ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གཞུང་དོན་གསལ་བསྒྲགས། སྡེ་ཁག་རིམ་པ།
སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱས་པའི་ཞབས་ཞུ་གཉེར་སྐྱོང་གི་གྲོན་བསྡུའི་གསལ་ཐོ་ཁྱབ་སྒྲོག་བྱས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-08-03 16:47:22

ཞབས་ཞུ་གཉེར་སྐྱོང་གི་གྲོན་བསྡུ་དོ་དམ་སྔར་ལས་ཚད་ལྡན་དུ་གཏང་ཆེད། ཉེ་ལམ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་སྲིད་གཞུང་གི་གཏན་འཁེལ་བྱས་པའི་ཞབས་ཞུ་གཉེར་སྐྱོང་གི་གྲོན་བསྡུའི་ཚད་གཞི་ལེགས་སྒྲིག་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་ཞབས་ཞུ་གཉེར་སྐྱོང་རང་བཞིན་གྱི་གྲོན་བསྡུའི་དཀར་ཆག་གི་གསལ་ཐོ》གསར་པ་ཁྱབ་སྒྲོག་བྱས། 

ཐེངས་འདིར་ཁྱབ་སྒྲོག་བྱས་པའི་གྲོན་བསྡུའི་དཀར་ཆག་དང་གསལ་ཐོའི་ཁྱབ་ཁོངས་དེ་འགྲིམ་འགྲུལ་ཞབས་ཞུའི་གྲོན་བསྡུ་དང་། གཞུང་སྤྱོད་ལས་དོན་གྱི་ཞབས་ཞུའི་གྲོན་བསྡུ།   གཞན་དམིགས་བསལ་གྱི་ཞབས་ཞུ་གྲོན་བསྡུ་བཅས་རིགས་ཆེན་པོ་གསུམ་ལ་འབྲེལ་ཡོད་ཅིང་།  རིགས་ཆེན་པོ་གསུམ་གྱི་ནང་དུ་རླངས་འཁོར་འགྲོ་སྐྱོད་ཀྱི་རིན་པ་དང་། འཕྲུལ་སྒུལ་རླངས་འཁོར་འཇོག་སའི་ཞབས་ཞུའི་རིན་པ།  འཚོ་བའི་གད་སྙིགས་ཐག་གཅོད་ཀྱི་རིན་པ། གཞུང་དཔང་ཞབས་ཞུའི་རིན་པ།  སྡོད་ཁང་དངོས་ལས་དོ་དམ་གྱི་རིན་པ།  གློག་སྒུལ་རླངས་འཁོར་གྱི་གློག་གསོག་ཞབས་ཞུའི་རིན་པ་སོགས་ནང་དོན་ཁག་བཅུ་ཡི་གྲོན་བསྡུའི་ཚད་གཞི་གསལ་འབེབས་ཞིབ་ཕྲ་བྱས་ཡོད་པ་རེད།

ཚད་གཞི་གསལ་འབེབས་ནང་དུ།  གཉེར་སྐྱོང་རང་བཞིན་གྱི་གཞུང་ལམ་འགྲོ་སྐྱོད་བྱེད་མཁན་མགྲོན་འཁོར་ལ་ལེ་དབར་རེར་སྒོར0.45-2.25བསྡུ་རྒྱུ་དང་།  ཟོག་འདྲེན་རླངས་འཁོར་ལ་ལེ་དབར་རེར་སྒོར0.45-2.63བསྡུ་རྒྱུ།  སྲིད་གཞུང་གིས་མ་དངུལ་བཞག་ནས་བསྐྲུན་པའི་རླངས་འཁོར་འཇོག་སའི་རིན་པ་ཆུ་ཚོད་རེར་སྒོར2-10བསྡུ་རྒྱུ།  སྡོད་དམངས་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་རིན་པ་ཁྱིམ་ཚང་རེར་ཟླ་རེར་སྒོར1-6བསྡུ་རྒྱུ།  སྡོད་ཁང་གི་དངོས་ལས་དོ་དམ་གྱི་རིན་པ་དེ་ཁང་པའི་རྒྱ་ཁྱོན་ལྟར་ཏེ་སྨི་ངོས་སྙོམས་གྲུ་བཞི་མ་རེར་ཟླ་རེར་སྒོར0.35—2.5བསྡུ་རྒྱུ།  སྨན་ཁང་གི་ནད་སྡོད་ཉལ་ཁྲི་རེར་ཉིན་རེར་སྒོར1.06-2.67བསྡུ་རྒྱུ་སོགས་གསལ་འབེབས་བྱས་འདུག 

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཁྱབ་སྒྲོག་བྱས་པའི་གྲོན་བསྡུའི་དཀར་ཆག་གི་གསལ་ཐོའི་ནང་དུ།  གསལ་ཐོ་འདི་མ་གཏོགས་ས་གནས་སོ་སོས་སྲིད་གཞུང་གི་རིན་གོང་གཏན་འཁེལ་གྱིས་ཞབས་ཞུ་གཉེར་སྐྱོང་གི་གྲོན་བསྡུ་ཚད་གཞི་བཟོ་མི་ཆོག་ཅེས་གསལ་འབེབས་བྱས་ཡོད་པར་མ་ཟད།  གསལ་ཐོར་བཀོད་མེད་པའི་གྲོན་བསྡུའི་རྣམ་གྲངས་ལ་ཁྲོམ་རའི་རིན་གོང་ལྟར་སྙོམ་སྒྲིག་བྱ་རྒྱུ།  གྲོན་བསྡུའི་ཚད་གཞི་སྐོར་ནས་གཉེར་སྐྱོང་མཁན་དང་མངག་བཅོལ་མཁན་གྱིས“མངག་བཅོལ་སུས་བྱས་པ་དང་། རིན་པ་སུས་སྤྲད་པ། ”“རང་མོས་མངག་བཅོལ་དང་། འདྲ་མཉམ་འགྲན་རྩོད། གྲོན་བསྡུ་ལུགས་མཐུན”གྱི་རྩ་དོན་གཞིར་བཟུང་ནས་གྲོས་བསྡུར་གཏན་འབེབས་བྱ་དགོས།   དེ་བཞིན་དུ་དཀར་ཆག་གསལ་ཐོར་བཀོད་མེད་ཅིང་། ཁེ་ལས་ཀྱི་རང་མོས་མངག་བཅོལ་མིན་ཡང་བཙན་གྱིས་ཞབས་ཞུ་བསྒྲུབ་ནས་གྲོན་དངུལ་བསྡུ་བ་ནི་གྲོན་དངུལ་གང་བྱུང་དུ་བསྡུ་བའི་བྱ་སྤྱོད་ལ་གཏོགས་པས།  ཁེ་ལས་སམ་མི་སྒེར་གྱིས་གྲོན་དངུལ་དེ་རིགས་མ་སྤྲད་ན་ཆོག་པར་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཞུ་གཏུག་བྱེད་དགོས།   གསལ་ཐོ་འདི་ལག་བསྟར་བྱེད་དུས་སྡེ་ཚན་དང་ལས་ཁུངས་གང་རུང་གཏན་འབེབས་འདི་དང་འགལ་མི་རུང་ལ།  གང་བྱུང་དུ་གྲོན་བསྡུ་རྣམ་གྲངས་གཟུག་མི་ཆོག་པ་དང་།  དབང་ཆ་བརྒལ་ནས་གྲོན་བསྡུ་ཚད་གཞི་གཏན་འཁེལ་བྱ་མི་རུང་།  གལ་ཏེ་གཏན་འབེབས་དང་འགལ་ནས་གྲོན་དངུལ་བསྡུ་མཁན་ཁེ་ལས་ཡོད་ན་ཚང་མ་གཏན་འགོག་བྱ་དགོས་པ་གཏན་ལ་ཕབ་ཡོད་དོ།  །

གསལ་ཐོའི་ནང་དུ་འབྲེལ་ཡོད་གཉེར་སྐྱོང་མཁན་གྱིས་རིན་གོང་གསལ་འགོད་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ།  གཉེར་སྐྱོང་བྱེད་སའི་མཐོ་ས་མཐོང་ས་ཞིག་ནས་རིན་གོང་གི་རེའུ་མིག་དང་ཞུ་གཏུག་གི་ཁ་པར་ཨང་གྲངས་སོགས་གནས་ཚུལ་གསལ་བོར་དགོད་དགོས།
 
ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱས་པའི་ཞབས་ཞུ་གཉེར་སྐྱོང་གི་གྲོན་བསྡུའི་གསལ་ཐོ་ཁྱབ་སྒྲོག་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།