ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། འོས་སྦྱོར།2023ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཆེདགྲོས་གཞི་དང་གྲོས་ཞིབ།
རྒྱལ་ཡོངས་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་འགན་གསར་འཁུར་བའི་མཚོ་སྔོན་གྱི་འཐུས་མི་རྣམས་ལ་སློབ་སྦྱོང་གི་གསོ་སྦྱོང་སྤེལ་བ།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-03-06 09:29:27

    མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན་ནས་ཟླ3པའི་ཚེས2ཉིན་བར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འགན་གསར་འཁུར་བའི་འཐུས་མི་རྣམས་སྒྲིག་འཛུགས་བྱས་ནས་མཉམ་དུ་ཚོགས་ཆེན་སྐབས་འཐུས་མིའི་འགན་སྒྲུབ་གྱི་ལས་རིམ་གལ་ཆེན་ཕྱོགས་ལ་ཆེད་དོན་སློབ་སྦྱོང་བྱེད་དུ་བཅུག ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་འཐུས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལི་མིང་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མཱ་ཧྲི་ཀུང་དང་མཱ་ཧྥུའུ་ཁྲང་། ཝང་ཧྭ་ཅེ། ཝང་གོ་ཏུང་། རིན་ཆེན་བཀྲ་ཤིས། པིས་ཧྲིན་ལུང་། ཆའོ་ཡཱ་ཆུན། ལིའུ་ཞའོ་རུང་། ཞུའུ་ཆེན་མེན། ཡུན་ཧུང་ཝེ། བསོད་ནམས་བསྟན་འཛིན། ཤ་བོ་སྒྲོལ་མ། གོ་ཅིན་ཕེན། ཏུང་ཆོན་མེན། ཅང་ཀྲི་ཀང་བཅས་དང་། བཅིངས་འགྲོལ་དམག་དང་དྲག་ཆས་དམག་དཔུང་འཐུས་ཚབ་ཚོགས་པའི་འཐུས་མི་ཧྲི་ཧྲུའུ་ཧི་དང་དབྱང་ཀྲི་ཆིང་། ཀྲང་ཧྥ་ཅུའུ། ཧི་ཐེན་ཐེན་བཅས་ཆེད་དོན་གསོ་སྦྱོང་ལ་ཞུགས།

  ཝང་ལི་མིང་གིས་བསྟན་དོན།   རང་ཞིང་དུ་གསར་དུ་ལས་འགན་ཁུར་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་མཐའ་འཁྱོངས་དང་།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་ལ་སྣེ་ཁྲིད་དེ།     རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ལ་སློབ་སྦྱོང་ནན་མོ་བྱས་ནས་“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་དགོས་པ་དང་།   དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་གལ་ཆེའི་དོན་སྙིང་དང་།    གོ་གནས།    ནུས་པ།    ཁྱད་ཆོས་བཅས་ལ་གོ་བ་གཏིང་ཟབ་བླངས་ཏེ།  བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་དགོས།    དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་དབང་ཆ་དང་འོས་འགན་ལ་གོ་བ་ཡང་དག་དང་སྟངས་འཛིན་ཡང་དག་བྱས་ཏེ།  ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཆུ་ཚད་ཇེ་མཐོར་བཏང་ནས་མཚོ་སྔོན་འཐུས་མི་ཚོགས་པའི་རྣམ་པ་བཟང་པོ་མངོན་དགོས་ཟེར།     

  འཐུས་མི་རྣམ་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་གཅིག་བསྡུས་ཐོག་སློབ་སྦྱོང་བྱས་ཏེ།   རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ཆེད་དོན་སྙན་ཞུ་དང་གནས་ཚུལ་ཁྱབ་སྒྲོག་བརྙན་འཕྲིན་སོགས་ལ་དུས་གཅིག་ཏུ་བལྟས་པ་དང་།    ཚང་མས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་།    ཏང་གི་འདོད་ཚུལ་མངོན་འགྱུར་བྱ་རྒྱུ་དེ་འཐུས་མིའི་འགན་འཁྲི་སྒྲུབ་པ།    འཐུས་མིའི་ནུས་པ་འདོན་སྤེལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མངོན་པར་བྱེད་དགོས་ཟེར།

གཡང་སྐྱིད་ཀྱིས་བསྒྱུར། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རྒྱལ་ཡོངས་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་འགན་གསར་འཁུར་བའི་མཚོ་སྔོན་གྱི་འཐུས་མི་རྣམས་ལ་སློབ་སྦྱོང་གི་གསོ་སྦྱོང་སྤེལ་བ།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།