ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདདཔྱད་བརྗོད།
【ཚོགས་ཆེན་གཉིས་སྟེང་གི་ཐབས་འདོན་ཇུས་འབུལ】ཨུ་ཡོན་ཀའོ་ཆིང་པོ་ཡིས་མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་བསྐྲུན་པའི་གྲོས་གཞི་བཏོན་པ།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-03-09 11:19:05

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དེ་རང་རྒྱལ་མ་ཟད།    ཐ་ན་གོ་ལ་ཧྲིལ་པོའི་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་ངེས་པར་དུ་མཁོ་བ་ཞིག་ཡིན་ལ།    རང་རྒྱལ་གྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་དེ་བཞིན་རྒྱལ་ཁབ་ཀྱི་འཐབ་ཇུས་སྐྱེ་དངོས་ཐོན་ཁུངས་བདེ་འཇགས་ལ་འདེགས་སྐྱོར་ནུས་ལྡན་བྱ་ཐུབ་པ་ཡིན།     དེར་བརྟེན་མཚོ་སྔོན་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀའོ་ཆིང་པོ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་གྲོས་གཞི་བཏོན་ནས། མཚོ་སྔོན་ཞིང་ཆེན་གྱིས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་འཛུགས་པར་རྒྱབ་སྐྱོར་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།  

  གྲོས་གཞིའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ས་ཁུལ་དང་སྡེ་ཚན་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།     སྐྱེ་ཁམས་མ་ལག་གི་ནུས་པ་དང་སྤུས་ཚད་བརྟན་པོའི་ངང་འཕར་བ་དང་།    རྩ་ཆེ་ལ་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་ཁྱུ་ཚོགས་མངོན་གསལ་དོད་པོས་སླར་གསོ་བྱུང་བ།    འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བཙུགས་པ་དང་།    གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ལས་འགན་ལེགས་སྒྲུབ་བྱས་ནས་མཚོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རང་སར་སྲུང་སྐྱོང་ནུས་པ་ཆེ་རུ་བཏང་།     ཡིན་ནའང་མདོ་དབུས་མཐོ་སྒང་ལ་གནས་སྤོས་གསོ་ཚགས་མ་ལག་གི་རྨང་གཞི་ཞན་པ་དང་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་ལྟེ་བར་བཟུང་སྟེ།    སྲོག་ཆགས་དང་རྩི་ཤིང་གླིང་དང་གཞི་རྒྱུའི་ཉར་ཚགས་ལྡུམ་རར་རམ་འདེགས་བྱེད་པའི་གནས་སྤོ་ས་ཆ་སྲུང་སྐྱོང་མ་ལག་ད་དུང་བཙུགས་མེད།    

  ཀའོ་ཆིན་པོའོ་ཡིས།     རྒྱལ་ཁབ་རིམ་པའི་ངོས་ནས་མཚོ་སྔོན་ཞིང་ཆེན་གྱིས་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་འཛུགས་པར་རྒྱབ་སྐྱོར་བྱས་མ་ཟད།     མ་དངུལ་གྱི་རྒྱབ་སྐྱོར་ཡང་ཐོབ་ཡོད། དེ་བསྐྲུན་རྗེས་འཁོར་སྐྱོད་བརྟན་པོ་ཡོང་བར་རྒྱབ་སྐྱོར་དང་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་ཀྱི་སོན་རྒྱུ་བསྡུ་རུབ་དང་།    ཉར་ཚགས།    ཞིབ་འཇུག་བཅས་བྱས་ཏེ་སོན་རྒྱུའི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ཏེ། རང་རྒྱལ་གྱིས་རང་བྱུང་གི་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་འཇལ་པ་དང་།   རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱུས་ལ་སྲུང་སྐྱོབ་བྱེད་པའི་ཐད་ས་བོན་གྱི་འགན་སྲུང་འདོན་སྤྲོད་དགོས་པའི་གྲོས་གཞི་བཏོན།

གཡང་སྐྱིད་ཀྱིས་བསྒྱུར། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
【ཚོགས་ཆེན་གཉིས་སྟེང་གི་ཐབས་འདོན་ཇུས་འབུལ】ཨུ་ཡོན་ཀའོ་ཆིང་པོ་ཡིས་མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད་བསྐྲུན་པའི་གྲོས་གཞི་བཏོན་པ།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།