ཟླ1ཚེས25ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་མཚོ་སྔོན་གྲོས་ཚོགས་ལྟེ་གནས་དང་མཚོ་སྔོན་མགྲོན་ཁང་དུ་སོགས་སུ་སོང་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་བྱས།
དབྱང་ཧྥེང་ཁྲུན་སོགས་ཀྱིས་སྔ་གཞུག་ཏུ་ཚོགས་ར་གཙོ་བོའི་སྒྲ་སྒམ་དང་གློག་འོད། བརྡས་གཅོད་སྒྲིག་ཆས། ཚོགས་ར་ཕྱིའི་ཐད་གཏོང་རླངས་འཁོར་སོགས་སྒྲིག་ཆས་ཀྱི་བཀོད་སྒྲིག་གནས་ཚུལ་དང་སྡོད་གནས་བཀོད་སྒྲིག་གནས་ཚུལ། མཐའ་འཁོར་གྱི་མེ་ཟོན་དང་བདེ་འཇགས་འགན་སྲུང་སྒྲིག་ཆས་དངོས་འབེབས་གནས་ཚུལ་བཅས་ལ་ཞིབ་བཤེར་ནན་མོ་བྱས་ཤིང་། གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་བྱས་ལ། ཞིབ་ཕྲའི་གནད་དོན་ཁ་ཤས་ལ་ལེགས་བཅོས་ཀྱི་བསམ་འཆར་བཏོན་པར་མ་ཟད། ཚོགས་ཆེན་གྱི་གྲ་སྒྲིག་ཚན་ཁག་གི་ཚན་ཆུང་སོ་སོའི་བྱ་བའི་གནས་ཚུལ་སྙན་ཞུ་བྱས་པར་ཉན།
དབྱང་ཧྥེང་ཁྲུན་གྱིས་བསྟན་དོན། ལོ་རེ་ཐེངས་རེར་བསྡུ་བཞིན་པའི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཆབ་སྲིད་ལངས་གནས་མཐོར་འདེགས་དང་བསམ་བློའི་ངོས་ཟིན་ཇེ་ཟབ་ཏུ་གཏོང་དགོས་པར་མ་ཟད། དངོས་གཉེར་ནུས་མཐོ་དང་ཡག་ཐོག་ཡག་བརྩེགས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་གྲ་སྒྲིག་བྱ་བ་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས། བྱེ་བྲག་གི་བྱ་བའི་ཁྲོད་དངོས་འཛིན་དངོས་སྒྲུབ་དང་འགན་འཁྲི་དངོས་འབེབས་བྱས་ཏེ་ཞིབ་ཕྲའི་གནས་ཚུལ་དམ་འཛིན་དང་འགལ་འཛོལ་གཅིག་ཀྱང་མེད་པར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་དང་རྒྱུན་མཐུད་རང་བཞིན་མངོན་འགྱུར་བྱས་ནས་འགན་འཁྲི་རང་འཁུར་གྱི་རྨང་གཞིའི་སྟེང་མཐུན་སྦྱོར་གྲོས་མོལ་ལ་ཤུགས་དགོས་པ་དང་རོགས་ལས་གཞོགས་འདེགས་དམ་ཟབ་བྱེད་དགོས། གྲོས་ཚོགས་ཀྱི་སྒྲིག་སྲོལ་ནན་བསྲུང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་མོར་གཏོང་བ་དང་ཐུན་བཤེར་དོ་དམ་ཚད་ལྡན་དུ་གཏོང་དགོས་ལ། སྟོབས་ཤུགས་ཡོད་རྒུས་སྲོལ་བཟང་སྤྱོད་གཙང་གི་གྲོས་ཚོགས་ཀྱི་སྣང་ཚུལ་བསྐྲུན་ནས་ཚོགས་ཆེན་བདེ་བླག་ངང་བསྡུ་བར་འགན་སྲུང་བྱེད་དགོས།