ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྟེང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་བཀོད་སྒྲིག་གསར་པ་བྱས་ནས་ལྟ་ཞིབ་ཁྲིམས་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-03-09 09:54:30
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ལྷན་གྱིས་ལས་དོན་འབྲེལ་གཏུག་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཟུར་པ། ཀྲུའུ་རེན་ཟུར་པ་ཉི་མ་སྒྲོལ་མ་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།
ཉི་མ་སྒྲོལ་མས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྟེང་། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་བཀོད་སྒྲིག་གསར་པ་བྱས་ནས་ལྟ་ཞིབ་ཁྲིམས་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་འགན་འཁྲི་གསར་པ་གཏན་འཁེལ་གནད་འཁེལ་དང་། ལྟ་ཞིབ་ཁྲིམས་འཛིན་ལས་དོན་གྱི་འབད་བརྩོན་ཁ་ཕྱོགས་གསལ་པོ། སྤྱི་ཚོགས་ཀྱི་འབྲེལ་བ་གསར་པ་ཐག་གཅོད་དང་། བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཐད་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་མཐོ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་སོགས་ཀྱི་ཐད་མཐུན་སྦྱོར་ངང་ཤུགས་རྒྱག་པ་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་ལྟ་ཞིབ་ཁྲིམས་འཛིན་གྱི་འགན་ནུས་ཁག་ཕན་ནུས་ལྡན་པའི་ངང་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།
ཉི་མ་སྒྲོལ་མས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་ལྟ་ཞིབ་ཀྱི་ཁྲིམས་འཛིན་ལས་དོན་ལ་དམིགས་བསལ་གྱི་གནས་བབ་ལྡན་ཡོད་པས། མི་དམངས་མང་ཚོགས་ཀྱིས་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་ཀྱི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པར་བརྡ་ལན་ཧུར་ཐག་སློག་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཁྲིམས་སྐྱོང་གི་བསམ་བློ་བརྟན་པོ་བཙུགས་ནས་ཁ་གཏད་འབྲེལ་གཏུག་སྡེ་ཚན་གྱིས་ཁྲིམས་ལྟར་གྱོད་གཞི་སྒྲུབ་གཉེར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་གི་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་སྐུལ་འདེད་དང་གཙོ་གནད་ཚད་བརྒལ་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས།
སྲིད་འཛིན་དང་ལྟ་ཞིབ། ཁྲིམས་འཛིན་བཅས་ཀྱི་འགན་ནུས་ལས་ཕྱོད་ཆེ་བའི་སྒོ་ནས་འཁོར་སྐྱོད་བྱེད་པར་ཤུགས་རྐྱེན་ཐེབས་པའི་གཏིང་རིམ་གྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་འགག་རྩ་སྔོག་འདོན། ཞིབ་འཇུག་གཏིང་ཟབ་བཅས་ཀྱི་བྱེད་ཐབས་སྤྱད་དེ་སྤུས་ཚད་མཐོན་པོས་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་ལྟ་ཞིབ་ཁྲིམས་འཛིན་ལས་དོན་ལ་སྤུས་ཚད་མཐོན་པོས་སྒོ་ནས་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རང་འགན་གཙང་སྒྲུབ་བྱེད་པ་དང་། སྟབས་བསྟུན་འགྱུར་ལྡོག་དང་འགྱུར་ལྡོག་དོན་གཉེར་ཧུར་ཐག་བྱེད་པ། ལྟ་སྐུལ་གྱི་འབྲས་བུ་འཚོལ་ཞིབ་བྱས་ནས་བྱེད་ཐབས་གསར་པ་སྤྱོད་པ་བཅས་བྱས་ཏེ། ཁྲིམས་སྐྱོང་མཚོ་སྔོན་བསྐྲུན་རྒྱུའི་ཐད་དཔེ་རིས་གསར་པ་ཞིག་འགོད་དགོས་ཟེར།
ལོ་ཙཱ་བ། ལྷ་ཆེན་རྒྱལ།