2010ལོའི་ཟླ་8པར་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་གྱིས་མང་རྫོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་དངོས་སུ་སྤེལ་མགོ་ཚུགས་ཤིང་།ལོ་བཅུ་གསུམ་རིང་རོགས་སྐྲུན་ལས་བྱེད་པ་སྐོར་དང་སྐོར་མཐོ་སྒང་འདིར་ཡོང་ནས་རང་ཉིད་ཀྱི་གཏམ་སྤྱོད་དང་བྱ་སྤྱོད་ཐོག་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཚོའི་དཀའ་སྡུག་ལ་མི་སྐྲག་པའི་སྙིང་སྟོབས་དང་དམ་བཅའ་བརྟན་པོ་དེ་གསོན་ཉམས་དོད་པའི་སྒོ་ནས་མཚོན་པར་བྱས་པ་དང་། མང་རྫོང་གི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་འབད་འཐབ་རྒྱུན་མཐུད་བྱས་ནས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་པའི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།
ཀྲུའུ་ཅུན་ནི་ཅང་སུའུ་ཞིང་ཆེན་པའོ་ཡེན་རྫོང་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཞིག་རེད།ད་ལོའི་ཟླ་བདུན་པར་ཁོ་མོས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ལས་འགན་དང་དབྱང་ཀྲོའུ་མང་རྫོང་ས་ཁུལ་གཉིས་ཀྱི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་ཡིད་ལ་བཅངས་ནས་མང་རྫོང་ལ་ཡོང་ནས་རྫོང་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་གྱི་འགན་འཁུར་ཡོད།ཁོ་མོས་ལོ་མང་རིང་གི་རྩེར་སོན་གྱི་སྨན་བཅོས་ལག་རྩལ་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལ་བརྟེན་ནས་ས་གནས་ཀྱི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་དང་ཞིབ་བསྡུར་སྤེལ་རེས་བྱས་པས་ས་གནས་ཀྱི་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་དོན་མི་སྣའི་ཁྱོན་ཡོངས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཡོད།སྔ་རྗེས་སུ་གཤེར་རྨེན་ཆེ་བའི་རྨ་ཁ་དང་གཤེར་ཁུ་སོགས་སྒོ་བསྟེན་གཤགས་བཅོས་གསར་པ་སྤེལ་ནས་གཤགས་བཅོས་10ལྷག་ཙམ་བྱས་ཤིང་།མང་རྫོང་རྫོང་གི་ཐེངས་དང་པོའི་ཁོག་ཤེལ་སོགས་ལག་རྩལ་གསར་པ་བདེ་བླག་ངང་སྤེལ།
རོགས་སྐྲུན་སྨན་པ་ཀྲུའུ་ཅུན་གྱིས་སྨན་དོན་ལས་དོན་པ་ཞིག་གི་ངོས་ནས་དང་ཐོག་ནད་པའི་ནད་གཞིའི་གནས་ཚུལ་ཤེས་རྟོགས་བྱེད་དགོས་ཤིང་།གནས་འདིའི་ཡུལ་སྐད་མི་ཤེས་པ་དང་བོད་སྐད་མི་ཤེས་པས་ནད་པ་དང་འབྲེལ་གཏུག་བྱེད་སྐབས་དཀའ་ཁག་ཅུང་ཡོད།དེར་བརྟེན་ཟླ་འགའི་རིང་ངས་ས་གནས་འདིའི་རྒྱུན་སྤྱོད་ཁ་སྐད་སློབ་སྦྱོང་ནན་ཏན་བྱས་ནས་ནད་པ་དང་རྒྱུན་གཏན་ངང་སྤེལ་རེས་ཐུབ་པར་བརྩོན་ལེན་བྱས་པ་ཡིན།དེ་དང་མཉམ་དུ་ཐོག་མའི་སེམས་འདུན་བརྟན་པོར་ངེས་ནས་འབད་འབུངས་མདུན་སྐྱོད་ཀྱིས་རང་ཉིད་ཀྱི་འབད་བརྩོན་ཆེ་ཤོས་ལ་བརྟེན་ནས་མང་རྫོང་རྫོང་གི་བུད་མེད་ཀྱི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་དེ་ཡིན་ཟེར། གསར་འགོད་པས་ཀྲུའུ་རེན་ཀྲོའུ་དང་མཉམ་དུ་ནད་ཁང་ལ་སྐོར་ཞིབ་ལས་དོན་སྤེལ་སྐབས་སྦྲུམ་མ་ཞིག་གི་ཁྲག་ཤེད་མཐོ་རུ་ཕྱིན་ནས་རྒྱུན་གཏན་ལྟར་ཕྲུ་གུ་བཙའ་བར་ཤུགས་རྐྱེན་ཐེབས་པའི་གློ་བུར་གྱི་གནས་ཚུལ་འཕྲད་སྐབས་ཀྲུའུ་རེན་ཀྲུའུ་དང་ལས་རོགས་གཞན་དག་གིས་འཕྲལ་དུ་བརྟག་དཔྱད་བྱས་པ་མ་ཟད། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་ཞིབ་ཕྲ་ཞིག་ཀྱང་བཏོན་པ་རེད།
སྦྲུམ་མའི་སྒྱུག་པོ་ཀླུ་བྱམས་རྒྱལ་གྱིས་མནའ་མའི་ཟླ་ཚད་ལ་ཐོན་པས་ང་ཚོ་སྨན་ཁང་དུ་ཡོང་བ་ཡིན།སྟབས་ལེགས་པ་ཞིག་ལ་ཅང་སུའུ་ཡི་སྨན་བཅོས་ཆེད་མཁས་པས་ཕྲུ་གུ་མ་སྐྱེས་གོང་གི་བརྟག་དཔྱད་བྱས་ཤིང་། ཞབས་ཞུ་དང་ལག་རྩལ་གང་ཞིག་ཡིན་རུང་ང་ཚོའི་བློ་ཡིད་ཚིམ་ཡོད་ཟེར།
ཉེ་བའི་ལོ་ཤས་རིང་།མང་རྫོང་རྫོང་གིས་སྨན་བཅོས་རོགས་སྐྲུན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁོའོ་དང་ཁང་གི་ལག་རྩལ་མཐོ་བ་དང་སྤུས་ལེགས།རྩེར་སོན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་།མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་ཆེད་མཁས་པས་རིགས་ཁག་གི་སློབ་ཁྲིད་དང་སློབ་ཁྲིད་ཐེངས་35དང་།ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ13 ནད་པ12650ལྷག་ཙམ་ལ་སྨན་བཅོས་བྱས།ད་ལོའི་ཟླ7པར་ཅང་སུའུ་མི་དམངས་སྨན་ཁང་གི་ཆེད་མཁས་ཚོ་ཆུང་གི་མི13རང་རྫོང་དུ་ཡོང་ནས་ཁ་གཏད་རོགས་སྐྱོར་མཛུབ་ཁྲིད་ལས་དོན་སྤེལ་བ་དང་འབྲེལ་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་ཞབས་ཞུ་སྒྲིག་འཛུགས་བྱས་ནས་རང་རྫོང་གི་རྒྱ་ཆེའི་ནད་པའི་སྨན་བཅོས་ཀྱི་དགོས་མཁོ་བསྐངས་ཏེ་ནད་པའི་སྒོ་འགྲམ་དུ་ཆེད་མཁས་སྨན་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།