ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཨུ་ཡོན14ཡིས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ1ཚེས27ཉིན་གྱི་ཕྱི་དྲོར།     ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།     ཨུ་ཡོན14ཡིས “དགེ་མཚན་ཆེ་ཤོས་གསུམ” གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་གཞི་ཚུགས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་བྱ་བ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཚ་གནད་དང་དཀའ་གནད་ལ་དམིགས་ནས་ཚོགས་ཆེན་ཐོག་གཏམ་བཤད་པ་དང་།     ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་འབད་པས་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་དང་སེམས་ནུས་གཅིག་སྒྲིལ་བྱས།    

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་།     ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་།     ཝང་ཞོན།     ཝང་ཀྲེན་ཁྲང་།     ཀྲང་ཞའོ་རུང་།     ལི་ཞའོ་ནན།     ཐེན་ཁུའེ།     ལིའུ་ཏ་ཡེ།   གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ།     མ་ཡུའེ་ཞང་།     དྲུང་ཡིག་ཆེན་མོ་ཞེ་པའོ་ཨེན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།     ཝང་ཞོན་གྱིས་ཚོགས་ཆེན་ལ་འགོ་འཛིན་བྱས།    

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་།     ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ     ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་ཁྲེང་ཅི་ཝེ་བཅས་གདན་ཞུ་ལྟར་ཚོགས་འདུར་ཞུགས་པ་དང་།     བསམ་འཆར་དང་གྲོས་གཞིར་ཉན།  

ཨུ་ཡོན་ཝང་ཁུན་གྱིས་ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས། “རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན”ལ་བརྟེན་ནས་ཐབས་མང་མཉམ་དུ་སྤྱད་དེ། རྒྱལ་སྤྱིའི་རི་འཛེག་རྐང་ཐང་གི་དམིགས་ས་ཧུར་ཐག་གིས་བསྐྲུན་དགོས་ཟེར།     ཨུ་ཡོན་ཝུའུ་རེན་ཐ་ན་ཡིས་གཏམ་བཤད་སྐབས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ནང་ཞིང་ཆེན་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་གཅིག་ཕྱེད་ཀ་མཐོ་རུ་གཏོང་བའི་དམིགས་འབེན་ཡོངས་སུ་མངོན་འགྱུར་བྱེད་པའི་ནུས་པ་ཡོད་ཟེར།      ཨུ་ཡོན་ཀྲང་རན་གྱིས་གཏམ་བཤད་སྐབས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང་ལག་གདང་སྦྲེལ་ནས་མཚོ་སྔོན་དང་ཞང་ཀང་མཉམ་ལས་ཀྱི་ལེའུ་གསར་པ་འབྲི་དགོས་ཟེར།     ཨུ་ཡོན་ཏུའུ་ཅིན་ཕིང་གིས་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས“ཀྲུང་ཧྭའི་ཆུ་མཛོད”ཀྱི་འགོག་སྲུང་དང་པོར་ལྟ་སྲུང་ཡག་པོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྩྭ་ཐང་གནོད་མེད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་མ་ལག་གང་མགྱོགས་འཛུགས་དགོས་ཟེར།     ཨུ་ཡོན་སུའུ་ལེ་ཡིས་ཨུ་ཡོན་དབྱང་ཀྲེན་གྱི་ཚབ་བྱས་ཏེ་གཏམ་བཤད་སྐབས་མཚོ་སྔོན་གྱི་ལྗང་གློག་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ “ཀྲུང་གོའི་ཆིང་ནུས”ཐོན་ལས་འདུས་གྲུབ་བསྐྲུན་དགོས་ཟེར།     ཨུ་ཡོན་ལི་ལི་རུང་གིས་གཏམ་བཤད་སྐབས་ས་ནག་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་པོ་བསྐྲུན་དགོས་ཟེར།   ཨུ་ཡོན་ཀྲུའུ་ཁྲུན་ཡུན་གྱིས་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས་ཞིང་ཕྱུགས་ལས་ཀྱི་ལས་གཉེར་བྱེད་པོ་གསར་པ་གསོ་སྐྱོང་དང་སྟོབས་ཆེར་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཐོན་ལས་དར་སྤེལ་ཡོང་བར་སྒུལ་ནུས་སྟོབས་ལྡན་སྩོལ་དགོས་ཟེར།     ཨུ་ཡོན་ལི་ལིན་ཡེ་ཡིས་གཏམ་བཤད་སྐབས་མཐོ་སྒང་ཁམས་གསོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་བཏང་ནས་བདེ་ཐང་གི་ཀྲུང་གོར་ཞབས་འདེགས་ཞུ་བའི་འཐབ་ཇུས་ནང་རང་འགུལ་ངང་ཞུགས་དགོས་ཟེར།     ཨུ་ཡོན་ལི་ཅུན་ཆའོ་ཡིས་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས“གྲང་བའི་ཐོན་ཁུངས”ཀྱི་སྦས་ཤུགས་བསྐྱེད་དེ་མཚོ་སྔོན་གྱི་ཚ་གཡོལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།     ཨུ་ཡོན་ཝང་ཅན་གྱིས་དམངས་གཙོ་རྒྱལ་འཛུགས་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས་ལྗང་མདོག་རྩིས་ཤུགས་ལྡབ་འགྱུར་ནུས་འབྲས་གློད་གྲོལ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་རོགས་རམ་བྱེད་དགོས་ཟེར།     ཨུ་ཡོན་ལི་ཆིང་གིས་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྐབས“མཚོ་སྔོན་གྱི་ཚོང་པ་ཕྱིར་ལོག་རྒྱུར”སྐུལ་འདེད་བཏང་ནས“ཚོང་འགུག་དངུལ་འདྲེན་དང་འཇོན་འགུག་རིག་འདྲེན”ལ་རོགས་རམ་བྱེད་དགོས་ཟེར།     ཨུ་ཡོན་ཀོ་ཕེ་ཅུན་གྱིས་མགོ་ལོག་ཁུལ་སྲིད་གྲོས་ཀྱི་ཚབ་བྱས་ཏེ་གཏམ་བཤད་སྐབས་རྨ་ཆུའི་འབྱུང་ཁུངས་ཤུལ་བཞག་རེ་ཞུར་བརྟེན་ནས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་གསེར་གྱི་མིང་བྱང་འབྲི་དགོས་ཟེར།    ཨུ་ཡོན་ཝེ་ལི་ཞིན་གྱིས་གཏམ་བཤད་སྐབས་རི་སྐྱེས་ཐོན་ཁུངས་སྐོར་གྱི་ཁྲིམས་བཙུགས་ནས་སྲུང་སྐྱོབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་དབྱར་རྩ་དགུན་འབུ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།    ཨུ་ཡོན་ཝང་ཧའེ་ཕིང་གིས་ཞིང་ཆེན་སྲིད་གྲོས་ཀྱི་རིག་གནས་དང་རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས“ས་ཁུལ་རིམ་པ་གསུམ་པ་འཛུགས་སྐྲུན་པའི་སྙིང་སྟོབས”ལ་བརྟེན་ནས་དུས་རབས་གསར་པའི་འོད་མདངས་འཕྲོ་རུ་འཇུག་དགོས་ཟེར།     

ད་ཐེངས་ཀྱི་ཚོགས་འདུའི་ཐོག་གཏམ་བཤད་རྒྱུ་ཆ་ཁྱོན་བསྡོམས247བསྡུ་རུབ་བྱས་པ་དང་།     ཞིབ་དཔྱད་འདེམས་སྒྲུག་ནན་ཏན་བྱས་པ་བརྒྱུད།     གཏམ་བཤད་རྒྱུ་ཆ14ངག་ཐོག་གི་གཏམ་བཤད་དུ་བརྩིས་པ་དང་།     གཏམ་བཤད་རྒྱུ་ཆ60ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་རུ་བརྩིས།     རྒྱུ་ཆ་གཞན་དག་བསམ་འཆར་དང་གྲོས་འགོའི་རྣམ་པའི་ཐོག་ནས་འབྲེལ་ཡོད་སྡེ་ཁག་གིས་ལྟ་ཀློག་བྱེད་པར་བརྒྱུད་སྤྲོད་བྱས།     གཏམ་བཤད་རྒྱུ་ཆ་འདི་དག་གི་ཁ་བྱང་གསར་བ་ཡིན་པ་དང་གྲོས་འགོ་དངོས་སྒྲུབ་ཡིན་པ།     སྤུས་ཚད་ཅུང་མཐོ་བས།     རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ལ་འགན་འཁྲི་སྒྲུབ་པ་དང་མི་དམངས་ལ་འགན་འཁུར་བའི་བརྩེ་སེམས་ཟབ་མོ་དང་འགན་འཁྲི་འགན་ཁུར་གང་ལེགས་སྒོས་མཚོན་ཡོད།    

རྩོམ་སྒྲིག་པ། : ཁོན་ཐར་འཚོ།