མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་དོ་དམ་ཁོངས་གཏོགས་ཀྱིས་རོགས་སྐྱོབ་གྱོད་གཞི750ལྷག་འདུན་ཞུ་བྱས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།
སྤེལ་དུས། 2023-09-06 16:54:45
ཟླ9པའི་ཚེས4ཉིན་གསར་འགོད་པས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར། 2021ལོའི་ཟླ9པར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དོ་དམ་མ་ལག་བཙུགས་པ་ནས་བཟུང་རིམ་རྩིས་བྱས་ན་མ་ལག་དེ་བརྒྱུད་ནས་རོགས་སྐྱོབ་གྱོད་གཞི750ལྷག་འདུན་ཞུ་བྱས་པ་དང་། བསྡོམས་པའི་མི1936ལ་རོགས་སྐྱོབ་ཟིན་པས་ཁྲིམས་འཛིན་གྱི“དྲོད་ཚད”དང“མྱུར་ཚད”གང་ལེགས་མཚོན་ཡོད།
རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་སྤེལ་ཚེ་ཁྲིམས་འཛིན་རོགས་སྐྱོབ་རེ་འདུན་ཞུ་མཁན་གྱི་འཕྲལ་སྡོམ་དཀའ་ངལ་དངོས་ནུས་ལྡན་ངང་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད། ཏང་དང་སྲིད་གཞུང་གི་དམངས་ཚིས་ལ་ཐུགས་ཁུར་གནང་བར་་མངོན་པ་མ་ཟད། སྤྱི་ཚོགས་དྲང་གཞག་དང་དྲང་བདེན་སྔར་བས་མངོན་འགྱུར་ཡོང་རྒྱུར་ཡང་ཕན་པ་ཡོད། ཁྲིམས་འཛིན་རོགས་སྐྱོབ་ཆ་འཕྲིན་ཅན་དང་། རིག་ནུས་ཅན། ཕྱི་གསལ་ནང་གསལ་ཅན་བཅས་ལ་སྐུལ་འདེད་བཏང་ནས་རོགས་སྐྱོབ་ཀྱི་ལས་ཕྱོད་ཇེ་ཆེར་གཏང་ཆེད། 2021ལོའི་ཟླ་དགུ་པར་ཞིང་ཆེན་ཏང་ཨུའི་་སྲིད་ཁྲིམས་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་དོ་དམ་མ་ལག་སྒྲིག་འཛུགས་དང་ཞིབ་འཇུག་གསར་སྤེལ་བྱས་པ་དང་། མ་ལག་དེས་སྲིད་ཁྲིམས་ཚན་པ་ཁག་བར་གྱི་ཆ་འཕྲིན་བཀག་རྒྱ་གཏོར་བ་དང་། སྲིད་ཁྲིམས་ཨུ་ལྷན་དང་། སྤྱི་བདེ། ཞིབ་དཔྱོད་ཁང་། ཁྲིམས་ཁང་སོགས་སྲིད་ཁྲིམས་ཚན་པར་འཕྲེད་ཕྱོགས་ནས་ཞིང་ཆེན་དང་། གྲོང་ཁྱེར། ཆུས་དང་རྫོང་བཅས་རིམ་པ་མང་བའི་སྲིད་ཁྲིམས་ཚན་པར་ཁྱབ་ཡོད། དེའི་ལས་སྒོའི་ནང་རྒྱལ་ཁབ་ཁྲིམས་འཛིན་གྱི་རོགས་སྐྱོབ་དངུལ་གྱི་འདུན་ཞུ་དང་། ཞིབ་བཤེར། སྤྲོད་པ། ལྟ་སྐུལ་སོགས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང“མང་ཚོགས་ཀྱི་དཀའ་སྡུག”དང“ཁྲིམས་འཛིན་གྱི་དགའ་གཅེས”བར་ཆ་འཕྲིན་ཅན་གྱི་འབྲེལ་ཟམ་བཙུགས་ནས་ཁྲིམས་འཛིན་གྱི་རོགས་སྐྱོབ་ལས་དོན་དེ་ཆ་འཕྲིན་ཅན་དང་དེང་རབས་ཅན་དུ་གྱུར་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མ་ལག་དེར་དྲ་ཐོག་ནས་ཞིབ་མཆན་བཀོད་དེ་སྲོལ་རྒྱུན་གྱི་ཤོག་རིགས་རྒྱུ་ཆ་འདུན་ཞུ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་ནང་གི་ཟད་གྲོན་ཆེ་བ་དང་། འགྲོ་ལུགས་རྙོག་འཛིང་ཆེ་བ། དུས་ནུས་རང་བཞིན་ཞན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་རོགས་སྐྱོབ་དང་སྒྲུབ་གཉེར་དེ་བས་སྟབས་བདེ་རུ་ཕྱིན་པ་དང་། ཚན་རིག་རོགས་སྐྱོབ་ཀྱི་ཚད་ལེན་ཞིབ་རྩིས་མངོན་འགྱུར་བྱུང་ནས་རོགས་སྐྱོབ་ཚད་གཞི་སྔར་བས་གཅིག་གྱུར་བྱུང་ནས་སྲོལ་རྒྱུན་གྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ཁྲོད་རོགས་སྐྱོབ་དངུལ་འབོར་མི་ཐབས་ལ་བརྟེན་ནས་དུས་ཚོད་དང་དུས་ཚོད་ཆུད་ཟོས་དང་ནོར་འཁྲུལ་ཐོན་སླ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་ལུས་པའི་གནས་ཚུལ་ཐོན་པ་དེས་རོགས་སྐྱོབ་བརྒྱུད་རིམ་དེ་བས་ཁ་གསལ་དུ་ཕྱིན་ནས་སྲོལ་རྒྱུན་གྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ཁྲོད་ཀྱི་སྲོག་སྐྱོབ་མ་དངུལ་སྤྱོད་རྒྱུ་དང་སྤྲོད་རྒྱུ་ཁ་གསལ་མེད་པ་མ་ཟད། རྗེས་འདེད་ནུས་ལྡན་ངང་བདའ་འདེད་གཏོང་རྒྱུར་ལམ་སྲོལ་མེད་པའི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།
ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་མ་ལག་དེ་སྤྱོད་འགོ་ཚུགས་པ་བརྒྱུད་གྱོད་གཞི་བདག་སྤྲོད་གཅིག་གྱུར་དང་། རོགས་སྐྱོབ་ཀྱི་ཁྱབ་ཁོངས་གཅིག་གྱུར། འགྲོ་གྲོན་འགན་ལེན་གཅིག་གྱུར། མ་དངུལ་གཏོང་སྤྲོད་གཅིག་གྱུར་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལམ་ཐིག་ཐོག་སྒོ་རྒྱག་དོ་དམ་ཆགས་ནས་རྗེས་ཤུལ་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཡོད་ཅེས་བཤད་པ་རེད། རིག་ནུས་ཐོག་ནས་ཞིབ་བཤེར་བསྐྱར་མ་དང་། རོགས་སྐྱོབ་མ་དངུལ་རིག་ནུས་ཚོད་རྩིས། ཡིག་ཐོག་སྙན་ཞུ་དང་དཔྱད་ཡིག་མཉམ་དུ་ཞིབ་དཔྱད་སོགས་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་སྒོར་བརྒྱུད་རིམ་ཧྲིལ་པོར་རིག་ནུས་རམ་འདེགས་བཀོལ་སྤྱོད་མཁོ་འདོན་བྱས་པ་དེས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ལས་ཀའི་ཁུར་པོ་ཡང་དུ་ཆེས་ཆེར་ཕྱིན་ནས་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་གྱི་དུས་ཐོག་རང་བཞིན་དང་། གནད་སྨིན་རང་བཞིན། ཕན་འབྲས་རང་བཞིན་བཅས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།