ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདགསར་འགྱུར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཞིབ་ཚགས་དང་གོ་བ་གཏིང་ཟབ་བླངས་ནས་མེ་ཟོན་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-03-09 09:54:30

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན  2023ལོའི་ཞིང་ཆེན་ཡོངས་ཀྱི་མེ་ཟོན་བྱ་བའི་ཚོགས་འདུ་འཚོགས་ཏེ། 2022ལོའི་མེ་ཟོན་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་མེ་ཟོན་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ།    2023ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས།     ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་།    རྒྱུན་ལས་ཧྲེང་ཀྲང་ཟུར་པ།    ཞིང་ཆེན་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝེ་ཏུང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད།  

  ཝང་ཝེ་ཏུང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་ ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས ཕན་འབྲས་ཆེ་བའི་ངང་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་བསྡོམས་བྱས་པས ཞིང་ཆེན་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་བརླིངསྒོསཇེ་ལེགས་སུ་ཕྱིན་ཡོད།     སྤྱི་ཁྱབ་ཧྲུའུ་ཅིཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཞིབ་ཚགས་དང་གོ་བ་གཏིང་ཟབ་བླངས་ནས་མེ་ཟོན་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།    མེ་ཟོན་བདེ་འཇགས་རྒྱུན་མཐུད་བརྟན་བརླིངལ་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་གཏོང་བ།    མེ་ཟོན་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས།     

  ཝང་ཝེ་ཏུང་གིས་ནན་གྱིས་བསྟན་དོན། ས་ཁུལ་ཁག་དང་སྡེ་ཚན་སོ་སོས་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་མེ་ཟོན་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ ཉེན་ཁའི་མངོན་མེད་རྐྱེན་ངན་གྱི“རང་གི་ཤེས་རྟོག་དང་།    རང་གིས་རང་ལ་ཞིབ་བཤེར།    རང་གིས་བཟོ་བཅོས་རྒྱག་པ”ཡོངས་བསྒྲགས་ཁས་ལེན་ལམ་ལུགས་དོན་འཁྱོལ་ནན་མོབཅས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས   ཉེན་ཁ་བརྒྱུད་རིམ་ལྡན་པའི་ངང་འགོག་ཟོན་དང་སེལ་གྲོལ།    ཉེན་ཁའི་དཔྱད་དཔོག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ།    ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ།    ཁྲིམས་འགལ་བྱ་སྤྱོད་ལ་མགྱོགས་མྱུར་ངང་རྡུང་རྡེག་ནན་པོ་གཏོང་བ།    ཉེན་ཁའི་འགོག་ཟོན་ལ་རང་འགུལ་ངང་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱེད་དགོས།     ངོ་བོའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མེ་ཟོན་སྒྲིག་ཆས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།    ཚན་རྩལ་གྱི་རོགས་འདེགས་ནུས་པ་འདོན་སྤེལ་དང་མེ་ཟོན་དྲིལ་སྒྲོག་སློབ་གསོ་དམ་འཛིནབྱེད་དགོས།     ཕྱོགས་བསྡུས་བབ་བསྟུན་རོགས་སྐྱོབ་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་སྡེ་ཚན་མང་པོས་མཐུན་སྦྱོར་གཞོགས་འདེགས་བྱེད་པའི་བབ་བསྟུན་རོགས་སྐྱོ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།    གནོད་འཚེའི་ལས་འཛོལ་གྱི་བབ་བསྟུན་དང་ལེན་དང་སྔོན་ནས་ཐག་གཅོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ    མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོནཔ་དང་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་བཏང་ནས་དཔུང་ཁག་ལ་དུས་དང་རྣམ་པ་ཀུན་ཏུ་གྲུབ་འབྲས་ཐོབ་པར་བྱེད་དགོས་སོ།།

  ལོ་ཙཱ་བ། ལྷ་ཆེན་རྒྱལ།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཞིབ་ཚགས་དང་གོ་བ་གཏིང་ཟབ་བླངས་ནས་མེ་ཟོན་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།