ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདགསར་འགྱུར།
མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས65པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་འཚོགས་འགོ་ཚུགས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-03-09 09:54:30

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར།  མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས65པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་འཚོགས་འགོ་ཚུགས་པ་དང་།    སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ90ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་། 2023ལོའི་དཔྱིད་དུས་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་བཏོན་པའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས།     

  ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་མུ་མཐུད་དུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ།  རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ལ་ཤུགས་སྣོན་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ།  རྙོག་འཛིང་ཆེ་བའི་གནད་དོན་ལ་ཁ་གཏད་གཅོག་པའི་འཇོན་ཐང་ཧུར་ཐག་གིས་ཆེ་རུ་གཏོང་བ། ཉེན་ཁ་འགོག་པ་དང་དཀའ་གནད་སེལ་བ།  འགྲན་སློང་།    གནོད་འགོག་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་ཟེར།  

  སློབ་མ་ལིའུ་ཕིང་གིས་བཤད་རྒྱུར།     རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པར་ཏང་ཡོན་ལས་བྱེད་པ་མི་སོ་སོའི་འགན་འཁྲི་དང་ལས་འགན།    དགོས་གཏུག་ཆེ་བའི་འདུ་ཤེས་བཅས་ལ་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་།  ནུས་པ་ཆེ་རུ་གཏོང་བ། ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། ཏང་གི་རྗེས་སུ་འབྲང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཆབ་སྲིད་ཐད་བློ་རྩ་བརྟན་པོ་ཡོད་པའི་མི་བསམ་ཤེས་དང་། བསམ་བློ་གཏོང་མཁན་དང་ལག་ལེན་བསྟར་བའི་འབད་བརྩོན་མཁན། རང་འགན་གཙང་སྒྲུབ་བྱེད་མཁན་བཅས་ཀྱི་སྣེ་ཁྲིད་པ་ཞིག་བྱས་ཏེ། རང་རྟོག་ངང་མི་སྒེར་གྱི་དོན་གཉེར་དང་འཕེལ་རྒྱས་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་བྱེད་པའི་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་དགོས་ཟེར།   

  སློབ་མ་ཧོ་ཏེ་ཧུང་གིས་བཤད་རྒྱུར། “ཐེངས་འདིའི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པ་བརྒྱུད། སླད་ཕྱིན་ངས་རང་རྟོག་ངང་དུས་རབས་གསར་པའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་དུས་བབ་གསར་པར་ལྟ་ཞིབ་དང་། གནས་ཚུལ་གསར་པར་ཞིབ་འཇུག གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་ཐད་བྱང་ཆུབ་པ་དང་ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་བྱེད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན”ཟེར། 

ལོ་ཙཱ་བ། ལྷ་ཆེན་རྒྱལ།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས65པ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་འཚོགས་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།