱི་ཁྱབ་རུ་ཆེན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཨར་སྐྲུན་ལག་རྩལ་ཞབས་ཕྱི་ལྟེ་གནས། མཚོ་སྔོན་ཞིང་ཆེན་མྱུར་བགྲོད་གཉེར་སྐྱོང་ཀུང་སི།  མཚོ་སྔོན་ཞིང་ཆེན་མྱུར་བགྲོད་ལམ་གསོ་ཀུང་གསོ། ལས་རིགས་ཀྱི་འབྲེལ་ཡོད་ཆེད་མཁས་བཅས་ཀྱིས་གྲུབ་པའི་འགྲིམ་འགྲུལ་ལས་གཞི་ཞིབ་བཤེར་རྩིས་ལེན་ཨུ་ལྷན་གྱིས་ཕྱོགས་བསྡུས་དང་། ཕྱི་ལས། ནང་ལས་བཅས་རིགས་གསུམ་གྱི་ཆེད་ལས་བཤེར་ཚན་ཆུང་བགོས་ཏེ།   ཡུལ་དངོས་ཀྱི་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་དང་།  ལས་གཞི་གཞུང་སྒྲུབ་ཁང་དང་། ཇུས་འགོད།  ལྟ་ཞིབ་ཐག་གཅོད། ཨར་ལས་ལས་ཁོངས་བཅས་ཀྱི་ལས་ཀ་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན་པ་དང་། མཐར་གྲོས་བསྡུར་ཞིབ་འཇུག་བརྒྱུད་རྒྱལ་ལམG0615ཡི་ཤང་སྡེ་ནས་མཛོ་རྒན་རྭ་བར་བར་གྱི་གཞུང་ལམ་དང་། གསེར་ཆེན་ནས་ཡུལ་ཤུལ་བར་གྱི་གཞུང་ལམ(གསེར་ཆེན་ནས་རྨ་སྟོད་རྨ་ཆུའི་ཟམ་ཆེན་བར)།  གཞོང་ཐང་(ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས)ནས་ཆུ་འགག་ཆུང་བ(དམར་གཙང)མཚམས་ཀྱི་གཞུང་ལམ། ཁྲེང་ཏུའུ་ནས་ཤང་སྡེ་བར་གྱི་གཞུང་ལམ་སོགས་ལམ་དུམ8ཀྱི་ཕུག་ལམ་གྱི་རྒྱུ་སྤུས་རིམ་སྤར་ལས་གཞིའི་འགྲེམ་འགྲུལ་བདེ་འཇགས་ཀྱི་སྒྲིག་ཆས་སྒྲིག་བཀོད་དང་།  འཕྲུལ་གློག་ལས་གཞི།  ལམ་ངོས་ཀྱི་བཅོས་སྐྱོང་།  ཕུག་ལམ་གྱི་ལམ་ངོས་ཞིག་གསོ་ལ་སོགས་ཀྱི་ལས་ཀ་རྩིས་སྤྲོད་བྱས་པ་ཞིབ་བཤེར་གྱི་ཆ་རྐྱེན་དང་མཐུན་ལ།   ཡིག་ཚགས་རྒྱུ་ཆ་ཆ་ཚང་ཞིང་ཚད་དང་ལྡན་པ་བཅས་རྩིས་ལེན་མཇུག་འབྲས་ལ་མགྲིན་གཅིག་དུ་མོས་འཐད་བྱུང་།

ཐེངས་འདིའི་རྒྱུ་སྤུས་རིམ་སྤར་ལས་གཞི་ནི་གཙོ་བོ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་རྒྱུད་ཀྱི་ཕུག་ལམ40ཡི་ལམ་ངོས་དང་། རྩིག་ལྡེབས་སྲ་བརྟན།  འགྲིམ་འགྲུལ་བདེ་འཇགས་ཀྱི་སྒྲིག་ཆས་སྒྲིག་བཀོད། འཕྲུལ་གློག་གི་ནུས་པ་མཐོར་འདེགས་སོགས་ལས་ཀ་ཡིན་པ་དང་། ལས་ཀ་དེས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གཞུང་ལམ་རྒྱུད་ཀྱི་ཕུག་ལམ་གྱི་རྒྱུ་སྤུས་མཐོར་འདེགས་ཀྱི་འགུལ་སྐྱོད་ཇུས་གཞི་ལག་བསྟར་བྱས་པའི་ལན་ཆ་བཟང་པོ་སྤྲད་ཡོད་ལ།  མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་གྱི་རྨང་གཞི་སྒྲིག་ཆས་ལེགས་བསྒྱུར་གྱི་བྱེད་ཐབས་ནུས་ལྡན་ཡང་ཡིན་པས།  མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་སྟེང་གི་ཕུག་ལམ་གཉེར་སྐྱོང་གི་བདེ་འཇགས་དང་། མི་དམངས་མང་ཚོགས་ཀྱི་འགྲོ་འོང་བདེ་འཇགས་ལ་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།