མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་བྱེད་ཐབས་འགའ་ཞེས་པ་བཀྲམས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་བྱེད་ཐབས་འགའ་ཞེས་པ་དཔར་ནས་བཀྲམ་སྟེ། ཚན་རྩལ་གྲུབ་འབྲས་ཕན་ནུས་ལྡན་པའི་སྒོ་ནས་འདོན་སྤྲོད་བྱེད་པར་ཤུགས་སྣོན་པ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་སྒུལ་ཤུགས་བསྐྱེད་པ་སོགས་ཕྱོགས་བཞིའི་ཐད་ནས་ཚན་རྩལ་དང་དཔལ་འབྱོར་མཉམ་སྲེས་བྱེད་པའི་གཞི་རྩའི་བྱེད་ཐབས་ཉེར་གཉིས་བཏོན་པ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་གསར་གཏོད་ཀྱི་སྒུལ་ནུས་འདོན་སྤྲོད་བྱས། བྱེད་ཐབས་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

དུས་ཡུན་རིང་བོའི་ནང་དུ། མཚོ་སྔོན་གྱིས་ལག་རྩལ་སྤོ་སྒྱུར་འཇོན་མིའི་གོ་མིང་སྙན་ཞུའི་ལམ་ལུགས་གཅིག་རྐྱང་དུ་བཙུགས་མེད་པས། བྱེད་ཐབས་འདི་བཏོན་པ་ལས་རང་བྱུང་ཚན་རིག་ཞིབ་འཇུག་སྐོར་གྱི་ལག་རྩལ་སྤོ་སྒྱུར་གྱི་ཆེད་ལས་གོ་མིང་ཁ་སྣོན་བྱས་ཏེ། དཔྱད་ཞིབ་གདེང་འཇོག་གི་ཚད་གཞི་གཏན་འབེབས་བྱས་པ་བརྒྱུད། ལས་ཞུགས་མི་སྣར་གདེང་འཇོག་གནད་ཁེལ་བྱེད་ཐུབ་པར་མ་ཟད། ལག་རྩལ་སྤོ་སྒྱུར་ལས་ཞུགས་མི་སྣའི་ལས་རིགས་ཁོངས་གཏོགས་ཀྱི་ཚོར་སྣང་དང་སྤོབས་སེམས་ཆེ་རུ་བསྐྱེད་ཐུབ་པར་མ་ཟད། ལས་ཞུགས་མི་སྣའི་ལས་སྒྲུབ་ངར་སེམས་བསྐྱེད་ནས། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ཚུལ་སྒྱུར་བྱེད་པར་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་ཐུབ།

དེ་ལས་གཞན། བྱེད་ཐབས་ལས་ཞིང་ཆེན་རིམ་པའི་རང་བྱུང་ཚན་རིག་ཐེབས་རྩ་ཁེ་ལས་གསར་གཏོད་འཕེལ་རྒྱས་ཀྱི་མཉམ་ལས་ཐེབས་རྩ་འཛུགས་རྒྱུ་ཐོག་མར་བཏོན་ནས། ཁེ་ལས་དང་མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱི་མཉམ་ལས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། ཕུལ་བྱུང་ཚན་རྩལ་འཇོན་མི་གསོ་སྐྱོང་བྱས་ནས། རྨང་གཞིའི་ཞིབ་འཇུག་དང་ཐོན་ལས་ལག་རྩལ་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་རྐྱེན་སྲོལ་ཕྱོགས་ནས། ཆ་རྐྱེན་ལྡན་པའི་མཐོ་རིམ་སློབ་གྲྭས་སྒྲིག་ཁོངས་ཁ་སྣོན་མི་བྱེད་པའི་སྔོན་འགྲོའི་འོག་ཏུ། ཆེད་ལས་ཅན་གྱི་ལག་རྩལ་སྤོ་སྒྱུར་རྐྱེན་སྲོལ་འཛུགས་རྒྱུའི་བྱེད་ཐབས་ཐོག་མར་བཏོན་པ་དང་དེར་སྐུལ་སློང་གང་ལེགས་བྱས། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་ཡོང་འབབ་དངོས་ཁྲོད་ཀྱི་བརྒྱ་ཆའི་བཅུ་ལས་མི་དམའ་བའི་བྱ་དགའི་གསབ་དངུལ་ལེན་པར་ཆོག་མཆན་བཀོད་ནས། ལས་ཁུངས་ཀྱིས་ལག་རྩལ་སྤོ་སྒྱུར་དང་གྲུབ་འབྲས་ཚུལ་སྒྱུར་ཞབས་ཞུའི་ཆ་རྐྱེན་བསྐྲུན་པ་དང་། ཚན་རྩལ་གྲུབ་འབྲས་འགྲེམ་སྤེལ་བྱེད་པ། ལག་རྩལ་སྤོ་སྒྱུར་མི་སྣའི་ནུས་པ་མཐོར་འདེགས་གཏོང་བ་སོགས་འབྲེལ་ཡོད་བྱ་བའི་ཐད་བཀོལ་སྤྱོད་བྱེད་རྒྱུ་དང་། གྲུབ་འབྲས་སྤོ་སྒྱུར་གྱི་མཐུན་སྦྱོར་གཅིག་འདོམས་ལ་ཤུགས་སྣོན་པའི་ཕྱོགས་ནས། ཚན་རྩལ་གྲུབ་འབྲས་གལ་ཆེན་སྤོ་སྒྱུར་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ཐོག་མར་བཏོན་ནས། དུས་ལྟར་མཉམ་འབྲེལ་གྲོས་ཚོགས་བསྡུ་བ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་དཀའ་གནད་དང་འགག་རྩ་ཐག་གཅོད་བྱེད་རྒྱུ་རེད།

བྱེད་ཐབས་དེ་བཏོན་པ་ནི། མཚོ་སྔོན་གྱི་ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་འགག་རྩ་སེལ་བ། ཆུ་ཚད་མཐོན་པོས་ཚན་རྩལ་རང་སྟོབས་རང་སྤེལ་ལ་རོགས་འདེགས་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།