བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་རིམ་པ་5.0ཅན་གྱི་ས་ཡོམ་བྱུང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཀྲུང་གོའི་ས་ཡོམ་ཁང་དྲ་བའི་དངོས་སུ་ཚད་འཇལ་བྱས་པ་ལྟར་། ཟླ12པའི་ཚེས11ཉིན་གྱི་ཆུ་ཚོད19དང་སྐར་མ59སྟེང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་མཚོ་གཉིས་རྫོང་དུ་རིམ་པ5.0ཅན་གྱི་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་ལེ་དབར10ཡོད། ས་ཡོམ་གྱི་ལྟེ་བ་བྱང་གི་གཞུང་ཐིག32.95དང་ཤར་གྱི་འཕྲེད་ཐིག་ཏུའུ88.65ན་ཡོད།

ཐེངས་འདིའི་ས་ཡོམ་གྱི་ལྟེ་བ་ནས་མཚོ་གཉིས་རྫོང་དབར་ལ་ལེ་དབར31.48ཡོད། ཡུལ་མི་དག་གིས་རྫོང་མཁར་གྱི་ཡོམ་ཚོར་མངོན་གསལ་རེད་ཟེར། ཡོམ་ལྟེ་ནས་དགའ་ཚོ་ཡུལ་ཚོའི་དབར་ལ་ལེ་དབར41.82ཡོད།

གསར་འགོད་པས་ཡུལ་ཚོ་དེ་གར་རྒྱུས་ལོན་པ་ལྟར་ན། ས་ཡོམ་བྱུང་རྗེས་ཡུལ་ཚོ་སྲིད་གཞུང་གིས་ཐོག་མར་ཞིབ་བཤེར་བྱེད་སྒང་ན་ཡོད། ད་སྔའི་བར་མི་ལ་ཤི་རྨས་ཐེབས་པ་དང་། ཁང་པ་རྡིབ་པའི་གནས་ཚུལ་མི་འདུག་ལ། བརྡ་འཕྲིན་དང་། གློག་འདོན། འགྲིམ་འགྲུལ་བཅས་རྒྱུན་ལྡན་ན་ཡོད་དོ།།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།