མཚོ་སྔོན་གྱི་སྡེ་ཚན་གསུམ་གྱིས་སྲིད་ཇུས་འདི་ལག་བསྟར་ལྷོད་མེད་བྱ་དགོས་པའི་བརྡ་ཐོ་བཏང་།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།
སྤེལ་དུས། 2023-08-03 16:47:22
ཉེ་ཆར་ཞིང་ཆེན་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་སོགས་སྡེ་ཚན་གསུམ་གྱིས《ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏང་བའི་ཁ་གསབ་སྲིད་ཇུས་མུ་མཐུད་ནས་ལག་བསྟར་བྱ་བའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོ》པར་འགྲེམས་བྱས་ནས། ཁེ་ལས་ཀྱིས་སློབ་ཆེན་སློབ་མ་སོགས་གཞོན་ནུ་ལས་ཞུགས་སུ་འགུག་པར་ལྕག་སྐུལ་བྱས།
བརྡ་ཐོའི་ནང་ཁེ་ལས་ཀྱིས2023ལོ་དང་། སློབ་མཐར་ཕྱིན་རྗེས་ཀྱི་ལོ2ནང་ལས་ཀར་ཞུགས་ཐུབ་མེད་པའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་མཐར་ཕྱིན་སློབ་མ་དང་། ལས་ཤོར་ཐོ་འགོད་བྱས་པའི་ལོ16ནས24བར་གྱི་ན་གཞོན་བར་ངལ་རྩོལ་གན་རྒྱ་བཞག་སྟེ། དེའི་ལས་ཤོར་དང་། ལས་རྨས། ལས་བཟོ་པའི་རྒན་གསོ་བཅས་ཀྱི་འགན་སྲུང་གྲོན་དངུལ་ཟླ་བ་གཅིག་ཡན་སྤྲད་དགོས་པ་དང་། མི1རེ་བསྡུས་པར་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏང་བའི་ཁ་གསབ་སྒོར1500སྤྲད་དགོས་པའི་བླང་བྱ་བཏོན་ཡོད། སྲིད་ཇུས་དེ2023ལོའི་ཟླ12པའི་ཟླ་མཇུག་བར་ལག་བསྟར་བྱ་རྒྱུ་རེད།
ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏང་བའི་ཁ་གསབ་ནི་ཁེ་ལས་རང་གིས་རེ་ཞུ་བྱེད་ཐབས་ལ་བརྟེན་ནས་སྤྲད་དགོས་པ་དང་། གཞི་གྲངས་ལ་བརྟེན་ནས་ཁ་གསལ་སྤྲད་པའི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་དང་དེ་བཞིན་མི་སྣ་བདམས་ནས། སྤྱི་ཚོགས་འགན་སྲུང་གཉེར་བའི་སྒྲིག་གཞིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་སྟེགས་བརྒྱུད་ནས། ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏང་བའི་ཁ་གསབ་སྤྲོད་པའི་ཆ་རྐྱེན་དང་མཐུན་པའི་མི་སྣའི་གནས་ཚུལ་ཞིབ་ཕྲ་སྤྲད་ནས། ཁེ་ལས་ཀྱིས་གཤམ་སྤེལ་བྱས་པའི་མི་སྣའི་གནས་ཚུལ་ལྟར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་སྲིད་དོན་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་སྟེགས་སུ་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏང་བའི་ཁ་གསབ་རེ་ཞུ་དགོས་པ་དང་། རེ་ཞུ་བྱས་པའི་མི་ཚང་མ་ནོར་འཕྱུགས་མེད་པ་ཁག་ཐག་བྱས་རྗེས། ས་གནས་ཁག་གི་སྤྱི་ཚོགས་འགན་སྲུང་སྒྲིག་གཞིས་ཞིབ་བཤེར་གཏན་འབེབས་བྱས་ནས་ས་གནས་དེའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དྲ་ཚིགས་སྟེང་ཡོངས་བསྒྲགས་བྱ་རྒྱུ་མ་ཟད། ལས་ཀའི་ཉིན་གྲངས་ལྔའི་རྗེས་ནས་ཁ་གསབ་སྤྲད་དགོས།
ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཏང་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུ་ནི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་གཞོན་ནུ་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་དུས་བབ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ནོར་སྲིད་ཐིང་བཅས་སྡེ་ཚན་གསུམ་གྱི་རྩ་འཛུགས་འགན་སྲུང་ལ་ཤུགས་སྣོན་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཇེ་ཆེར་གཏོང་བ། ལས་ཀའི་མཉམ་ཤུགས་ཆགས་པ་བཅས་དུས་ཐོག་ཏུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་གཞི་གྲངས་དང་འབྲེལ་མཐུད་བྱས་ཏེ། མི་སྣའི་ཆ་འཕྲིན་མགྱོགས་པོར་གཤིབ་བསྡུར། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱི་འབྲེལ་ཡོད་གཞི་གྲངས་འོས་སྦྱོར། སྲིད་ཇུས་དོན་འཁྱོལ་ལ་མགྱོགས་མྱུར་སྐུལ་འདེད་བཅས་བྱས་ནས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་རྣམས་ལས་ཞུགས་ཐུབ་པར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།
གཡང་སྐྱིད་ཀྱིས་བསྒྱུར།