ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདདཔྱད་བརྗོད།
【ཚོགས་ཆེན་གཉིས་སྟེང་གི་ཐབས་འདོན་ཇུས་འབུལ】མཚོ་སྔོན་འཐུས་མི་ཚོགས་པས་མཚོ་སྔོན་ཞིང་ཆེན་དེ་ཉིད་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་རྒྱའི་རྒྱལ་ཁབ་ལྟེ་བའི་ལྷུ་ཚིགས་སུ་འཇུག་དགོས་པའི་གྲོས་གཞི་བཏོན་པ།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-03-09 11:19:05

  མདོ་དབུས་མཐོ་སྒང་གི་གཞི་གྲངས་ཀྱི་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་ཤར་ནུབ་རྒྱུད་ཀྱི་རྩིས་རྒྱག་ནུས་པ་གསབ་རེས་དང་མཐུན་སྦྱོར་མཉམ་འགུལ་མངོན་འགྱུར་བྱ་ཆེད།    རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་མི་ཚོགས་པས། མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་རྒྱག་ཤུགས་ཀྱི་དྲ་རྒྱའི་རྒྱལ་ཁབ་ལྟེ་གནས་ཀྱི་ལྷུ་ཚིགས་སུ་འཇུག་དགོས་པའི་གྲོས་གཞི་བཏོན།     

  གྲོས་གཞིའི་ནང་།     མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནང་བའི་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པའི་མཛུབ་སྟོན་གལ་ཆེན་ལྟར།     གཞི་གྲངས་ཆེན་མོའི་ལྟེ་གནས་འཚེ་མེད་ཅན་དང་ལེགས་བསྡུས་ཅན་གྱི་འཕེལ་རྒྱས་ལ་མགྱོགས་པོར་སྐུལ་འདེད་བཏང་ནས《མཚོ་སྔོན་ཞིང་ཆེན་གྱིས“ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་བཀོད་སྒྲིག་བྱ་བའི་ཇུས་གཞི》བཏོན་ནས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་བཟོས་ཏེ། ནུས་རྒྱུའི་ལེགས་ཆར་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་གཞི་གྲངས་ལྟེ་གནས་དང་དྭངས་གཙང་ནུས་ཁུངས།“ཐཱན་གཉིས”ཀྱི་ལས་དོན་མཉམ་འདྲེས་འཕེལ་རྒྱས་ལ་ཐབས་ལམ་གསར་པ་བཏོད་ཡོད།     མཚོ་སྔོན་གྱི་རང་བྱུང་ཁོར་ཡུག་ལེགས་པས་འཚེ་མེད་ནུས་ཁུངས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་།    མཚོ་སྔོན་དུ་རྒྱལ་ཁབ་ཀྱི་ལྟེ་བའི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ལེགས་ཆ་དང་འཚེ་མེད་ནུས་ཁུངས་ཀྱི་དགེ་མཚན་དག་ཐོན་ལས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བར་ཕན་ཐོགས་ཡོད།    ནུས་རྒྱུའི་ཐོན་ཁུངས་ཀྱི་དུས་ཚོད་དང་།    བར་མཐོངས།    ཐོན་ཁུངས་ཀྱི་དྲ་བ།    ནུས་གསོག ་རིན་གོང་སོགས་ཐད་ཀྱི་གནས་འཛོལ་དཀའ་གནད་ནུས་ལྡན་སེལ་བ་དང་།     ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་འཚེ་མེད་ནུས་ཁུངས་དང་གཞི་གྲངས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བ།    རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བཅས་ལ་ཕན་པ་ཡོད་དོ།།   

གཡང་སྐྱིད་ཀྱིས་བསྒྱུར།   

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
【ཚོགས་ཆེན་གཉིས་སྟེང་གི་ཐབས་འདོན་ཇུས་འབུལ】མཚོ་སྔོན་འཐུས་མི་ཚོགས་པས་མཚོ་སྔོན་ཞིང་ཆེན་དེ་ཉིད་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་རྒྱའི་རྒྱལ་ཁབ་ལྟེ་བའི་ལྷུ་ཚིགས་སུ་འཇུག་དགོས་པའི་གྲོས་གཞི་བཏོན་པ།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།