ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདགྲོས་གཞི་དང་གྲོས་ཞིབ།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི(རྒྱ་སྐྱེད)ཚོགས་འདུ་འཚོགས་པ།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-03-06 09:29:27

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།    ཟླ3པའི་ཚེས2ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས།     ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཝང་ལི་མིང་གིས་གཙོ་སྐྱོང་བྱས་ནས་བླང་བྱ་བཏོན།     དབྱང་ཧྥུང་ཁྲུན་དང་།    ཉི་མ་སྒྲོལ་མ།    ཀྲང་ཧོང་ཡོན།    ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་ཡོད།     

  ཚོགས་འདུའི་སྟེང་།    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནི་རང་རྒྱལ་གྱི་ལོ་རྒྱུས་ཀྱི་དུས་ཚིགས་གལ་ཆེན་དང་འགག་རྩའི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་།    དེས་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་བཀོད་སྒྲིག་གལ་ཆེན་བྱས་ཡོད།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་།     ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ལངས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་ཚན་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་དང་སྟངས་འཛིན་གཏིང་ཟབ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་བསྣན་ནས་ཚན་རྩལ་རང་ཚུགས་རང་འཕེལ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ། རྨང་གཞིའི་ཞིབ་འཇུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།    

  ཚོགས་འདུས་བསྟན་དོན།    དམངས་འཐུས་ཚོགས་ཆེན་གྱི་འགན་ནུས་ལ་གཞི་ཚུགས་ནས་ལག་བསྟར་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་ལྟར།    སྔོན་ལ་འཆར་འགོད་ཞིབ་འཇུག་དང་།    རེས་སྐོར་གསར་པའི་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།    རང་ངོས་ལེགས་སྐྱོང་སྐས་རིམ་གསར་པ་དང་ཆུ་ཚད་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་།       ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་བའི་སྐོར་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ལ་ཟུང་འབྲེལ་བྱས།     བྱེད་ཐབས་སྣ་ཚོགས་སྤྱད་དེ་ཁྲིམས་ལྟར་ལྟ་སྐུལ་ཡང་དག་དང་ཕན་འབྲས་ཐོན་པར་བྱེད་པ་དང་།    ཁྲིམས་སྐྱོང་གི་ཐབས་ལམ་བརྒྱུད་དེ། རང་ཞིང་ཆེན་གྱི་རྨང་གཞིའི་ཞིབ་འཇུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།     གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་ད་སྔའི་བྱ་བ་ལེགས་པར་བསྒྲུབ་དགོས།     རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་མཚོ་སྔོན་འཐུས་མི་ཚོགས་པའི་ཞབས་ཞུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། དུས་མཚུངས་འགོ་ཚུགས་ཀྱི་བྱ་བ་སོ་སོ་ཡག་པོ་བསྒྲུབ་རྒྱུ་མ་ཟད་ད་དུང་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་དག་ཐེར་དོན་འཁྱོལ་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས་ཟེར།    

གཡང་སྐྱིད་ཀྱིས་བསྒྱུར།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི(རྒྱ་སྐྱེད)ཚོགས་འདུ་འཚོགས་པ།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།