མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས《ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་ཞིག(གནས་སྐབས་ལག་བསྟར)》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་ཚན་རྩལ་གྲུབ་འབྲས་ནུས་ལྡན་ངང་མཁོ་སྤྲོད་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་སྒུལ་ཤུགས་འཕེལ་བ་བྱ་རྒྱུ་སོགས་ཕྱོགས་བཞིའི་ཐད་ནས་ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་བྱེད་ཟབ་ཏུ་གཏོང་བའི“བྱེད་ཐབས་འགའ”བཏོན་ནས། ཚན་རྩལ་གྲུབ་འབྲས་དེང་རབས་ཅན་དུ་འགྱུར་བའི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྒུག་ཤུགས་གསར་གཏོད་ཀྱི་མཁོ་འདོན་བྱ་དགོས། 《བྱེད་ཐབས》དེ་2023ལོའི་ཟླ11ཚེས8ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
དུས་ཡུན་རིང་པོའི་ནང་མཚོ་སྔོན་དུ་ལག་རྩལ་གཞན་སྒྱུར་གྱི་འཇོན་མིའི་གོ་མིང་རེ་ཞུའི་བགྲོད་ལམ་བཙུགས་མེད་པས། 《བྱེད་ཐབས》ནང་རང་བྱུང་ཚན་རིག་ཞིབ་འཇུག་རིམ་སྤེལ་ལག་རྩལ་གཞན་སྒྱུར་གྱི་གོ་མིང་ཆེད་ལས་སྣོན་འཛུགས་བྱས་ནས། དཔྱད་ཞིབ་གདེང་འཇོག་ཚད་གཞི་བཟོས་པ་བརྒྱུད་ལས་ཞུགས་མི་སྣར་གནད་འཁེལ་གདེང་འཇོག་ཐུབ་པ་མ་ཟད། ལག་རྩལ་གཞན་སྒྱུར་གྱི་ལས་ཞུགས་མི་སྣའི་ལས་རིགས་ཀྱི་ཁོངས་གཏོགས་བསམ་པ་དང་སྤོབས་སེམས་ཇེ་ཆེར་བཏང་ནས། ལས་ཞུགས་མི་སྣའི་ལས་ཀའི་སྤྲོ་སེམས་འཕེལ་བར་བྱས་ཏེ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྔར་བས་སྐུལ་འདེད་གཏོང་དགོས།
གཞན་ཡང《བྱ་ཐབས》ནང་ཞིང་ཆེན་རིམ་པའི་རང་བྱུང་ཚན་རིག་ཐེབས་རྩའི་ཁེ་ལས་གསར་གཏོད་འཕེལ་རྒྱས་ཀྱི་མཉམ་འབྲེལ་ཐེབས་རྩ་འཛུགས་རྒྱུ་དང་། ཁེ་ལས་དང་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་སྒྲིག་གཞིའི་དབར་གྱི་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ། ཕུལ་བྱུང་གི་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ། རྨང་གཞིའི་ཞིབ་འཇུག་དང་ཐོན་ལས་ལག་རྩལ་གསར་གཏོད་རྒྱུན་འཁོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཐོག་མར་བཏོན་པ་རེད། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལམ་སྲོལ་ལེགས་སྒྲིག་བྱེད་པའི་ཐད་ཆ་རྐྱེན་ཡོད་པའི་མཐོ་རིམ་སློབ་གྲྭས་སྒྲིག་ཁོངས་མང་དུ་མ་བཏང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཆེད་ལས་ཅན་གྱི་ལག་རྩལ་གཞན་སྒྱུར་སྒྲིག་གཞི་འཛུགས་རྒྱུར་ལྕག་སྐུལ་བྱེད་ཐེངས་དང་པོ་དེ་ཡིན་པ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཡོང་འབབ་དངོས་ལས་མི་ཉུང་བའི་10%ཡི་བྱ་དགའ་དང་ཁ་གསབ་གྲོན་དངུལ་ལེན་ཆོག་པ་དེ་སྒྲིག་གཞིས་ལག་རྩལ་གཞན་སྒྱུར་དང་གྲུབ་འབྲས་གཞན་སྒྱུར་ཞབས་ཞུའི་ཆ་རྐྱེན་འཛུགས་སྐྱོང་དང་། ཚན་རྩལ་གྲུབ་འབྲས་འོས་སྦྱོར། ལག་རྩལ་གཞན་སྒྱུར་མི་སྣའི་ནུས་པ་ཆེར་གཏོང་སོགས་ཀྱི་འབྲེལ་ཡོད་གཏོང་སྒོའི་ཐད་སྤྱོད་རྒྱུ་དང་། ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དཔེ་སྟོན་རྟེན་གཞི་དང་ཚོད་ལྟའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་ཚན་རྩལ་གསར་གཏོད་སྟེགས་བུའི་རྣམ་གྲངས་ནང་བཅུག་ནས་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་འགོད་བྱ་ཐབས་བརྒྱུད་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་གལ་ཆེན་གྱི་གྲུབ་འབྲས་དང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཐོབ་མཁན་གྱི་བྱ་དགའ་ཐོབ་པའི་གྲུབ་འབྲས་མཚོ་སྔོན་དུ་ཐོག་མར་ཐོབ་པ་དང་གཞན་སྒྱུར་བྱེད་མཁན་ལ་རྒྱབ་སྐྱོར་མཐོ་ཤོས་སྒོར་ཁྲི་100བྱ་རྒྱུ་ཡིན་པ་རེད། གྲུབ་འབྲས་གཞན་སྒྱུར་དང་མཐུན་སྦྱོར་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པའི་ཐད་ཚན་རྩལ་གྲུབ་འབྲས་གལ་ཆེན་གཞན་སྒྱུར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་འཛུགས་རྒྱུ་ཐོག་མར་བཏོན་པ་དང་དུས་བཀག་ལྟར་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་དཀའ་གནད་དང་དཀའ་གནད་ཐག་གཅོད་བྱ་རྒྱུར་མཐུན་སྦྱོར་བྱས་པ་རེད།
གླེང་རིན་ཡོད་པ་ཞིག་ལ། 《བྱ་ཐབས》ནང་ད་དུང་ཚན་ཞིབ་མི་སྣར་ལས་ཐོག་ཚན་རྩལ་གྲུབ་འབྲས་ཀྱི་བདག་དབང་སྤྲད་པའམ་ཡང་ན་ཡུན་རིང་བཀོལ་སྤྱོད་བྱེད་དབང་གི་ཚོད་ལྟ་དང་ལས་ཐོག་ཚན་རྩལ་གྲུབ་འབྲས་ལོགས་སུ་དོ་དམ་དང་སྒྱུར་བཅོས་ཚོད་ལྟ་བྱས་ཡོད། 《བྱ་ཐབས》བཏོན་པ་དེས་མཚོ་སྔོན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ཆུ་ཚད་མཐོ་རུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་འགག་གནད་སྒྲོལ་བ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།