སྤྱི་བདེ་ལས་ཁུངས་ཀྱིས་ཞབས་ཞུ་འགན་ལེན་སྤུས་ལེགས་སྒོས་འཕེལ་རྒྱས་གཏོང་བའི་བྱ་ཐབས་འགའ་ཁྱབ་སྒྲོག་བྱས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-08-04 10:20:42
ཟླ་8ཚེས་3ཉིན་སྤྱི་བདེ་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྤྱི་བདེ་ལས་ཁུངས་ཀྱི་ཞབས་ཞུ་འགན་ལེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་ཐབས་འགའ་ཞིག་ཁྱབ་བསྒྲགས་དང་ཞིབ་འཇུག་བྱས་ནས་བཟོས་པ་རེད།དེའི་ནང་གྲོང་གསེབ་མང་ཚོགས་ཀྱིས་འགྲིམ་འགྲུལ་དོ་དམ་གྱི་བྱང་བུ་དང་ལག་ཁྱེར་རེ་ཞུ་བྱེད་པར་སྟབས་བདེ་བསྐྲུན་པ་དང་།ཚོད་ལྟའི་ལག་ཁྱེར་གྱི་པར་རིས“གཅིག་མཉམ་སྤྱོད་དང་།ལག་ཁྱེར་གཅིག་གིས་ཐུན་མོང་དུ་སྤྱོད་པ།”ཚོད་ལྟའི་བྱིས་པ་དུད་ཚང་དུ་སྐྱོད་པ་སོགས་ཀྱི་འགུལ་ཚད་མང་བའི་དོན་ཚན་གྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ཏུ་གཉེར་བ།ཕྱི་རྒྱལ་བས་གནས་སྡོད་ལག་ཁྱེར་རེ་ཞུ་བྱས་ནས་ལམ་ཡིག་ཉར་མི་དགོས་པ་སོགས་ཀྱི་བྱ་ཐབས་ཁག་26ཚུད་ཡོད།
1. སྲིད་འཛིན་བཀའ་འཁྲོལ་དོན་ཚན་གྱི་ཞིབ་ཐོ་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས།གསལ་ཐོའི་ནང་གི་སྤྱི་བདེའི་སྲིད་འཛིན་ཆོག་འཐུས་དོན་ཚན་ལ་ཆོག་འཐུས་ཆ་རྐྱེན་དང་།རེ་ཞུའི་རྒྱུ་ཆ།ཞིབ་མཆན་འགོད་པའི་གོ་རིམ།ཞིབ་མཆན་འགོད་པའི་དུས་བཀག་བཅས་རེ་རེ་བཞིན་ཁ་གསལ་བཟོས་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་དོན་ཚན་གཅིག་མཚུངས་ས་ཁུལ་དང་རིམ་པ་མི་འདྲ་བར་རྒྱུ་རྐྱེན་གཅིག་མཚུངས་ཀྱི་དོ་དམ་དང་ཚད་གཞི་གཅིག་མཚུངས་ཀྱིས་སྒྲུབ་གཉེར་བྱེད་ཐུབ་པ་བྱས་ནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས།
2. མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།རྒྱུན་སྡོད་བྱ་ཡུལ་གྱི་ཐེམ་ཐོ་ཐོ་འགོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།གཞིས་ཆགས་ཆ་རྐྱེན་སྔར་བས་ལྷུག་ཏུ་གཏོང་བ་དང་གཞིས་ཆགས་ཚད་གཞི་དམའ་རུ་གཏོང་བ།གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་འཚོ་བ་བརྟན་པོ་སྐྱེལ་ནུས་ཡོད་པའི་ཞིང་ལས་སྤོ་སྒྱུར་མི་འབོར་ཁྱིམ་ཚང་ཡོངས་ནས་གྲོང་ཁྱེར་དུ་གཞིས་ཆགས་པར་སྐུལ་འདེད་གཏོང་དགོས།གྲོང་ཁྱེར་ཆེན་པོ་དང་ཆེས་ཆེ་བའི་གཞིས་ཆགས་སྲིད་ཇུས་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་།སྐར་བསགས་གཞིས་ཆགས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།གྲོང་ཁྱེར་དུ་ཡོང་བའི་ངལ་རྩོལ་པ་དཀྱུས་མའི་གཞིས་ཆགས་གནད་དོན་སྔར་ལས་ལེགས་པར་ཐག་གཅོད་བྱ་དགོས།མཉམ་སྡེབ་དུད་ཚང་འཛུགས་པའི་ཆ་རྐྱེན་སྔར་བས་ལྷུག་ཏུ་གཏོང་བ་དང་།ཆ་རྐྱེན་འཛོམས་པའི་ས་གནས་སུ་ཤེས་ལྡན་མི་སྣའི་ཚོང་ར་དང་ཀུན་གཏོད་བར་སྟོང་སོགས་སྡེ་ཁག་གིས་མཉམ་སྡེབ་དུད་ཚང་འཛུགས་པའི་ཚོད་འཛིན་མེད་པར་བཟོ་བར་སྐུལ་མ་གཏོང་བ།ཤང་གྲོང་(ཁྲོམ་གཞུང)ངམ་ཡང་ན་གྲོང་ཚོ(སྡེ་ཁུལ)ལ་སྤྱི་པའི་མཉམ་སྡེབ་དུད་ཚང་འཛུགས་པ་ཁྱབ་སྤེལ་བཏང་ནས་མི་སྣ་སྣ་ཚོགས་གཞིས་ཆགས་བྱེད་པར་སྟབས་བདེ་བསྐྲུན་དགོས།
3. ཐེམ་ཐོ་གྲོང་ཁྱེར་གཅིག་མཚུངས་ཅན་དུ་འགྱུར་བར་འཚོལ་ཞིབ་བྱ་དགོས།ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་ཁུལ་ལམ་གྲོང་ཁྱེར་ཁྱུ་ཚོགས་ཀྱིས་ཐེམ་ཐོའི་འཇུག་འཐུས་ལོ་ཚད་གྲོང་ཁྱེར་གཅིག་མཚུངས་ཅན་དུ་རིམ་རྩིས་བྱས་ན་ཕན་ཚུན་ཁས་ལེན་དང་གནས་སྡོད་ལག་ཁྱེར་ཕན་ཚུན་ཁས་ལེན་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
4. སྐབས་བསྟུན་གཞིས་ཆགས་སྲིད་ཇུས་ཚོད་ལྟ་ལག་བསྟར་བྱེད་དགོས།སྐྱེ་ཁུངས་གྲོང་གསེབ་ནས་ཡིན་པའི་སློབ་ཆེན་སློབ་མ་དང་།ཚན་རྩལ་ཤེས་ལྡན་མི་སྣ།དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་བཅས་དོན་དངོས་སུ་སྡོད་པ་དང་ལས་ཞུགས་ལས་གཏོད་སོགས་ཀྱི་རྐྱེན་གྱིས་གཞིས་ཆགས་རྒྱུའི་རེ་ཞུ་བྱས་རིགས་སྐྱེས་ཡུལ་ལམ་ཡང་ན་ལས་ཞུགས་ལས་གཏོད་བྱ་ཡུལ་དུ་སྤོས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་ཆོག
5. ཕྱི་རྒྱལ་གྱི་ཚོང་དོན་མི་སྣ་ཀྲུང་གོར་འགག་སྒོའི་ཐོངས་མཆན་འགོད་པར་ཡོང་བ་དང་འབྲེལ་ཐོངས་མཆན་ཐེངས་མང་བརྗེ་སྤྲོད་བྱེད་པར་སྟབས་བདེ་བསྐྲུན་ཡོད།ཀྲུང་གོར་ཚོང་དོན་ངོ་འཕྲད་གྲོས་མོལ་དང་།ཚོང་དོན་སྤེལ་རེས།སྒྲིག་སྦྱོར་ཉམས་བཟོ།འགྲེམས་སྟོན་ནང་ཞུགས་པ།མ་འཇོག་ལས་གཏོད་སོགས་བྱེད་པར་ཡོང་མཁན་ཕྱི་རྒྱལ་བ་ཕྱི་རྒྱལ་དུ་ཀྲུང་གོར་ཡོང་བའི་ཐོངས་མཆན་གཉེར་ཁོམ་མེད་པར་ཁེ་ལས་ཀྱི་གདན་ཞུའི་ཡི་གེ་དང་དཔང་ཡིག་ལ་བརྟེན་ནས་འགག་སྒོའི་ཐོངས་མཆན་གཉེར་རྒྱུའི་རེ་ཞུ་བྱེད་ཆོགཚོང་དོན་ལས་སྒོའི་རྐྱེན་གྱིས་འགྲོ་འོང་ཐེངས་མང་བྱེད་དགོས་རིགས་རྒྱལ་ཁོངས་སུ་འཛུལ་རྗེས་ལོ་གསུམ་ནང་རྒྱལ་ཁོངས་སུ་ཐེངས་མང་འཛུལ་བའི་གོ་ཆོད་ཚོང་དོན་ཐོངས་མཆན་སྤྲོད་ཆོག
6. ཕྱི་རྒྱལ་བས་གནས་སྡོད་ལག་ཁྱེར་རེ་ཞུ་བྱས་ནས་ཕྱིར་སྐྱོད་ལག་ཁྱེར་ཉར་མི་རུང་།ཕྱི་རྒྱལ་བས་གནས་སྡོད་ཆོག་འཐུས་ལག་ཁྱེར་བསྒྲུབ་རྒྱུའི་རེ་ཞུ་བྱས་ནས་གཏན་འབེབས་ལྟར་རང་ཉིད་ཀྱི་གོ་ཆོད་ལམ་ཡིག་ལ་ཞིབ་བཤེར་བྱས་རྗེས།ལམ་ཡིག་གི་མ་ཡིག་མ་བཞག་ནས་ཕྱི་རྒྱལ་བས་དེའི་རིང་ལམ་ཡིག་འཁྱེར་ནས་འབྲེལ་ཡོད་དོན་ཚན་སྒྲུབ་པར་སྟབས་བདེ་བསྐྲུན་ཆོག
7. བདེ་སྲུང་ཞབས་ཞུ་ཀུང་སི་འཛུགས་པ་དང་བདེ་སྲུང་མི་སྣའི་ལག་ཁྱེར་དཔྱད་སྤྲོད་དང་ཞིབ་མཆན་འགོད་པའི་དབང་ཚད་ཚོད་ལྟ་གཤམ་སྤྲོད་བྱས་ཡོད།བདེ་སྲུང་ཞབས་ཞུ་ཀུང་སི་འཛུགས་རྒྱུ་དེ་ཞིང་ཆེན་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱིས་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་སྤྱི་བདེ་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་དང་།བདེ་སྲུང་མི་སྣའི་ལག་ཁྱེར་སྤྲོད་རྒྱུ་དེ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་སྤྱི་བདེ་ལས་ཁུངས་ལ་སྤྲད་དེ་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ལ་སྤྲད་དེ་ཞིབ་བཤེར་བྱེད་དུ་འཇུག་རྒྱུ་དང་།བདེ་སྲུང་མི་སྣའི་རྒྱུགས་སྤྲོད་དྲ་ཐོག་ནས་མིང་ཐོ་འགོད་པ་དང་།ཁ་ཆད།ཞིབ་བཤེར་གཏན་འབེབས་བཅས་བྱེད་པའི་ལམ་ལུགས་ཁྱབ་སྤེལ་གཏོང་དགོས།
8. འགྲུལ་ཁང་ལས་རིགས་ཀྱི་“ལས་རིགས་གཅིག་ལ་ལག་ཁྱེར་གཅིག་”གི་བསྒྱུར་བཅོས་འཚོལ་ཞིབ་བྱེད་དགོས།ས་གནས་ཀྱིས་མགྲོན་ཁང་ལས་རིགས་ཀྱི་ཞིབ་མཆན་འགོད་པའི་ཆ་རྐྱེན་གལ་ཆེན་འཚོལ་ཞིབ་དང་སྡེབ་སྒྲིག་བྱེད་པར་རྒྱབ་སྐྱོར་བྱས་ཏེ།“ཐེངས་གཅིག་ལ་བརྡ་གཏོང་བ་དང་།རེ་ཞུ་རེ།སྐར་ཁུང་གཅིག་གིས་བདག་སྤྲོད་བྱེད་པ།དྲ་གཅིག་གིས་གཉེར་བ།མཉམ་དུ་ཞིབ་བཤེར།མཉམ་དུ་ཞིབ་མཆན་འགོད་པ།ལག་ཁྱེར་གཅིག་གིས་གཉེར་ཆོག་”བཅས་ལག་བསྟར་བྱེད་དགོས།
9. གྲོང་གསེབ་མང་ཚོགས་ཀྱིས་འགྲིམ་འགྲུལ་དོ་དམ་བྱང་བུ་དང་ལག་ཁྱེར་རེ་ཞུ་བྱེད་པར་སྟབས་བདེ་བསྐྲུན་དགོས།རླངས་འཁོར་ཆུང་གྲས་ཐོ་འགོད་དང་ཁ་ལོ་བའི་ལག་ཁྱེར་རྒྱུགས་ལེན་ལས་སྒོ་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ལ་གཤམ་སྤྲོད་བྱ་རྒྱུར་སྐུལ་འདེད་བཏང་ནས་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་ཡན་གྱི་ཐོ་འགོད་ལས་སྒོ་ཆ་རྐྱེན་འཛོམས་པའི་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ལ་གཤམ་སྤྲོད་བྱ་རྒྱུ་རེད།སྦག་སྦག་སློབ་ཚན་གཅིག་གི་རྒྱུགས་སྤྲོད་ནང་དོན་ལེགས་སུ་གཏོང་བ་དང་སྦག་རྒྱུགས་ལེན་སྒྲིག་འཛུགས་བྱེད་སྟངས་ལེགས་སུ་བཏང་ནས་གྲོང་གསེབ་མང་ཚོགས་ལ་ཐག་ཉེ་སར་སྟབས་བདེའི་འགྲིམ་འགྲུལ་དོ་དམ་ཞབས་ཞུ་མཁོ་འདོན་བྱེད་དགོས།
10.གཞུང་ལམ་གྱི་ཐོན་ཁུངས་སྤྱོད་ཚད་མཐོ་རུ་གཏོང་དགོས།ལམ་མདོའི་འགྲིམ་འགྲུལ་ཞིབ་ཚགས་ཅན་གྱི་སྒྲིག་འཛུགས་བྱེད་སྟངས་ཁྱབ་གདལ་བཏང་ནས་འགྲིམ་འགྲུལ་བརྡ་རྟགས་སྒྲིག་སྦྱོར་བྱེད་པའི་དུས་ཚོད་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས།འགྲིམ་འགྲུལ་གྱི་རླབས་རྒྱུན་གྱི་ཁྱད་ཆོས་མངོན་གསལ་དོད་པའི་འགྲོ་ལམ་དུ་མཚོ་རླབས་ཀྱི་འཁོར་ལམ་བཙུགས་ནས་འགྲུལ་པ་མང་བའི་འཁོར་ལམ་འཚོལ་ཞིབ་དང་བཀོད་སྒྲིག་བྱས་ཡོད།ཡུལ་བབ་དང་བསྟུན་ནས་སློབ་གྲྭ་དང་སྨན་ཁང་གི་སྒོ་ཁར་དུས་བཀག་རླངས་འཁོར་འཇོག་གནས་བཙུགས་ཏེ་སྡོད་ཁང་ཁུལ་ཆུང་དང་ལས་ཁུངས་ཀྱི་རླངས་འཁོར་འཇོག་གནས་སྐབས་དང་བསྟུན་ནས་མཉམ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས།འགྲིམ་འགྲུལ་ལས་འཛོལ་ཆུང་གྲས་དང་བརྙན་ལམ་མགྱོགས་མྱུར་ངང་ཁྱབ་གདལ་གཏོང་དགོས།
11.འགྲིམ་འགྲུལ་ཟོག་འདྲེན་རླངས་འཁོར་ཤར་གཏོང་བྱེད་པར་སྟབས་བདེ་བསྐྲུན་དགོས།གྲོང་ཁྱེར་གྱི་འགྲོ་ལམ་གྱིས་ནུས་ཁུངས་གསར་པའི་གཞོགས་སྒྲོམ་རྣམ་པ་དང་བཀག་སྡོམ་རྣམ་པའི་ཟོག་འདྲེན་རླངས་འཁོར་ལ་ཤར་བགྲོད་ཚོད་འཛིན་བྱེད་ཚད་སྔར་བས་ལྷུག་ཏུ་གཏོང་དགོས།གྲོང་ཁྱེར་གྱི་ཟོག་འདྲེན་རླངས་འཁོར་གྱི་བགྲོད་ལམ་ཁྱབ་གདལ་བཏང་ནས་ཟོག་འདྲེན་རླངས་འཁོར་བཀག་འགོག་ཚོད་འཛིན་ས་ཁོངས་ནང་གི་ཟོག་འགྲེམས་གླིང་དང་བཟོ་ལས་གླིང་ཁུལ་དུ་བདེ་བླག་ངང་འགྲོ་འོང་ཐུབ་པའི་འགན་ལེན་བྱེད་དགོས།ལམ་དྲའི་འགྲིམ་འགྲུལ་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་།ས་ཁོངས་བར་གྱི་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ།ལམ་གཤོང་ཁག་བགོས་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།འགྲིམ་འགྲུལ་ལས་འཛོལ་སོགས་གློ་བུར་དུ་བྱུང་བའི་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་བཅས་བྱེད་དགོས།
12.རླངས་འཁོར་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་དགོས།རང་རྒྱལ་གྱིས་བཟོས་པའི་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་དེ་བཞིན་རང་རྒྱལ་གྱིས་བཟོས་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གཞན་དག་གི་རླངས་འཁོར་གསར་པའི་ཐོག་མ་བཀོད་གོང་ཐོན་སྐྱེད་ཁེ་ལས་ཀྱིས་སྔ་སྣུར་དུ་ཞིབ་བཤེར་བྱེད་པ་དང་རླངས་འཁོར་དོ་དམ་སུའོ་ཡིས་ཞིབ་བཤེར་མི་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་རླངས་འཁོར་རྙིང་པ་ཡུལ་གཞན་དུ་ཉོ་ཚོང་ཐོ་འགོད་དང་ལག་བརྒྱུད་རླངས་འཁོར་ཕྱིར་གཏོང་ཐོ་འགོད་འགྲོ་ལུགས་སྔར་བས་སྟབས་བདེ་རུ་གཏོང་དགོས།བདེ་འཇགས་འཁོར་རྒྱུག་ཐུབ་པའི་རླངས་འཁོར་གྱི་སྙིགས་རོ་ཚུར་བསྡུའི་མ་ལག་འཛུགས་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་ནུས་རྒྱུ་གསར་པའི་གློག་གསོག་ཡོ་བྱད་དང་ལེ་ལག་ཚང་བའི་རླངས་འཁོར་འཇོག་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས།
13.སྤྱི་བདེའི་སྲིད་དོན་ཞབས་ཞུའི“སྐར་ཁུང་གཅིག་ནས་ཀུན་ཁྱབ”ལག་བསྟར་བྱེད་དགོས།དུད་ཁྱིམ་དང་།བདེ་འཇགས།འགྲིམ་འགྲུལ་དོ་དམ།རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཞིབ་མཆན་འགོད་པའི་དོ་དམ་དོན་ཚན་“སྐར་ཁུང་གཅིག་ནས་བདག་སྤྲོད་དང་ཕྱོགས་བསྡུས་ཞབས་ཞུ་”ཁྱབ་སྤེལ་བཏང་ནས་མང་ཚོགས་སྐར་ཁུང་གཅིག་གིས་བྱ་བ་ཡོད་ཚད་བསྒྲུབ་ཐུབ་པ་རིམ་བཞིན་མངོན་འགྱུར་བྱ་དགོས།
14.སྤྱི་བདེའི་སྲིད་དོན་ཞབས་ཞུའི“བརྒྱུད་རིམ་ཧྲིལ་པོའི་དྲ་ཐོག་སྒྲུབ་གཉེར་”ལ་མུ་མཐུད་སྐུལ་འདེད་གཏོང་དགོས།བྱིས་པ་དུད་ཚང་དུ་བསྐྱོད་པ་དང་།གྲོང་མིའི་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་བའི་གསབ་ལེན་(ལག་ཁྱེར་ལེན་རྒྱུ་ལོ་གཉིས་ལས་བརྒལ་མི་ཆོག)གནས་སྡོད་ལག་ཁྱེར་གཉེར་བ།ཐེམ་ཐོའི་རིགས་ཀྱི་དཔང་ཡིག་འབྲི་བ་སོགས་ཀྱི་བྱེད་སྒོ་མང་པོ་དྲ་ཐོག་ནས་སྒྲུབ་པ་དང་ཞབས་ཞུའི་དོན་ཚན་དེ་བས་མང་བ་དྲ་ཐོག་ནས་སྒྲུབ་ཆོག་པ་ནས་བརྒྱུད་རིམ་ཧྲིལ་པོའི་དྲ་ཐོག་ནས་སྒྲུབ་པ་དང་སྒྲུབ་བདེ་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།
15.“ཞིང་ཆེན་ལས་བརྒལ་ནས་ཀུན་ཁྱབ་ཏུ་སྒྲུབ་པ་”ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས།ཐེམ་ཐོ་སྤོ་སྒྱུར་དང་།ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཐོག་མར་ལེན་པ།གནས་སྐབས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་པ།ཐེམ་ཐོའི་རིགས་ཀྱི་དཔང་ཡིག་འབྲི་བ།ཉེས་གསོག་ཐོ་འགོད་མེད་པའི་དཔང་ཡིག་འབྲི་བ་སོགས་ཀྱི་དོན་གནད་ལ་ཕྱོགས་ཡོངས་ནས་“ཞིང་ཆེན་བརྒལ་ནས་ཤར་གཏོང་ཐུབ་པ”ལག་བསྟར་བྱེད་དགོས།
16.“ལག་ཁྱེར་སྤྲོད་མི་དགོས་པ་དང་བྱ་བ་སྒྲུབ་ཐུབ་པའི་”སྒྱུར་བཅོས་ལག་བསྟར་བྱེད་དགོས།“ཉུང་དུ་གཏོང་ཐུབ་ན་ཉུང་དུ་གཏོང་བ་དང་།རྩ་ཆག་གཏོང་ཐུབ་ན་རྩ་ཆག་གཏོང་བའི”རྩ་དོན་གཞིར་བཟུང་མང་ཚོགས་ཀྱིས་ལས་དོན་སྒྲུབ་སྐབས་ལག་ཁྱེར་གཉེར་མི་དགོས་པར་གྲོང་མིའི་ཐེམ་ཐོ་དང་།གྲོང་མིའི་ཐོབ་ཐང་ལག་ཁྱེར།གནས་སྡོད་ལག་ཁྱེར།ཐེམ་ཐོ་སྤོ་ཆོག་པའི་ལག་ཁྱེར།ཐེམ་ཐོ་སྤོ་ཆོག་པའི་ལག་ཁྱེར།ཁ་ལོ་བའི་ལག་ཁྱེར།ལམ་ཡིག་སོགས་ལག་ཁྱེར་དང་དཔྱད་གཞི་གང་མགྱོགས་མངོན་འགྱུར་བྱེད་དགོས།
17.ཚོད་ལྟའི་ལག་ཁྱེར་གྱི་པར་“གཅིག་གིས་མཉམ་སྤྱོད་དང་།ལག་ཁྱེར་གཅིག་གིས་སྤྱོད་རྒྱུ”བཅས་རེད།ལག་ཁྱེར་འདྲ་པར་གཅིག་གྱུར་འཚོལ་བསྡུ་བྱེད་པའི་ཚད་གཞི་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ།མཉམ་སྤྱོད་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་།མང་ཚོགས་ཀྱི་ལག་ཁྱེར་འདྲ་པར་ཐེངས་མང་དང་སྣེ་མང་འཚོལ་བསྡུ་བྱེད་པའི་གནད་དོན་ཐག་གཅོད་བྱ་དགོས།
18.སྤྱི་བདེའི་སྲིད་དོན་ཞབས་ཞུ་སྡེ་ཁུལ་དང་གྲོང་གསེབ་ཏུ་སྤེལ་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།མངགས་གཏོང་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་དང་ཉེན་རྟོག་ལས་དོན་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་ཐག་ཉེ་ས་དང་རང་སར་འབྲེལ་ཡོད་ལས་དོན་སྒྲུབ་པར་སྟབས་བདེ་བསྐྲུན་དགོས།
19.གྲུ་གཟིངས་དང་མི་སྣ་རྒྱ་མཚོར་བསྐྱོད་རྒྱུའི་སྙན་སེང་ཞུ་བར་སྟབས་བདེ་བསྐྲུན་དགོས།“བདེ་འཇགས་ངང་རྒྱ་མཚོར་བསྐྱོད་པའི”སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་དྲ་ཐོག་ཏུ་བསྐྱོད་དེ་མཚོ་ཐོག་གྲུ་གཟིངས་དང་མཚོ་ཐོག་ཏུ་བསྐྱོད་མཁན་གྱི་ཤོག་བུའི་ཐོག་ནས་སྙན་སེང་ཞུས་པ་དེ་ལག་ཐོགས་ཁ་པར་གྱི་སྤོ་སྒུལའི་སྙན་ཞུར་བསྒྱུར་རྒྱུ་རེད།
20.ཐོན་ལས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་དགོས་མཁོ་གནད་ལ་འཁེལ་བར་སྦྲེལ་མཐུད་བྱེད་དགོས།ཉེན་རྟོག་ཁེ་ལས་ཀྱི་འབྲེལ་གཏུག་འབྲེལ་གཏུག་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ་དང་།རང་འགུལ་ངང་ཉེན་རྟོག་ལས་དོན་དང་ཉེན་རྟོག་ལས་དོན་སྔོན་འགོག་ཁྱབ་སྤེལ་གཏོང་བ།ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་དྲ་ཐོག་དང་དྲ་ཕྱིའི་ཉེན་རྟོག་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་བཏང་ནས་སྟབས་བདེའི་ཞབས་ཞུ་དང་བདེ་འཇགས་འགན་ལེན་མཁོ་འདོན་བྱེད་དགོས།
21.ཞབས་ཞུའི་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་འགན་སྲུང་བྱ་དགོས།ལས་རྣམ་གསར་པ་དང་བྱེད་སྟངས་གསར་པར་ལྟ་སྐུལ་དོ་དམ་ཚད་ལྡན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་སྤྱོད་དཔལ་འབྱོར་དང་།དྲ་ཐོག་སྡོད་ཁང་།མགྲོན་ཁང་།གློག་འགྲན་ཨར་ཁང་།འཁྲབ་གཞུང་རོལ་རྩེད་གཉེར་སྐྱོང་བྱ་ཡུལ།རིག་ནུས་དྲ་སྦྲེལ་རླངས་འཁོར་སོགས་དཔལ་འབྱོར་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
22.ས་ཁོངས་ཉེན་རྟོག་ལས་དོན་མཐུན་སྦྱོར་ཞབས་ཞུའི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་དགོས།པེ་ཅིང་དང་།ཐེན་ཅིན།ཧོ་པེ་བཅས་དང་།འབྲི་ཆུའི་ཟུར་གསུམ་ཁུལ།ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་སོགས་ས་ཁོངས་ནང་གི་བདེ་འཇགས་དང་།དུད་ཚང་།འགྲིམ་འགྲུལ་དོ་དམ།རྒྱལ་མཚམས་ནས་འགྲོ་འོང་སོགས་ཞབས་ཞུའི་དོན་ཚན་ཞིང་ཆེན་བརྒལ་ནས་སྒྲུབ་པ་དང་ཕན་ཚུན་ཁས་ལེན་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས་ས་ཁོངས་བདེ་འཇགས་ཀྱི་ཉེན་ཁ་མཉམ་འགོག་དང་མངོན་མེད་རྐྱེན་ངན་མཉམ་བཅོས་ལ་སྐུལ་འདེད་བཏང་བ་དང་།
23.“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་”གི་ལྟ་སྐུལ་དོ་དམ་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་དགོས།འགྲུལ་ཁང་ལས་རིགས་དང་།གཞུང་ཐམ་བརྐོ་བཟོའི་ལས་རིགས།རྙིང་རུལ་ལྕགས་རིགས་ཉོ་སྒྲུབ་ལས་རིགས།བདེ་སྲུང་ལས་ཞུགས་ཚན་པ།བདེ་སྲུང་གསོ་སྦྱོང་ཚན་པ་བཅས་“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ཞིབ་བཤེར་ཁྱབ་ཁོངས་ནང་བཅུག་ནས་སྲིད་འཛིན་དང་།བཅའ་ཁྲིམས།དཔལ་འབྱོར།ཡིད་རྟོན་སོགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཐབས་གང་ལེགས་སྤྱད་དེ་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ་ཚད་ལྡན་དང་ནུས་ལྡན་གྱི་ལྟ་སྐུལ་དོ་དམ་མངོན་འགྱུར་བྱེད་དགོས།
24.གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།མེ་མདའ་དང་མདེའུ་དང་།འབར་གས་དངོས་རྫས།ཉེན་ཆེའི་རྫས་འགྱུར་དངོས་རྫས།དུག་རྫས་བཟོ་བྱའི་རྫས་འགྱུར་དངོས་རྫས་བཅས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལམ་ལུགས་དང་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་།འབྱུང་རྩའི་ལྟ་སྐུལ་དོ་དམ་དང་།ཚན་རིག་དང་མཐུན་པའི་ལྟ་སྐུལ་དོ་དམ།གནད་སྨིན་ལྟ་སྐུལ་དོ་དམ་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་དགོས།
25.གཙོ་གནད་རླངས་འཁོར་དང་ཁ་ལོ་བའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་དགོས།ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་སྡེ་ཁག་གིས་མཐུན་སྦྱོར་མཉམ་འགུལ་གྱི་ལྟ་སྐུལ་དོ་དམ་ལས་སྟེགས་ལམ་སྲོལ་འཛུགས་པ་དང་།འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་དཔྱད་དཔོག་ལམ་ལུགས་འཐུས་ཚང་དུ་གཏོང་བ།ཉེན་ཡོད་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་གློག་རྡུལ་སྐྱེལ་འདྲེན་འཛིན་ཡིག་དང་།རླངས་འཁོར་གྱི་འགུལ་རྣམ་ལྟ་སྐུལ་ཚོད་འཛིན་མ་ལག་བཀོལ་སྤྱོད་ཟབ་སྤེལ་བཅས་བྱས་ཏེ།བརྒྱུད་རིམ་ཧྲིལ་པོའི་སྒོ་རྒྱག་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།རླངས་འཁོར་གཙོ་བོ་དང་།ཁེ་ལས་གཙོ་བོ།ལམ་དུམ་གཙོ་བོ་བཅས་ཀྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་མེད་པ་བཟོ་བ་དང་།འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་གཙོ་བོ་གཅིག་སྡུད་ཀྱིས་བཅོས་སྒྲིག་བྱེད་དགོས།
26.ཁེ་ལས་ཀྱི་རྒྱུ་ནོར་བདག་དབང་དང་གཉེར་སྐྱོང་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས།ཚོང་རར་མགོ་སྐོར་གཏོང་བ་དང་།དྲ་ཐོག་བརྒྱུད་འཚོང་བྱེད་པ།ཚོང་ཟོག་ལྐོག་འདྲེན།ཁྲིམས་དང་མི་མཐུན་པར་གཉེར་སྐྱོང་བྱེད་པ།ཤེས་བྱའི་ཐོན་དངོས་བདག་དབང་ལ་གནོད་འཚེ་གཏོང་བ།ཚོང་ཟོག་རྫུན་མ་དང་སྤུས་ཞན་བཟོ་ཚོང་བྱེད་པ་སོགས་ཀྱི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་ནས་འགྲན་རྩོད་དྲང་གཞག་བྱེད་པའི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས།ཁེ་ལས་ཀྱི་ཐོན་དབང་དང་གཉེར་སྐྱོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་བ་དང་།བརྐུས་ནོར་ཚུར་ལེན་བྱས་ནས་གྱོང་གུན་སེལ་བ་དང་མྱུལ་ཞིབ་དང་གྱོད་གཞི་རྩད་གཅོད་བྱ་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁེ་ལས་ཀྱི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱ་དགོས།ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་བསྟར་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་།གྱོད་དོན་ཐོ་འགོད་དང་།བཙན་ཤེད་བྱེད་ཐབས་སྤྱད་འཐུས་པ།ཡུལ་གཞན་དུ་གྱོད་གཞི་སྒྲུབ་པའི་མཉམ་སྒྲུབ།འཁྱགས་བཤེར་སོགས་ལྷུ་ཚིགས་ཀྱི་ཁྲིམས་བསྟར་ལྟ་སྐུལ་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ།ཞིབ་དཔྱད་ལྟ་སྐུལ་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།
སྤྱི་བདེ་པུས་གོང་གསལ་གྱི་བྱེད་ཐབས་རེ་རེ་བཞིན་ལས་བགོས་ཁ་གསལ་དང་།ཇུས་གཞི་ཞིབ་ཕྲ།འགན་འཁྲི་དོན་འཁྱོལ།ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བཅས་བྱས་ནས་ཟླ་བརྒྱད་པའི་ཟླ་མཇུག་གོང་བཀོད་སྒྲིག་དང་ལག་བསྟར་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།