ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདདཔྱད་བརྗོད།
【ཚོགས་ཆེན་གཉིས་སྟེང་གི་ཐབས་འདོན་ཇུས་འབུལ】ཨུ་ཡོན་ཝང་ཤོན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཚྭ་མཚོའི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན་པ།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-03-09 11:19:05

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་མཉམ་འབྲེལ་བྱས་ནས《མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པའི་ལག་ལེན་ཇུས་གཞི》པར་འགྲེམས་བྱས་ནས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་ཚྭ་མཚོའི་ཐོན་ལས་ཚོགས་པ་ཞིག་བཏོད་དེ་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་བརྩོན་ལེན་བྱ་རྒྱུ་ཡིན་ལ།    ཚུལ་དེར་གཞིགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་བཅའ་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཤོན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཚྭ་མཚོའི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།     

  གྲོས་གཞིའི་ནང་རྒྱལ་ཁབ་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་མཚོན་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་མགྱོགས་མྱུར་ངང་འཛུགས་སྐྲུན་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་བླང་བྱ་ལག་བསྟར།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏང་བར་དོན་སྙིང་གལ་ཆེན་ལྡན།   མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ཁུངས་ཀྱི་ས་ཁམས་གནས་སྟངས་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཀྱིས་རྐྱེན་པས་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་ད་དུང་སྔར་བས་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད།          

  ཝང་ཤོན་གྱིས་ཚན་རྩལ་པུས་ཚྭ་མཚོའི་ཐོན་ཁུངས་འཚེ་མེད་དང་རིན་ཐང་མཐོ་པོས་རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་བེད་སྤྱོད་བྱ་བར་མཆན་འགོད་བཀའ་ལན་གནང་ནས་སྟེགས་བུ་དེ་བརྒྱུད་རྒྱལ་ཡོངས་ཀྱི་ཚྭ་མཚོའི་ལེགས་ཆའི་ཚན་རྩལ་སྟོབས་ཤུགས་བསྡུ་སྒྲིལ་དང་།    གནས་བཞི་གཞི་གཅིག་གིས་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན།    ཐོན་སློབ་ཞིབ་གསུམ་མཉམ་རྒྱལ་གྱི་མ་ལག་འཛུགས་པ།    རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱིས་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བྱས་ནས་རྒྱལ་ནང་གི་གཙོ་གནད་ཚོད་ལྟ་ཁང་རྩེ་གྲར་འགྱུར་རྒྱུའི་བརྩོན་ལེན་བྱེད་དགོས་པ་དང་།     ཚན་རྩལ་པུའུ་ཡིས་རྒྱལ་ཁབ་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་པར་མཆན་འགོད་བཀའ་ལན་གནང་ནས། སྟེགས་བུ་དེ་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་གསར་གཏོད་ཀྱི་མཐོ་སར་འགྱུར་བར་བརྩོན་ལེན་བྱས་ཏེ་ཚྭ་མཚོའི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བ་ལ་འདེགས་སྐྱོར་བྱ་དགོས་པའི་གྲོས་གཞི་བཏོན།   

  གཡང་སྐྱིད་ཀྱིས་བསྒྱུར།  

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
【ཚོགས་ཆེན་གཉིས་སྟེང་གི་ཐབས་འདོན་ཇུས་འབུལ】ཨུ་ཡོན་ཝང་ཤོན་གྱིས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་ཚྭ་མཚོའི་ཚན་རྩལ་གསར་གཏོད་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན་པ།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།