ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདའཐུས་མིའི་སེམས་འདུན།
མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།  
སྤེལ་དུས། 2023-03-09 08:49:35

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚབ་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་མཁན་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས ཚོགས་ཆེན་གྱི་འབྲེལ་ཡོད་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་འཆར་ཟིན་ལ་གྲོས་ཞིབ། འབྲེལ་ཡོད་འོས་མིར་གྲོས་སྡུར་བཅས་བྱས་ཏེ བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གྲོས་གཞིའམ་གྲོས་འགོ་བཏོན་པ་རེད།  ཁྲེན་ཀང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད་གནང་བ་དང་ ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་རེད། 

ཁྲེན་ཀང་གིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་གྱི་དུས་ཚོད་ཐུང་་ལས་འགན་ལྕི་། བླང་བྱ་མཐོ་བས། མཚོ་སྔོན་འཐུས་ཚབ་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཚོགས་འདུའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་སུམ་གྱིས་ཇེ་ཆེར་བཏང་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཚོགས་ཆེན་གྱི་ཞིབ་ཕྲའི་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱས་ནས། ཁྲིམས་ལྟར་དབང་ཆ་སྤྱོད་པ་དང་འོས་འགན་ནན་སྒྲུབ། སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བཅས་བྱས་ཏེ། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས། ཚོགས་འདུའི་ལས་འགན་ཁག་སྤུས་ཚད་མཐོ་བའི་ངང་ནས་ཡོངས་འགྲུབ་བྱེད་དགོས། རང་སྟོབས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་དང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་རྐང་ཚུགས་པར་བྱེད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཟུང་འབྲེལ་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་ལ་ཞིབ་འཇུག་གཏིང་ཟབ་དང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞི”སྐྲུན་པ་སོགས་ལ་དམ་པོར་དམིགས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་གྲོས་གཞི་དང་གྲོས་འགོ་འདོན་དགོས་ཟེར།

ཚོགས་ཐོག་ནས་གྲོས་གཞི2དང་གཙོ་གནད་གྲོས་འགོ17འཐུས་ཚབ་ཚོགས་པའི་མིང་ཐོག་ནས་ཚོགས་ཆེན་ལ་འབུལ་རྒྱུར་གྲོས་མཐུན་བྱུང་བར་མ་ཟད། འཐུས་མི་མི་སྒེར་རམ་ཡང་ན་མིང་མཉམ་འགོད་ཀྱི་རྣམ་པས་ཚོགས་ཆེན་ལ་འབུལ་རྒྱུའི་གྲོས་འགོ་བཏོན་པར་གྲོས་མཐུན་བྱུང་། 

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།  

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།