ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་གལ་ཆེན།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-03-13 15:21:36
ཞི་ཅིན་ཕིང་གིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་སྟེང་ང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་མུ་མཐུད་དུ་འདེམས་བསྐོ་བྱས་པས། འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ང་ལ་ཡིད་ཆེས་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་བཤད་རྒྱུར། ད་ཐེངས་ནི་ངས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་གོ་གནས་འཁུར་ཐེངས་གསུམ་པ་ཡིན་ཞིང་། མི་དམངས་ཀྱི་ཡིད་ཆེས་ནི་ང་རང་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཆེ་ཤོས་ཡིན་ལ། ངའི་ཕྲག་ཏུ་ཁུར་བའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཡང་ཡིན། ངས་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་དགོས་མཁོའི་ལས་འགན་དང་ལེན་བྱེད་པ། མི་དམངས་ཀྱི་ཁེ་ཕན་ཚད་གཞིར་བཟུང་ནས། རང་འགན་ནན་སྒྲུབ་དང་། བསམ་པ་རྣམ་དག་གིས་བྱས་རྗེས་འཇོག་རྒྱུ་ཡིན་ཞིང་། འཐུས་མི་རྣམ་པ་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཆུད་ཟོས་སུ་མི་གཏོང་ཟེར།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།