ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདའཐུས་མིའི་སེམས་འདུན།
སྡོད་ཁུལ་གྱི་གྲོང་མིས་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱ་དགོས།
ཡོང་ཁུངས།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-03-09 17:32:51

  རང་རེའི་དྲ་བའི་འཕྲིན། ཟླ3ཚེས7ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞིན་ཧའེ་ལམ་སྲང་ལམ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཞའོ་རུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི“འཐུས་མིའི་བགྲོད་ལམ”གྱི་བྱེད་སྒོ་ཐེངས་གཉིས་པར་ཞུགས་ཏེ། གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་མཚོ་སྔོན་གྱི་གཏམ་རྒྱུད་བཤད་ཤིང་། མཚོ་སྔོན་གྱི་གཟུགས་བརྙན་མངོན་པ་རེད།

  “སྡེ་ཁུལ་གྱི་ལས་དོན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་མི་སེར་གྱི་བདེ་སྡུག་བཅས་ལ་འབྲེལ་བ་ཡོད། ཁྱེད་ནི་གཞི་རིམ་གྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཁྱེད་ཀྱི་གཏམ་རྒྱུད་ཕྲན་བུ་ང་ཚོར་བརྗོད་ན”ཞེས་ཁྲིམས་སྐྱོང་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ལིའུ་ཞའོ་རོང་ལ་དྲི་བ་བཏོན། ཞིན་ཧའེ་ལམ་སྲང་ལམ་ནི་སྲང་ལམ་རྙིང་པ་ཞིག་ཡིན་པ་དང་ཁོངས་གཏོགས་ཁུལ་གྱི700%ནི་ཐོག་ཁང་རྙིང་པ་ཡིན་པས། དཀའ་ངལ་ཡོད་པའི་མང་ཚོགས་མང་ལ། མང་ཤོས་རྒན་རྒོན་ཡིན།

  2022ལོའི་ཟླ་8པར་ཟི་ལིང་དུ་དྲག་ཆར་ཐེངས་མང་བབས་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མི་ཀྲའོ་ཆིང་ཁྲོན་གྱི་ཁྱིམ་དུ་ཆུ་འཛག་པ་རེད། སྤོ་བོ་ཀྲའོ་ལགས་སྡོད་སའི་སྡོད་ཁུལ་དེ་བསྐྲུན་ནས་ལོ30ལྷག་ཙམ་སོང་ཡོད་ཅིང་། ས་འོག་གི་སྦུག་དྲ་རྙིང་པར་གྱུར་ནས་དྲག་ཆར་འབབ་དུས་རྒྱུན་དུ་ས་འོག་ཆུ་གྲོང་མིའི་ཁྱིམ་དུ་ཕྱིར་འཛག་ཡོང་པ་དང་། ཆུ་སྦུག་འགག་པའི་གནས་ཚུལ་འབྱུང་གི་ཡོད།

  ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་བྱས་པ་བརྒྱུད་ང་ཚོས་འབྲེལ་ཡོད་སྡེ་ཁག་དང་གྲོས་མོལ་ཡང་ཡང་བྱས་རྗེས། སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ་དང་།ཆུ་སྦུག་བརྗེ་བ།འགྲོ་ལམ་དང་མེ་ཏོག་ལྡུམ་ར་སོགས་ཉམས་གསོ་བྱས་པས།རྩ་བའི་ཐོག་ནས་གྲོང་མིའི་སེམས་ཁྲལ་སེལ་ཡོད།

  ‘དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི’རྣམ་གྲངས་བརྒྱུད་ཁུལ་ཆུང་རྙིང་པའི་དྲོད་རླངས་མི་འདང་བ་དང་།གློག་སྐས་མེད་པ།སྔོ་ལྗང་སྤྲོ་གསེང་ས་ཁོངས་དཀོན་པ་སོགས་ཀྱི་གནད་དོན་རྦད་དེ་ཐག་གཅོད་བྱས་པ་དང་། སྡོད་ཁུལ་རྙིང་པའི་སྦུག་དྲ་བརྗེ་བ་དང་། བདེ་སྐྱིད་ཀྱི་སྒོ་ར་བསྐྲུན་པ། ལུས་སྦྱོང་ཡོ་བྱད་སྒྲིག་སྦྱོར་སོགས་བྱས་པ་ཡིན།

  ངས་བལྟས་ན།མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ནི་ཏག་ཏག་གློ་བུར་དུ་བྱུང་བ་ཡིན་པས། ཐག་གཅོད་ཐུབ་མིན་གྱིས་ཐད་ཀར་ང་ཚོའི་ཞབས་ཞུའི་ནུས་པ་དང་ཞིབ་ཆ། འགན་འཁུར་སེམས་ཤུགས་བཅས་ལ་ཚོད་བགམ་བྱེད་ཀྱི་ཡོད། ཀྲུང་ཧྭའི་སྲང་ལམ་སྡེ་ཁུལ་ན་སྡེ་ལས་བར་འགལ་བ་ཡུན་རིང་གནས་པའི་སྡོད་ཁུལ་ཞིག་ཡོད་པ་དང་།   སྡོད་དམངས་ཡོངས་ཁྱབ་ཏུ་གློག་སྐས་བཙུགས་མེད་པ་དང་རྩིག་འགེལ་ཁྲོ་ཐབ་བརྗེ་ཐུབ་ཀྱི་མེད་པ་སོགས་ཀྱི་གནད་དོན་ཤེས་རྗེས།

  ང་ཚོས་འཕྲལ་དུ་གནད་དོན་ཐག་གཅོད་འོས་འཚམ་ཞིག་བྱ་རྒྱུ་ཁས་ལེན་བྱས་པ་ཡིན། བསམ་འཆར་བསྡུ་ལེན་དང་། འགལ་བ་ཁྲིམས་ལྟར་སེལ་བ། སྡེ་ལས་གསར་པར་བརྗེ་བ་སོགས་ཀྱི་གོ་རིམ་ཁྲོད་དཀའ་ངལ་མི་ཉུང་བ་ཞིག་འཕྲད་མོད་ཀྱང་། མཐར་གྲོང་མིའི་ཁྱིམ་ཚང120ལྷག་ཙམ་གྱི་གྱང་འགེལ་ཁྲོ་ཐབ་གསར་པར་བརྗེ་པ་དང་།གློག་སྐས6བཙུགས་ལ། དེར་བསྡད་དེ་ཁྱིམ་སྒོའི་ཕྱི་ནང་འགྲོ་འོང་བྱེད་མཁན་མཐོང་ན། དཀའ་ངལ་ཡོད་ཚད་ལ་རིན་ཐང་ཡོད་པ་ཚོར། 

  “གཞི་རིམ་ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་བདག་གིས་ང་ཚོའི་ཞབས་ཞུ་དང་འབད་བརྩོན་རེ་རེ་དང་། བྱ་བ་རེ་རེ་བརྒྱུད་ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་ཞིག་ཡིན་པའི་མྱོང་ཚོར་དེ་མང་ཚོགས་ལ་སྐྱེས་ཐུབ་པར་རེ་བ་བྱེད་ཀྱི་ཡོད། དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གཞི་རིམ་དུ་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པའི་མཚོན་སྟངས་དངོས་ཡིན་སྙམ། ”

ལོ་ཙཱ་བ། ལྷ་ཆེན་རྒྱལ།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
སྡོད་ཁུལ་གྱི་གྲོང་མིས་ཏང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱ་དགོས།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།