ཀྲུང་དབྱང་དམག་ཨུས《དམག་དཔུང་གི་ཏང་རྩ་འཛུགས་ཀྱི་འདེམས་བསྐོ་བྱ་བའི་གཏན་འབེབས》པར་འགྲེམས་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཉེ་སྔོན། ཀྲུང་དབྱང་དམག་ཨུས《དམག་དཔུང་གི་ཏང་རྩ་འཛུགས་ཀྱི་འདེམས་བསྐོ་བྱ་བའི་གཏན་འབེབས》པར་འགྲེམས་བྱས་ཏེ། 2026ལོའི་ཟླ2ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།    

《གཏན་འབེབས》ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་།     ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱེད་པ།     དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ཏུ་བསྟར་ཏེ།     དམག་དཔུང་གི་ཏང་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་གང་ཐུབ་བྱས་པ་དང་།     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་དམག་དཔུང་གི་ཏང་ནང་ཁུལ་གྱི་འདེམས་བསྐོ་བྱ་བའི་ལག་ལེན་གྲུབ་འབྲས་ཕྱོགས་བསྡོམས་དང་བསྡུ་ལེན་བྱས་ཏེ།     མ་ལག་ཇུས་འགོད་འབུར་དུ་ཐོན་པར་བྱས་ཤིང་།     ཤུལ་འཛིན་གྱི་གསར་གཏོད་ལ་མཐོང་ཆེན་བྱས་པ་དང་།     དམག་དཔུང་གི་ཏང་གི་འཐུས་མི་ཚོགས་ཆེན་དང་ཏང་ཡོན་གྱི་འཐུས་མི་ཚོགས་ཆེན་གྱི་འཐུས་མི།     ཏང་གི་སྟོང་དཔུང་རིམ་པ་ཡན་ཆད་ཀྱི་ཨུ་ཡོན་ལྷན་ཁང་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།     དེ་བཞིན་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འདེམས་བསྐོ་བྱ་བ་ཁྱོན་ཡོངས་ནས་ཚད་ལྡན་དུ་བཏང་ཡོད།    

《གཏན་འབེབས》ནི་དམག་དཔུང་གི་ཏང་རྩ་འཛུགས་ཀྱི་འདེམས་བསྐོ་བྱ་བ་ཚད་ལྡན་དུ་གཏོང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་ཞིང་།     དམག་དཔུང་གི་ཏང་ནང་ཁུལ་གྱི་འདེམས་བསྐོ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།     ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཆ་ཚང་བཟོ་བ་དང་དོན་འཁྱོལ་བྱེད་པ།     ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་རྩ་འཛུགས་ནུས་པ། ལག་བསྟར་ནུས་པ་བཅས་མཐོ་རུ་གཏོང་བ།     དམག་དཔུང་་གི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ།     དམག་དཔུང་བཙུགས་ནས་ལོ་བརྒྱ་ཡི་འབད་འཐབ་དམིགས་འབེན་གྱི་འགག་སྒྲོལ་དམག་འཐབ་ལེགས་པོ་རྒྱག་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།   

རྩོམ་སྒྲིག་པ། : ཁོན་ཐར་འཚོ།