མི་རིང་བའི་གོང་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ཁག་དང་པོའི་ཕྱོགས་སྡོམ་དང་། ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་ཐོག་ཁག་དང་པོའི་གཙོ་དོན་སློབ་གསོའི་ཕན་འབྲས་ཕྱོགས་སྡོམ་བྱས་པ་དང་ཁག་གཉིས་པའི་གཙོ་དོན་སློབ་གསོའི་ཐད་བཀོད་སྒྲིག་བྱས་ཡོད། ང་ཚོས་དམིགས་ཚད་རེའུ་མིག་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱས་ནས། དགོངས་པ་གལ་ཆེན་དེའི་ལག་ལེན་ཤུགས་ཆེན་དང་དེའི་ནང་ཚུད་པའི་གནས་ལུགས་ལ་གོ་བ་གཏིང་ཟབ་བླངས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཉམས་ཉེན་ལས་གོ་སྐབས་བཟང་པོར་འགྱུར་བ་དང་བབ་བསྟུན་ཅུའུ་ཡིས་གསར་པ་འཛུགས་པའི་རྒྱུ་མཚན་གཙོ་བོ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་སྟོབས་ཤུགས་དང་། ལག་ལེན་སྟོབས་ཤུགས། གསར་གཏོད་སྟོབས་ཤུགས་བཅས་ལ་བརྟེན་པ། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཡང་དག་ཆུད་པ་དང་། འགལ་བ་དང་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པའམ་ཡང་ན་བྱ་གཞག་གི་བཀོད་པ་རྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་། འཐབ་ཇུས་དང་བྱེད་ཐབས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་པ་གང་ཞིག་གི་ཐོག་ནས་ང་ཚོར་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ལས་མངོན་པའི་བསམ་བློའི་སྟོབས་ཤུགས་ཆེན་པོ་དང་བདེན་དོན་གྱི་འོད་ཟེར་མྱོང་ཚོར་ཟབ་མོ་བྱུང་ཡོད།
དུས་རབས་གསར་པའི་ལོ10ཡི་རིང་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི་བླང་བྱ་དང་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་གནང་བའི་འགྲོ་ལམ་བརྒྱུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་པ། མཚོ་སྔོན་གྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བཏང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་ལས་ང་ཚོས་རྒྱུན་ཆད་མེད་པར་ཞི་ཅིན་ཕིང་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དངོས་སྒྲུབ་འགན་ཁུར་བ། གནོན་ཤུགས་ཇེ་ཆེར་བཏང་ནས་མདུན་སྐྱོད་བྱེད་པ་བཅས་བྱས་ཚེ་གཞི་ནས། མཚོ་སྔོན་སྔར་ལས་ལྷག་པའི་འགོ་འཛུགས་ས་གསར་པའི་ཐོག་སྐྱོད་རྒྱུར་སྐུལ་འདེད་གཏོང་ཐུབ་པ་གཏིང་ཟབ་ཤེས་ཀྱི་ཡོད། དེས་ང་ཚོའི་ཡིད་ཆེས་སྔར་བས་ཇེ་ཆེར་ཕྱིན་པ་མ་ཟད། ང་ཚོའི་དམིགས་ཚད་དང་ཁ་ཕྱོགས་ཀྱང་སྔར་བས་ཁ་གསལ་དུ་ཕྱིན་ཡོད།
ལས་ལ་བརྩོན་ཞིང་ལས་ལ་བརྩོན་ན་ཐོག་མར་ཡོ་བྱད་ལ་ཕན་དགོས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་རྒྱུར་དམིགས་ཏེ་ང་ཚོས་གོ་སྐབས་བཟང་པོ་མང་པོ་མཐོང་ཐུབ་པ་བྱེད་དགོས་ལ་འཕྲད་པའི་ཉེན་ཁ་དང་འགྲན་སློང་མང་པོ་ཡང་མཐོང་ཐུབ་པ་བྱེད་དགོས། གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་བྱ་དགོས་བསམས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཁྲོད་ནས་ཐབས་ཤེས་དང་ཐབས་ལམ་འཚོལ་ཤེས་པ་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་རང་རེའི་ཏང་གིས་མར་ལེའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཤིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱུ་ནི་ནུས་པའི་རྨང་གཞི་དང་། བློ་སྦྱོང་གི་ཐབས་ལམ། བྱ་བ་སྒྲུབ་པའི་རྩ་བ་བཅས་བརྟན་པོ་འཛུགས་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་ཁོང་དུ་ཆུད་པ་བྱས་ནས་ཡང་ཡང་སྦྱོང་བ་དང་། གཏིང་ཟབ་ཏུ་སྦྱོང་བ། བརྒྱུད་རིམ་ལྡན་པར་སྦྱོང་བ། ཆོས་ཉིད་རྟོགས་པ་དང་ཁ་ཕྱོགས་གསལ་རྟོགས། བྱེད་ཐབས་སྦྱོང་བ། བློ་གྲོས་འཕེལ་བ་བཅས་བྱས་ནས་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་ཇེ་ཆེར་གཏོང་བ་དང་ཕུགས་བསམ་དད་སེམས་སྲ་བརྟན་དུ་བཏང་སྟེ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“སྣུམ་སྣོན་ས་ཚིགས་”སྒུལ་ཤུགས་འབྱུང་ཁུངས་ཤིག་ཏུ་འགྱུར་བ་བྱེད་དགོས། དངོས་ཡོད་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་སྐབས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ནས། དམིགས་སའི་རང་བཞིན་ཇེ་ཆེར་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ལག་ལེན་གྱི་གཞི་རྟེན་དུ་བྱས་ཏེ་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་། ཟམ་མི་ཆད་པར་ཇེ་མཐོར་་དང་ཚད་བརྒལ་ཟམ་མི་ཆད་པར་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གཏོད་པའི་མཉམ་ཤུགས་ཆེན་པོ་ཞིག་སྔར་བས་གཅིག་ཏུ་འགྲིལ་ཡོད།
དུས་རབས་ཀྱི་འཁོར་ལོ་ལང་ལོང་དུ་མདུན་དུ་བསྐྱོད་ཚེ། ལོ་རྒྱུས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་ལམ་གྲོགས་ཚོར་ལྟ་རྟོག་བྱེད་སྲིད། ང་ཚོས་དད་སེམས་བརྟན་པོ་བཅངས་ནས་སློབ་སྦྱོང་བྱེད་པ་དང་། ཤེས་བྱ་སློབ་གཉེར་གྱི་འདུན་པ་བཅངས་ནས་སློབ་སྦྱོང་བྱེད་པ། ལག་ལེན་གྱི་དགོས་མཁོ་དང་བསྟུན་ནས་སློབ་སྦྱོང་བྱེད་པ། སློབ་སྦྱོང་བྱས་པ་བརྒྱུད་བསམ་བློའི་སྟོབས་ཤུགས་ཆེན་པོ་སྔར་བས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།