"ཐུན་མོང་ཕྱུག་འགྱུར་བཟོ་གྲྭ"ལ་སྒུལ་ཤུགས་ཀྱིས་འདང་བ། “སེ་འབྲུ་སྙིང་བོ”དམ་པོར་འཆིང་རྒྱུ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁ་ཆེ་ལྷ་ཁང་སྲང་ལམ་དོན་གཅོད་ཁང་གི་ལས་བྱེད་པ། ལིའུ་ཚུའེ་ཆིང་།
གཞི་རིམ་ནས་ཡོང་བའི་འཐུས་མི་ཞིག་ཡིན་པའི་ཆ་ནས་ངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀའི་གལ་ཆེ་རང་བཞིན་གསལ་བོར་ཚོར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏང་བའི་སྙིང་ཐིག་དེ་དཀྱིལ་སྙིང་དུ་བཟུང་སྟེ། རང་ཡོད་སའི་མཁར་ཁུལ་གྱིས་ཉེ་ལམ“ཐུན་མོང་ཕྱུག་འགྱུར་བཟོ་གྲྭ”བསྐྲུན་པ་དང“སེ་འབྲུའི་སྙིང་བོ”ཡི་ཁྱིམ་མཚེས་རོགས་རེས་ཚོགས་པ་འཛུགས་པ་སོགས་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་བཞིན་འདྲིས་པར་གྱུར་ཡོད། ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་མི་རིགས་གང་ཡང་བསྐྱར་མི་རུང་བའི་འཆར་མཐུན་གྱི་རྣམ་པ་འདིར་གྲོང་མི་རེ་རེའི་སྲུང་སྐྱོབ་བྱེད་དགོས། མ་འོངས་པ་ན་ང་ཚོས་མུ་མཐུད་དུ་འབྲེལ་ཐག་འདི་སེམས་ཀྱིས་འཚོས་ཤིང་བརྩེ་བས་བསྐྱངས་ཏེ“ཐུན་མོང་ཕྱུག་འགྱུར་བཟོ་གྲྭ”ལ་སྒུལ་ཤུགས་ཀྱིས་ཁེངས་པ་དང་། “སེ་འབྲུའི་སྙིང་བོ”ཇེ་དམ་དུ་གཏང་རྒྱུ་ཟེར།
མི་རིགས་ཁག་གི་མང་ཚོགས་ཀྱི་འཆམ་མཐུན་འབྲེལ་བ་མཚོན་པའི་ལྗོངས་རིས་ངོམ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རེན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་སྒྱུ་རྩལ་གླིང་གི་ལྷ་རིས་པ་བན་དེ་རྒྱ་མཚོ།
ང་ཚོས་རིན་མེད་ཀྱིས་སློབ་མ་བསྡུས་ཏེ། ས་ཁོངས་གཞན་བར་ཞིབ་འཇུག་དང་སློབ་སྦྱོང་གི་སྟེགས་བུ་བསྐྲུན་ནས་ཞིང་ཆེན་ཕྱི་ནང་གི་བོད་རྒྱ་ཧུའེ་བོད་སོག་སོགས་མི་རིགས་ཁག་གི་སློབ་མ་རྣམས་ཚུར་བཀུགས་ནས་ལག་རྩལ་སློབ་ཏུ་འཇུག་པ་དང་། སློབ་རྣམས་ཀྱིས་ཐང་ག་དང་ཚེམས་དྲུབ་ཀྱི་ལག་རྩལ་སྦྱོང་བའི་བརྒྱུད་རིམ་ཁྲོད། རིག་གནས་ལ་ཁས་ལེན་དང་མཛའ་བརྩེ་ཡི་འབྲེལ་བ་ཟབ་མོ་ཆགས། ཐང་གའི་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། ངས་རྒྱ་ཆེའི་སློབ་མ་རྣམས་ཀྱི་སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་བརྗོད་གཞིར་བཟུང་བའི་ཐང་ཀའི་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱ་རྒྱུ་མ་ཟད། མི་རིགས་མང་པོ་མཉམ་འདྲེས་མཉམ་སྤྱོད་ཀྱི་ལག་ལེན་བྱེད་ས་བཙུགས་ཏེ། ཐང་གའི་བརྩམས་ཆོས་རེ་རེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཆམ་མཐུན་འབྲེལ་བ་ངོམ་པའི་ལྗོངས་རིས་གསོན་ཉམས་ཅན་དུ་བསྒྱུར་བའི་འཆར་གཞི་ཡོད་ཟེར། མཐུན་སྒྲིལ་འབད་འཐབ་དང་ལག་གདང་མཉམ་སྦྲེལ་གྱིས་མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ་གྱི་འདོ་བ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི། གཡང་དྲུང་ཐར།
ཞིང་གྲོང་ནི་སྤྱི་ཚོགས་བཅོས་སྐྱོང་གི“དབང་རྩའི་སྣེ་མོ”ལྟ་བུ་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི“འཐབ་ས་གཙོ་བོ”ཡང་ཡིན། ཉེ་བའི་ལོ་རིང་ལ། ང་ཚོས“སྡེ་བ་གཅིག་ལ་ཟོང་རྟགས་གཅིག”གི་ཁྱད་ལྡན་ཐོན་ལས་མགྱོགས་པོར་གོང་དུ་སྤེལ་བ་བརྒྱུད་དེ། ཐབས་ལམ་དུ་མ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཡུལ་སྲོལ་དཔལ་ཡོན་དང་། མི་རིགས་མཐུན་སྒྲིལ་ལ་སོགས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་ནས་མི་རིགས་མཐུན་སྒྲིལ་དེ་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་ཁྲོད་བགས་ལ་ཉལ་བའི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། བདག་གིས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་ལ་སྣེ་ཁྲིད་ལེགས་པོ་བྱ་རྒྱུ་མ་ཟད། སྡེ་མི་རྣམས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འབུངས་བྱས་ཏེ། སྡེ་བ་ཐུན་མོང་གི་དཔལ་འབྱོར་གོང་དུ་སྤེལ་བ་དང་། ཕྱུག་འགྱུར་གྱི་ཐབས་ལམ་མུ་མཐུད་དུ་རྒྱ་བསྐྱེད་ནས་ཚང་མ་སེ་འབྲུའི་སྙིང་བོ་བཞིན་གཅིག་ཏུ་འཁྱུད་དེ་མཛེས་པའི་ཁྱིམ་གཞིས་མཉམ་བསྐྲུན་བྱེད་དུ་འཇུག་རྒྱུ་ཟེར།
གཞོན་ནུའི་ཁག་ཁུར་ལ་བརྟེན་ནས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ།

ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། མཚོ་སྔོན་ཁུང་ཀང་ཚོང་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་། མཚོ་ཤར་གྲོང་ཁྱེར་གྱི་ན་གཞོན་ཁེ་ལས་པ་དང་ཚོང་ཚོགས་ཀྱི་ཚོགས་གཙོ། ཅཱ་ཧྲེང་པིན།
སྲིད་གྲོས་ཨུ་ཡོན་དང་ན་གཞོན་ཁེ་ལས་པ་ཞིག་ཡིན་པའི་ཆ་ནས་ཁེ་ལས་དང་ཚོང་ཚོགས་ཀྱི་འཕེལ་རྒྱས་ཁྲོད། ངས་དུས་དང་རྣམ་པ་ཀུན་ཏུ“མཐུན་སྒྲིལ་དང་། རོགས་རམ། ཁྲིད་སྟོན། ཞབས་ཞུ”ཡི་དམིགས་འབེན་གཙིགས་སུ་བཟུང་སྟེ། མི་རིགས་ཁག་གི་ན་གཞོན་ལས་གཏོད་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཤིང་། ཐོན་ལས་འབྲེལ་ཐག་བཟུང་ནས་ མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པས་མི་རིགས་ཁག་ཕན་ཚུན་བར་གཟིགས་སྐྱོང་དང་རོགས་རེས་བྱེད་པའི་ཁྲོད་བརྩེ་བ་ཟབ་མོ་ཆགས། འབྱུང་འགྱུར་ངས་མུ་མཐུད་དུ་ན་གཞོན་ཁེ་ལས་པ་ཞིག་གི་སེམས་ཤུགས་དང་ཁག་ཁུར་ལ་བརྟེན་ནས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ན་གཞོན་གྱི་སྟོབས་ཤུགས་བསྣན་ངེས་ཡིན་ཟེར།
དངོས་སྒྲུབ་དོན་འཁྱོལ་ལ་བརྟེན་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་།


ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན། ཡུལ་ཤུལ་ཁུལ་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། གུར་གྲགས།
མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་དང་། མང་ཚོགས་བདེ་སྡོད་ལས་བརྩོན་གྱི་རྩ་བ་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་ཀྱི་སེམས་ཤུགས་དེ་ལས་ཡིན། ངས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏང་བ་སྙིང་ཐིག་ཏུ་བཟུང་སྟེ། མི་རིགས་འབྲེལ་འདྲིས་དང་བརྗེ་སྤེལ་མཉམ་བསྲེས་ལ་སྐུལ་འདེད་གཏང་རྒྱུ་དེ་ལས་ཀའི་གོ་རིམ་ཡོངས་སུ་འཇུག་རྒྱུ་དང་། ཚོང་དོན་འབྲེལ་འདྲིས་ཀྱི་སྟེགས་བུ་བཙུགས་ཏེ། ཀྲུང་ནེ་ཚོང་དོན་འགྲེམ་ཚོགས་ལ་སོགས་ཀྱི་བྱེད་སྒོ་ལེགས་པོ་སྤེལ་ནས་མི་རིགས་ཁག་གི་ཚོང་བ་རྣམས་མཉམ་ལས་མཉམ་རྒྱལ་གྱི་ཁྲོད་ནས་འབྲེལ་བ་ཇེ་དམ་ནས་ཇེ་ཟབ་ཏུ་འགྱུར་ཐུབ་པ་བྱ་རྒྱུ། ཡུལ་ཤུལ་གྱི་རྩྭ་ཐང་གི་ག་ས་གང་དུ་མི་རིགས་ཁག་གི་སེམས་པ་གཅིག་ལ་འདྲེས་ཤིང་བྱ་སྤྱོད་གཅིག་ཏུ་མཐུན་པའི་བརྩེ་བ་ཟབ་མོ་མཐོང་ཐུབ་ཀྱི་ཡོད་པས། ངས་མུ་མཐུད་དུ་འབྲེལ་ཟམ་གྱི་ནུས་པ་མུ་མཐུད་དུ་བཏོན་ནས་མི་རིགས་ཁག་སེ་འབྲུ་སྙིང་བོ་ཇི་བཞིན་གཅིག་ལུས་གཅིག་ལ་འཐིམས་པའི་ལས་ལ་འབད་པ་བྱ་རྒྱུ་ཡིན་ཟེར།