ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་དོན་གསལ་བསྒྲགས། སྡེ་ཁག་རིམ་པ།
ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ(སྡེ་ཁུལ)ཏང་ཡོན་གྱི་ཡིག་ཚགས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཨ་གཡང་སྐྱིད།  
སྤེལ་དུས། 2023-08-09 17:11:00

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།     དུས་རབས་གསར་པའི་ཏང་ཡོན་འཕེལ་རྒྱས་དང་ཏང་ཡོན་དོ་དམ་ལས་དོན་གྱི་དགོས་མཁོ་དང་འཚམ་པ་བྱས་ནས་གྲོང་གསེབ(སྡེ་ཁུལ)ཀྱི་ཏང་ཡོན་ཡིག་ཚགས་དོ་དམ་ལས་དོན་ལ་ཤུགས་སྣོན་ནུས་ལྡན་བྱས་ཆེད།    ཉེ་ཆར་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ(སྡེ་ཁུལ)ཏང་ཡོན་ཡིག་ཚགས་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ་བསྡུས་མིང་ལ《དོ་དམ་བྱེད་ཐབས》ཞེས་བརྗོད་རྒྱུ)བཟོས་ནས་པར་འགྲེམས་བྱས།     

《དོ་དམ་བྱ་ཐབས》ནང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ལ་གཞིགས་ནས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་གྱི་ཡིག་ཚགས་དོ་དམ་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། གྲོང་གསེབ(སྡེ་ཁུལ)ཀྱི་ཏང་ཡོན་གྱི་ཡིག་ཚགས“ཁང་གཅིག་ལ་སྒམ་ཆུང་གཅིག”གི་གཞི་རྩའི་མཁྲེགས་ཆས་འཛུགས་སྐྲུན་གྱི་བླང་བྱ་ལྟར།“སུས་སྐྲུན་པ་དང་།    ཇི་ལྟར་འཛུགས་པ།    ཇི་ལྟར་དོ་དམ་བྱེད་པ”བཅས་ལ་དམིགས་ནས་གཏན་འབེབས་ཁ་གསལ་བྱས་པ་དང་ཁྱོན་ཁག་བདུན་དང་དོན་ཚན་27ཡོད།     གྲོང་གསེབ་(སྡེ་ཁུལ)ཏང་ཡོན་གྱི་ཡིག་ཚགས་ཁང་དང་།    ཡིག་ཚགས་ཁང་།    ཡིག་ཚགས་སྒམ་བཅས་ཀྱི་གཞི་རྩའི་འཛུགས་སྐྲུན་ཚད་གཞི་ཁ་གསལ་བཟོས་པ་དང་།    གྲོང་གསེབ(སྡེ་ཁུལ)ཏང་ཡོན་གྱི་ཡིག་ཚགས་ནང་ཚུད་དགོས་པའི་དཔྱད་ཡིག་གི་རིགས་དང་ཞིབ་ཕྲའི་ནང་དོན་ཚད་ལྡན་དུ་བཏང་བ།    གྲོང་གསེབ(སྡེ་ཁུལ)ཏང་ཡོན་གྱི་ཡིག་ཚགས་བརྒྱུད་སྤྲོད་བྱེད་པའི་བརྒྱུད་རིམ་ནང་ཞིབ་བཤེར་གོ་རིམ་ཐད་ཞིབ་ཕྲའི་ལས་ཀའི་བླང་བྱ་བཏོན་པ་མ་ཟད།    རིམ་ཁག་རྩ་འཛུགས་སྡེ་ཚན་དང་།    ཤང་གྲོང་རྡལ(ཁྲོམ་གཞུང)ཏང་ཁང(ལས་དོན)ཏང་ཨུ།    གྲོང་ཚོང(སྡེ་ཁུལ)བཅས་ཀྱི་ཏང་རྩ་འཛུགས་ཀྱི་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་བླང་བྱ་ཁ་གསལ་བཏོན་ཡོད།     《དོ་དམ་བྱེད་ཐབས》བཏོན་པ་དེས་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ(སྡེ་ཁུལ)ཀྱི་ཏང་ཡོན་ཡིག་ཚགས་དོ་དམ་དང་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་དོན་སྔར་བས་ཚད་ལྡན་དང་།    ཞིབ་ཚགས།    ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།     

གཡང་སྐྱིད་ཀྱིས་བསྒྱུར། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཞིང་ཆེན་ཨུ་ལྷན་རྩ་འཛུགས་པུའུ་ཡིས《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ(སྡེ་ཁུལ)ཏང་ཡོན་གྱི་ཡིག་ཚགས་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།