ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲི
རྩོམ་སྒྲིག་པ། ཁོན་ཐར་འཚོ།
སྤེལ་དུས། 2023-03-06 09:29:28
ཟླ་གསུམ་པའི་ཚེས་གཉིས་ཉིན་གྱི་སྔ་དྲོ། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས་པ་དང་རེ་བ་བཏོན། དབྱང་ཧྥུན་ཁྲུན་དང་ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་བལྟས་ན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནི་ང་ཚོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དང་། ཆེས་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་བཀོད་སྒྲིག་གལ་ཆེན་གནང་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱིས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ས་རུ་འགྲེང་སྟེ། རྒྱལ་སྤྱི་དང་རྒྱལ་ནང་གི་ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏིང་ཟབ་སྒོས་དམ་འཛིན་བྱས་ནས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཚན་རྩལ་རང་སྟོབས་རང་བརྩོན་གྱི་རྩ་བ་བརྟན་པར་བྱེད་པར་ཕྱོགས་ཡོངས་རང་བཞིན་གྱི་བཀོད་སྒྲིག་གནང་ཞིང་། རྨང་གཞིའི་ཞིབ་འཇུག་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཞིང་། རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པར་འདོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དམངས་ཆེན་གྱི་འགན་ནུས་ལ་རྐང་བཙུགས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་དགོས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། སྔོན་ལ་ཞིབ་འཇུག་འཆར་འགོད་བྱས་ཏེ། སྐོར་ཐེངས་གསར་བའི་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས། རང་ངོས་འཛུགས་སྐྲུན་དེ་རྐས་རིམ་གསར་བ་དང་ཆུ་ཚད་གསར་བ་རུ་སླེབས་པར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚན་རིག་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་གལ་ཆེན་དང་ཟུང་འབྲེལ་བྱས་ནས། རྣམ་པ་སྣ་མང་ལ་བརྟེན་ནས་ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་། ཁྲིམས་སྐྱོང་གི་ཐབས་ལམ་བརྒྱུད་ནས་རང་ཞིང་གི་རྨང་གཞིའི་ཞིབ་འཇུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། མིག་སྔའི་བྱ་བ་ལེགས་པོར་སྒྲུབ་དགོས། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཚོསྔོན་འཐུས་ཚབ་ཚོགས་པའི་ཞབས་ཞུའི་བྱ་བ་བཟང་བོར་སྒྲུབ་པ་དང་མཉམ་དུ། བྱ་བ་སོ་སོའི་མགོ་བཟང་པོར་བརྩམས་ཏེ། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་བ་དམ་འཛིན་བཟང་བོ་བྱེད་དགོས།