གཟའ་འཁོར་འདི་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ཆར།    སློབ་གསོ་པུའུ་ཡིས《སློབ་ཕྱིའི་གསོ་སྦྱོང་སྲིད་འཛིན་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》ཁྱབ་བསྒྲགས་བྱས་པའི་ནང་སློབ་ཕྱིའི་གསོ་སྦྱོང་ལ་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་བཟོས་ཡོད།    དེའི་དམིགས་ཡུལ་ནི་སློབ་ཕྱིའི་གསོ་སྦྱོང་ལ་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བརྒྱབ་ནས་སློབ་ཕྱིའི་གསོ་སྦྱོང་དེ་སློབ་གྲྭའི་སློབ་གསོའི་དགེ་མཚན་ལྡན་པའི་ཁ་གསབ་ཏུ་འགྱུར་རྒྱུ་རེད།  《བྱེད་ཐབས》དེ2023ལོའི་ཟླ10པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།       

བྱེད་ཐབས་ནང་སློབ་ཕྱིའི་གསོ་སྦྱོང་སྲིད་འཛིན་ཆད་གཅོད་ཀྱི་སྤྱིའི་བླང་བྱ་བཏོན་ཡོད།     གཏན་འབེབས་སྤྱོད་ཡུལ་ནི་སྤྱི་ཚོགས་ལ་ཁ་ཕྱོགས་ནས་ལོ3ཡན་གྱི་སློབ་ཞུགས་གོང་གི་བྱིས་པ་དང་།    སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་།    ཁྲིམས་འགལ་ངང་སློབ་ཕྱིའི་གསོ་སྦྱོང་བྱེད་མཁན་གྱི་རང་བྱུང་མི་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་བཅས་ཡིན།     སློབ་ཕྱིའི་གསོ་སྦྱོང་ལ་སྲིད་འཛིན་ཆད་གཅོད་བྱེད་སྐབས་གཞུང་དྲང་དང་ཡོངས་བསྒྲགས་ཀྱི་རྩ་དོན་བརྩི་སྲུང་བྱས་ནས་ཆད་གཅོད་དང་། སློབ་གསོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་བྱུང་མི་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་ལ་རང་རྟོགས་ངང་ཁྲིམས་སྲུང་བྱ་རྒྱུའི་ཁྲིད་སྟོན། སློབ་ཕྱིའི་གསོ་སྦྱོང་གི་ཁྲིམས་འགལ་བྱ་སྤྱོད་ལ་ཐུན་མོང་ཐོག་བཀག་འགོག་བཅས་བྱས་ནས། སློབ་མ་འཚར་ལོངས་ཡག་པོ་དང་འཇོན་ཐང་ཅན་དུ་འགྱུར་བ་ལ་ཕན་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་ཡོད།     

བྱེད་ཐབས་ནང་ལག་བསྟར་ལས་ཁུངས་དང་བདག་སྐྱོང་དབང་ཆའི་ཚད་བཀག་ཁ་གསལ་བཟོས་ཡོད།     སློབ་ཕྱིའི་གསོ་སྦྱོང་སྲིད་འཛིན་ཆད་གཅོད་དེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་ཕྱིའི་གསོ་སྦྱོང་གཙོ་གཉེར་སྡེ་ཚན་གྱིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་དབང་ཆའི་ཚད་ལ་གཞིགས་ནས་ལག་བསྟར་བྱ་རྒྱུ་དང་།   ཡུལ་དངོས་དང་།    དྲ་ཐོག་དང་སློབ་ཕྱིའི་གསོ་སྦྱོང་ཁོངས་སོ་སོའི་གཏོགས་ལ་དམིགས་ནས་གཏན་འབེབས་བྱ་རྒྱུ་རེད།     དུས་མཚུངས་སུ།    ཀྲུང་དབྱང་གི《“གཉིས་འཕྲིའི”བསམ་འཆར》གྱི་དགོངས་དོན་གཞིར་བཟུང་།    འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་སོ་སོའི་འགན་འཁྲི་གཞིར་བཟུང་སློབ་ཕྱིའི་གསོ་སྦྱོང་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད།     

ཁྲིམས་འགལ་གྱི་གནས་ཚུལ་དང་ཁྲིམས་འབྲེལ་འགན་འཁྲིའི་སྐོར་ཡང་གཏན་འབེབས་གསལ་པོ་བྱས་ཡོད།     སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་དང་དམངས་གཉེར་སློབ་གསོར་སྐུལ་སྤེལ་གཏོང་བའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་གོང་མ་དང་སྒྲིག་སྲོལ་ཁྲིམས་འཛུགས་ཀྱི་དབང་ཚད་ལ་གཞིགས་ནས། རང་དགར་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་འཛུགས་པ་དང་།    རང་དགར་ངང་རིག་ཚན་རིགས་ཀྱི་མངོན་མེད་གཞན་འགྱུར་གྱི་གསོ་སྦྱོང་བྱེད་པ།  རང་དགར་གྱིས་སྤྱི་ཚོགས་ཀྱི་རང་བཞིན་ལྡན་པའི་འགྲན་སྡུར་སྤེལ་བ།    བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ།    རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་དང་འགལ་ནས་གསོ་སྦྱོང་བྱེད་སྒོ་སྤེལ་བ་སོགས་ཁྲིམས་འགལ་གྱི་གནས་ཚུལ་དང་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་པོ་བཟོས་ཡོད།     

ཆད་པ་གཅོད་པའི་གོ་རིམ་ཁ་གསལ་བཟོས་ཏེ་ཁྲིམས་འཛིན་ཆུ་ཚད་ཇེ་མཐོར་གཏོང་དགོས།     སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་སོགས་གོང་གི་བཅའ་ཁྲིམས་ལ་སྦྱར་བར་དོ་སྣང་དང་།    སློབ་ཕྱིའི་གསོ་སྦྱོང་དང་ཁྲིམས་འཛིན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།    གྱོད་དོན་ཐོ་འགོད་དང་གྱོད་ཐག་གཅོད་པའི་ཚད་གཞི་དང་།    བརྟག་དཔྱད་ཀྱི་འགན་དབང་།    ཁུངས་སྐྱེལ་དག་འབུད་ཤེས་སུ་འཇུག་པའི་གནས་ཚུལ།    ཁྲིམས་འགལ་ཐོབ་ཆ་ངོས་འཛིན་གྱི་ཚད་གཞི་སོགས་ཁ་གསལ་བཟོས་ནས་ནུས་ཤུགས་ཡོད་རྒུས་སློབ་ཕྱིའི་གསོ་སྦྱོང་དང་ཁྲིམས་འཛིན་བྱ་སྤྱོད་ཤུགས་ཆེན་པོས་ཚད་ལྡན་དུ་གཏང་དགོས།    

སློབ་ཕྱིའི་གསོ་སྦྱོང་གཙོ་གཉེར་སྡེ་ཚན་གྱིས་ཁྲིམས་འཛིན་ལྟ་སྐུལ་ལམ་ལུགས་བཙུགས་ནས་ཁྲིམས་འཛིན་འགན་འཁྲི་ནན་པོ་བསྒྲུབས་ཏེ་སློབ་ཕྱིའི་གསོ་སྦྱོང་ཁྲིམས་འཛིན་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས།     སྒོ་བྱང་བཀལ་ནས་སྐུལ་སྒྲུབ་ལམ་སྲོལ་དང་།    ཡོངས་བསྒྲགས་བརྡ་ཁྱབ་ལམ་སྲོལ།    བསྡོམས་རྩིས་སྙན་ཞུའི་ལམ་སྲོལ།    འགན་འཁྲི་བདའ་འདེད་ལམ་སྲོལ་བཅས་བཙུགས་ནས། ཆད་པ་གཅོད་པའི་བརྒྱུད་རིམ་ནང་གང་འདོད་དུ་སྤྱོད་པ་དང་འགན་དབང་ལས་བརྒལ་བ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏང་དགོས་ལ། ཁྲིམས་འཛིན་ལས་ཁུངས་ཀྱིས་འགན་འཁྲི་ཧུར་ཐག་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས་སློབ་ཕྱིའི་གསོ་སྦྱོང་ཁྲོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ནན་པོ་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་དངོས་ལྟར་ལག་བསྟར་བྱས་ནས་སྙིང་རུས་གཏན་འཁེལ“གཉིས་འཕྲིའི”སྲིད་ཇུས་ལག་བསྟར་བྱ་རྒྱུར་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།  

རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་རྣམ་པ་གཞན་གྱི་སྒོ་ནས་སྤེལ་བར་བཀག་འགོག་བྱ་རྒྱུ་རེད།

བྱེད་ཐབས་དེའི་དོན་ཚན་བཅོ་བརྒྱད་པའི་ནང“རྣམ་པ་གཞན་གྱི་སྒོ་ནས་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྤེལ”བར་བཀག་འགོག་བྱ་རྒྱུ་ཁ་གསལ་བཟོས་ཡོད་པ་སྟེ།     

དུས་ཐོག་འཕྲིན་གཏོང་དང་།    དྲ་རྒྱའི་གྲོས་ཚོགས།    ཐད་གཏོང་སྟེགས་བུ་སོགས་ཀྱི་བྱེད་ཐབས་བརྒྱུད་རིན་ཡོད་ཀྱི་སློབ་ཕྱིའི་གསོ་སྦྱོང་སྤེལ་བའི་རིགས།     

གྲོང་མིའི་ཐོག་ཁང་དང་།    ཨར་ཁང་།    ཚིག་ཇ་ཁང་སོགས་ལ་རིན་ཡོད་པའི“དགེ་རྒན་གཅིག་གིས་སློབ་མ་གཅིག་ལ་ཁྲིད་པ”དང“དགེ་རྒན་གཅིག་གིས་སློབ་མ་མང་པོར་ཁྲིད་པ”སོགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་འཛུགས་བྱེད་པའི་རིགས།     

བློ་འདྲི་དང་།    རིག་གནས་ཁྱབ་སྤེལ།    བྱང་ཚད་རྒྱ་སྐྱེད།    འགྲན་སྡུར།    བསམ་གཞིགས་སྦྱོང་བརྡར།    ཁྱིམ་ལས་ཞབས་ཞུ།    ཁྱིམ་ཚང་གི་སློབ་གསོའི་ཁྲིད་སྟོན།    ཁྱིམ་སྡོད་དགེ་རྒན།    མི་མང་གྲབས་གསོག་དང་སྒེར་གྱི་སློབ་ཁྲིད།    ཡུལ་སྐོར་སློབ་སྦྱོང་།    སློབ་སྦྱོང་ཞིབ་འཇུག   དགུན་དུས་ཀྱི་དབྱར་སྒར།    ཚབ་གཉོར་སོགས་ཀྱི་མིང་རིན་ཡོད་ཀྱིས་སློབ་ཕྱིའི་གསོ་སྦྱོང་སྤེལ་བའི་རིགས།     

གོང་གསལ་བྱ་སྤྱོད་ལས་རིགས་གཅིག་ཡོད་ན།    དེ་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་ཕྱིའི་གསོ་སྦྱོང་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གཞན་དག་དང་མཉམ་དུ་དེར་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་།  བསྡུས་པའི་གྲོན་དངུལ་རྣམས་ཕྱིར་སློག་ཏུ་འཇུག་རྒྱུ་དང་།   ཉེན་བརྡ་གཏོང་བའམ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་ཏེ།         ཉེས་ཚབས་ཆེ་རིགས་ལ་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ།     ཉེས་ཚབས་ཤིན་ཏུ་ཆེ་རིགས་ལ་སྒོར་ཁྲི5ཡན་ནས་སྒོར་ཁྲི10མན་གྱི་དངུལ་ཆད་གཅད་རྒྱུའོ། །     

སློབ་གྲྭ་ཆུང་འབྲིང་གི་ལས་ཐོག་དགེ་རྒན་རིག་ཚན་གསོ་སྦྱོང་དུ་ཞུགས་ཚེ་ཆད་པ་ལྕི་མོ་གཅད་རྒྱུ།    

བྱེད་ཐབས་ཀྱི་དོན་ཚན་བཅུ་དྲུག་པའི་ནང་བཅའ་ཁྲིམས་ལྟར་ཉེས་ཆད་ལྕི་མོ་གཅོད་པའི་གནས་ཚུལ་ཁ་གསལ་བཟོས་ཡོད།     དེའི་ནང་སློབ་གྲྭ་ཆུང་འབྲིང་གི་ལས་ཐོག་དགེ་རྒན་ཡིན་ལ་དེའི་གསོ་སྦྱོང་གི་ནང་དོན་ནི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ཡིན་པའི་རིགས་དང་།  སློབ་ཕྱིའི་གསོ་སྦྱོང་གི་ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་བྱས་རྗེས་ཀྱི་ལོ་གཉིས་ནང་ཡང་བསྐྱར་སློབ་ཕྱིའི་གསོ་སྦྱོང་ལ་ཞུགས་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་རིགས།     སྲིད་འཛིན་ཁྲིམས་འཛིན་མི་སྣས་ཁྲིམས་འཛིན་བྱེད་པར་དང་ལེན་མི་བྱེད་པའི་རིགས།    བཀག་འགོག་བྱེད་པའམ་ཡང་ན་དྲག་ཤུགས་ཀྱིས་འཇིགས་སྐུལ་བྱེད་པའི་རིགས་སོགས་འདུའོ། །    

སློབ་ཕྱིའི་གསོ་སྦྱོང་ཁྲོད་ཀྱི་ཁྲིམས་འགལ་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ་ཇི་ལྟར་ཐེར་འདོན་བྱ་དགོས།     

མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་ཐེར་འདོན་ནི་སློབ་ཕྱིའི་གསོ་སྦྱོང་ཁྲོད་ཀྱི་ཁྲིམས་འགལ་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཁྲིམས་ལྟར་སློབ་ཕྱིའི་གསོ་སྦྱོང་བཅོས་སྒྲིག་ལ་ཡང་ནུས་པ་གལ་ཆེན་ལྡན་པས།     མི་དམངས་མང་ཚོགས་ཀྱིས་དོན་དངོས་ཇི་བཞིན་ལྟ་སྐུལ་དང་ཐེར་འདོན་བྱ་རྒྱུར་དགའ་བསུ་ཡོད།     གལ་ཏེ་ཁྲིམས་འགལ་ངང་གསོ་སྦྱོང་བྱས་པའི་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་ཐུབ་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དྲ་སྦྲེལ་+ལྟ་སྐུལ”དང་།    སློབ་གསོ་པུའུ་ཡི་གཞུང་ཕྱོགས་དྲ་བ།    “ཀྲུང་གོའི་སློབ་གསོ་ལྟ་སྐུལ”བཅས་ཀྱི་སྐད་འཕྲིན་སྤྱི་རྟགས་དང་དེ་བཞིན་ས་གནས་ཁག་གིས་བཙུགས་པའི་ལྟ་སྐུལ་ཐེར་འདོན་ཐབས་ལམ་བརྒྱུད་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བྱ་ཆོག    གལ་ཏེ་ཁྲིམས་འགལ་སྒྲིག་འགལ་གྱིས་གྲོན་དངུལ་ཕྱིར་སློག་དང་ཕྱིར་བསྡུ་སོགས་དཔལ་འབྱོར་རྩོད་གཞིའི་གནད་དོན་དང་འབྲེལ་བ་ཡོད་ཚེ། རྒྱལ་ཡོངས་ཀྱི12315ལས་སྟེགས་བརྒྱུད་དེ་ཞུ་གཏུག་ཐེར་འདོན་བྱ་ཆོག་པར་མ་ཟད། ས་གནས་དེའི་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ལ་ཞུ་གཏུག་བྱ་ཆོག་པས།  མཉམ་འགོག་མཉམ་བཅོས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། སློབ་མ་དང་དེ་བཞིན་ཁྱིམ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།

གཡང་སྐྱིད་ཀྱིས་བསྒྱུར། 

རྩོམ་སྒྲིག་པ། ཨ་གཡང་སྐྱིད།