ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་དོན་གསལ་བསྒྲགས། སྡེ་ཁག་རིམ་པ།
སྡེ་ཁག་གཉིས་ཀྱིས་མྱུར་མོར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་དྲུག་བཏང་ནས་པེ་ཅིང་དང་ཐེན་ཅིན། ཧི་པེ། ཧེ་ལུང་ཅང་། ཅིས་ལིན་བཅས་ཀྱི་འབྲུབ་འགོག་གནོད་སེལ་ལ་རྒྱབ་སྐྱོར་བྱས།
ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-08-12 10:38:26

གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་དང་དེ་བཞིན་བྱང་ཤར་ས་ཁུལ་དུ་དྲག་ཆར་བསྟུད་མུར་བབས་ནས་ཆུ་ལོག་གི་གནོད་པ་ཚབས་ཆེན་བྱུང་བར་དམིགས་ཏེ། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། ཀྲུང་དབྱང་གི་རང་བྱུང་གནོད་སེལ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་དྲུག་བཏང་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་དང་དེ་བཞིན་ཧེ་ལུང་ཅང་དང་ཅིས་ལིན་གྱི་འབྲུབ་འགོག་གནོད་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཡག་པོ་བྱེད་པ་དང་། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་མགྱོགས་མྱུར་ངང་སླར་གསོ་ཡོང་བར་བྱེད་པ། སྡོད་ཁང་བསྐྱར་སྐྲུན་སོགས་ཀྱི་ལས་དོན་ཐད་བཀོལ་ནས། གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་འགན་ལེན་བྱས།

ཆུ་ལོག་གི་གནོད་པ་བྱུང་བ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་འབྲུག་འགོག་གནོད་སེལ་ཐད་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བདུན་བྱེ་བ་གསུམ་ས་ཡ་བརྒྱད་བཏང་ཡོད་ཅིང་། དེའི་ཁྲོད་པེ་ཅིང་དང་ཐེན་ཅིན། ཧི་པེ། ཧེ་ལུང་ཅང་། ཅིས་ལིན་བཅས་སུ་མ་དངུལ་སྒོར་ཐེར་འབུམ་ལྔ་དང་བྱེ་བ་བརྒྱད་ས་ཡ་དགུ་བཏང་ནས། གནོད་ཐེབས་ས་ཁུལ་གྱི་འཕྲལ་སྡོམ་མྱུར་སྐྱོབ་རོགས་སྐྱོབ་དང་། གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱེད་པ། ཞིང་ལས་ཐོན་སྐྱེད་སླར་གསོ་བྱེད་པ། གཏོར་སྐྱོན་བཟོས་པའི་ཆུ་བེད་སྒྲིག་ཆས་ཞིག་གསོ་བྱེད་པ། གཏོར་སྐྱོན་བཟོས་པའི་གཞུང་ལམ་ཞིག་གསོ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་བྱས།

ནོར་སྲིད་པུའུ་ཡིས་ཞིང་ཆེན་རིམ་པའི་ནོར་སྲིད་སྡེ་ཁག་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་དུས་ཐོག་ཏུ་གཤམ་སྤྲོད་བྱས་ནས། མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། མ་དངུལ་གྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་གལ་འགངས་ཆེ་ཤོས་སུ་བརྩིས་ནས། འབྲུབ་འགོག་གནོད་སེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
སྡེ་ཁག་གཉིས་ཀྱིས་མྱུར་མོར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་དྲུག་བཏང་ནས་པེ་ཅིང་དང་ཐེན་ཅིན། ཧི་པེ། ཧེ་ལུང་ཅང་། ཅིས་ལིན་བཅས་ཀྱི་འབྲུབ་འགོག་གནོད་སེལ་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།