
དབྱར་དུས་ཀྱི་དུས་སུ་མཚོ་སྔོན་གྱི་ས་གཞི་ཆེ་མོར་བསྐྱོད་སྐབས་སྔོ་ལྗང་གི་རྣམ་པར་བཀྲ་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན།སྔོ་ལྗང་གི་མ་རྨོས་ལོ་ཏོག་གི་མྱུ་གུ་རླུང་དང་བསྟུན་ནས་གཡོ་བ་དང་།ཤིང་འབྲས་དང་ཤིང་ཏོག་སྣ་ཚོགས་ལོ་མའི་ཁྲོད་དུ་མགོ་བོ་མཐོང་བ།ནོར་ལུག་གིས་བག་ཕེབས་ངང་གཟན་རྩྭ་ཟ་བཞིན་ཡོད་པ།ཞིང་པའི་དགའ་སྤྲོའི་འཛུམ་མདངས་དེ་རེ་བའི་ས་ཞིང་དུ་གང་འདོད་དུ་གློད་བཞིན་ཡོད་པ།གསོན་ཉམས་ལྡན་པའི་རྣམ་པ་རེ་རེ་བཞིན་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་རི་མོ་ཞིག་ཏུ་གྱུར་ཡོད།
གྲོང་གསེབ་ཀྱི་རྨང་གཞི་བརྟན་པོ་དང་ཞིང་ལས་འཕེལ་རྒྱས་བརྟན་པོ་ཡོད་པས་དཔལ་འབྱོར་གྱི་གཞི་རྩའི་འཆར་གཞི་བརྟན་པོ་ཡོང་བ་དང་དམངས་འཚོའི་མཐའ་ཚད་འགན་ལེན་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ལྡན་ཡོད།འདི་ལོའི་དུས་ཚོད་ཕྱེད་ཀ་ལྷག་ཙམ་ཟིན་པ་དང་།མཚོ་སྔོན་གྱི་ཞིང་འབྲོག་ལས་ཀྱིས་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས“རྒྱུན་མཐུད་གཉིས་དང་།འཕར་བ་གསུམ།ཤུགས་རྒྱག་པ་བཞི”བཅས་ལ་དམིགས་ནས་ཞིང་ལས་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་།ཞིང་འབྲོག་ལས་ཀྱི་བརྟན་ཞིང་གྲངས་འབོར་གྱི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་བྱས་ནས་ནོར་ལུག་དང་།ཕག་པའི་ཐོན་ནུས་སླར་གསོ།སྒྲིག་བཀོད་སྔོ་ཚལ་ཐོན་སྐྱེད་དང་ཉ་ལས་ཐོན་ནུས་མཐོར་གཏོང་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས།ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་ཐོན་ལས་དང་པོའི་འཕར་ཐང་འདྲ་མཚུངས་སྔོན་རྩིས་བརྒྱ་ཆ་5.4འཕར་ནས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་1.7ལས་མཐོ་བ་དང་། གྲོང་གསེབ་ཀྱི་ཡུལ་མི་གྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་བརྒྱ་ཆ་5.9འཕར་བ། ཞིང་འབྲོག་ལས་དཔལ་འབྱོར་བརྟན་ལྷིང་ཁྲོད་ལེགས་སུ་ཕྱིན་པ། དམིགས་ཚད་ཁག་ལས་འགན་དང་མངོན་འགྱུར་གི“ཕྱེད་ཀ་ལས་བརྒལ་བ”བཅས་རེད།
“བརྟན་ལྷིང”གི་ཐོག་ནས་མཚོ་སྔོན་གྱི་ཞིང་འབྲོག་ལས་ཀྱི་མཉེན་ཤུགས་ཆེན་པོ་མངོན་ཡོད།
བརྟན་པོ་དང་པོ།“རྨོ་འདེབས”ཀྱི་རྨང་གཞིའི་ཐོག“འབྲུ་རིགས་ཁུག་མ”བརྟན་པོ་སྲུང་དགོས།
དབྱར་དུས་སུ་སླེབས་སྐབས་མཚོ་སྔོན་ཤར་རྒྱུད་ཀྱི་ཁྲོན་ཧྲུའེ་རོང་སའི་དགུན་གྲོ་བརྔ་བསྡུ་མཇུག་འགྲིལ་ཉེར་ཡོད་པ་དང་ཞིང་ནང་འཕྲུལ་འཁོར་གྱིས་འུར་སྒྲ་སྒྲོག་པ་དང་ནུས་ཆེའི་ཞིང་འཕྲུལ་ཅན་གྱི་ཞབས་ཞུ་བྱས་ནས་དབྱར་འབྲུའི་འབྲུ་རྡོག་སྔ་ཙམ་མཛོད་དུ་འཇུག་རྒྱུར་འགན་ལེན་ཡག་པོ་བྱས་ཡོད།
འབྲུ་མཛོད་དངོས་སུ་གྲུབ་ན་གནམ་འོག་བདེ་འཇགས་ཡིན།དབྱར་འབྲུར་ལོ་ལེགས་བྱུང་བ་དེས་ལོ་ཧྲིལ་པོའི་འབྲུ་རིགས་བརྟན་པོ་ཡོང་བར་རྨང་གཞི་ཡག་པོ་བཏིང་ཡོད།“འབྲུ་རིགས་བདེ་འཇགས་ཀྱི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་ནས་འབྲུ་རིགས་ཐོན་སྐྱེད་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ་དང་།ཐབས་མང་མཉམ་སྤྱོད་ཀྱིས་འབྲུ་རིགས་ཐོན་སྐྱེད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བས་འབྲུ་སྣུམ་ཐོན་སྐྱེད་ཀྱི་འགོ་ཡག་པོ་ཞིག་བཙུགས་ཡོད”མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་འདེབས་འཛུགས་ལས་རིགས་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔའི་བར་ཞིང་ཆེན་དེ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་སྣ་ཚོགས་འདེབས་ཁྱོན་མུའུ་ཁྲི་869.55(མུའུ་1ལ་མུའུ་0.067)ཟིན་པའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་482.85དང་སྣུམ་རྒྱུའི་སྐྱེ་དངོས་མུའུ་ཁྲི་227.1ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ཀྱི་108.52%དང་102.3%ཚད་བརྒལ་ངང་ལེགས་གྲུབ་བྱུང་ཡོད་པ་རེད།
གྲངས་གཞིའི་མིག་ལམ་དུ་འབྲུ་རིགས་བདེ་འཇགས་ཀྱི་རྒྱབ་ཏུ་དཔྱིད་རྨོད་ཐོན་སྐྱེད་འོག་ཞིང་ལས་དུས་ཚོད་དམ་འཛིན་དང་གྲུབ་ཆ་ལེགས་སྒྲིག་བྱེད་པའི་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ་མ་ཟད།འབྲུ་རིགས་བརྟན་པོའི་གསང་གྲངས་དེ་བས་སྦས་ཡོད་པ་སྟེ།
——“འབྲུ་རིགས་ས་ཞིང་ལ་བརྟེན་དགོས་”ཞེས་པ་ལས་གཏན་ནས་བརྒལ་མི་རུང་བའི་རྨོ་ཞིང་གི་དམར་ཐིག་ཅིག་ཡིན།
ས་ཞིང་ཁོད་སྙོམས་དང་ཞིང་ཁའི་འགྲོ་ལམ་རིམ་སྤོར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ཁའི་རྣམ་གྲངས་འཁོར་སྐྱོད་ལེགས་གྲུབ་བྱུང་བའི་འོག་ས་ཞིང་བེད་སྤྱོད་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་ས་ཆུ་ཤོར་ཚད་ཉུང་དུ་བཏང་བ་མ་ཟད།ད་དུང་ཞིང་ལས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་དང་ས་ཞིང་སྤྱོད་ཚད་མཐོ་རུ་བཏང་བས་འབྲུ་རིགས་ཐོན་ནུས་སྔར་བས་ཆེ་རུ་འགྲོ་ཐུབ།
“འདི་ལོ་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ནུས་ཆེའི་ཆུ་གྲོན་ཆུང་གིས་ཞིང་ཆུ་འདྲེན་པ་དང་།ཞིང་འཕྲུལ་ཞིང་ལས་ལག་རྩལ་ཁྱབ་གདལ་བེད་སྤྱོད།ས་རྒོད་དུ་བསྐྱུར་ནས་བསྐྱར་རྨོ་བསྐྱར་སྦོལ་སོགས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ལས་འགན་མུའུ་ཁྲི་34.7དོན་འཁྱོལ་བྱས་པ་དེ་ནི་ལོ་ལྔའི་རིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ཞིག་ཡིན་པས‘བཅུ་བཞི་ལྔ’འཆར་འགོད་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་རེད”ཅེས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ཞིང་ཁ་འཛུགས་སྐྲུན་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད།
དེ་དང་ཆབས་ཅིག་ཚད་གཞི་མཐོ་བའི་ཞིང་ཁའི་ལས་གྲྭའི་སྤུས་ཚད“ཕྱིར་མིག་ལྟ་བའི”ཆེད་དོན་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས“འཆར་འགོད་འཛུགས་སྐྲུན་དང་གོ་ཆོད་པའི”འབྲེལ་ཐག་ཧྲིལ་པོའི་དོ་དམ་ལམ་ལུགས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཡོད།རྨོ་འདེབས་གྲ་སྒྲིག་གི་འགག་རྩའི་དུས་སྐབས་དམ་འཛིན་བྱས་ནས་རང་བྱུང་ཐོན་ཁུངས་ལྟ་ཞིབ་ཀྱི་ལྡོག་ལན་གནད་དོན་དག་ཐེར་ཤུགས་ཆེན་བྱས་ཏེ“འབྲུ་རིགས་མིན་པའི”བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།
ཕྱོགས་གཞན་ཞིག་ནས་རྫོང་བདུན་དུ་ཞིང་ཆེན་དང་པུའུ་རིམ་པའི་ལྗང་མདོག་ཐོན་མཐོ་ནུས་ཆེའི་མཉམ་སྐྲུན་རྫོང་མུའུ་ཁྲི་129.68བཏོད་པ་དང་།མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་འགག་རྩའི་ལག་རྩལ་རྒྱ་ཁྱོན་མུའུ་ཁྲི་24དོན་འཁྱོལ་བྱས་པ།“བརྒྱ་སྟོང་ཁྲི”ཡི་ཐོན་མཐོའི་ཞིང་ཁ་464བཙུགས་ནས་ལོ་ཧྲིལ་པོར་ཐོན་འཕར་ལོ་ལེགས་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
——“ལག་རྩལ་ལ་བརྟེན་དགོས་”ཞེས་པའི་ཚན་རྩལ་གྱི་རྟ་ཤུགས་རྒྱུན་ཆད་མེད་པར་བསྣན་པ།
མི་རིང་བའི་གོང་མཚོ་སྔོན་སློབ་ཆེན་ཞིང་ནགས་ཚན་རིག་ཁང་གིས་གསོ་སྐྱོང་བྱས་པའི“མཚོ་སྔོན་གྱི་ཞོག་ཁོག་སྔ་མ”ལ་ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་སྐྱེ་དངོས་གཙོ་བོ་མིན་པའི་ཐོ་འགོད་ལག་ཁྱེར་ཐོབ་པ་དང་།མཚོ་སྔོན་ཞིང་ཆེན་གྱིས་རང་བརྟེན་སོན་འདེབས་བྱས་པའི་ཞོག་ཁོག་གི་སྔ་སྨིན་སོན་རིགས་དང་པོ་དེ་ཚོད་ལྟའི་ཞིང་ནང་འགྱིག་ཤོག་གཉིས་འདེབས་འཛུགས་ལག་རྩལ་བརྒྱུད་མུའུ་རེའི་ཐོན་ཚད་སྤྱི་རྒྱ་2500ཟིན་པ་དེ་སྲོལ་རྒྱུན་གྱི་སོན་རིགས་དང་བསྡུར་ན་50%ཙམ་འཕར་ཡོད་པ་རེད།
སོན་བཟང་སྔོན་ལ་སྤེལ་ནས་ས་བོན་གྱི་སྤུས་ཚད་འགན་ལེན་བྱ་རྒྱུ་ནི་རང་རེའི་ཞིང་ཆེན་གྱི་འབྲུ་རིགས་བརྟན་པོ་ཡོང་བའི་རྨང་གཞི་ཡིན།ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་གསར་པ་8ལ་ཞིབ་བཤེར་གཏན་འབེབས་བྱས་པ་དང་ཞིབ་བཤེར་གཏན་འབེབས་ཐེངས་དང་པོ་བྱས་པའི་འབྲུ་མཁྲེགས་གྲོའི་སྣ་ཁ་ཚུད་ཡོད་པ་དང་།རྒྱལ་ཡོངས་ཀྱི་ནས་ཀྱི་སྣ་ཁ་དང་པོ“ཁུ་ནུ་ཨང་18པའི”སོན་དབང་གྲུབ་འབྲས་ཐོབ་པའི་ངང་སྐྱེད་སྲིང་དང་ནང་བཤུག་བཏང་ཡོད་པ་རེད།མིག་སྔའི་བར་ཞིང་ཆེན་དེ་ཡོངས་ཀྱིས་སྤུས་ལེགས་དང་།ཐོན་མཐོ།ཐོན་སྐྱེད་བཅས་ལ་འཚམ་པའི་ཞིང་ལས་སྐྱེ་དངོས་ཀྱི་སྤུས་ལེགས་སྣ་ཁ་40འོས་སྦྱོར་བྱས་པ་དང་སྤྱོད་ཁྱོན་མུའུ་ཁྲི་400ཟིན་པ་དང་སོན་བཟང་ཁྱབ་ཚད་98ཡན་ཟིན་པའི་ནང་རྒྱུད་འདྲེས་པད་ཁ་དང་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་སོན་བཟང་ཚང་མར་ཁྱབ་ཡོད་པ་རེད།

གཉིས་པ།ཤ་བཟང་ཚལ་སོས་པ་འདང་ངེས་ཡོད་པ།
སྔོ་ཚལ་དང་།སྒོ་ང་།ཤ་སོགས་“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་དེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་།མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དང་ཐད་ཀར་འབྲེལ་བ་ཡོད།
ཟླ་7ཚེས་21ཉིན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཏན་མ་གྲོང་རྡལ་ཤིན་ཐེན་པའོ་ཡི“ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི”སྔོ་ཚལ་རྟེན་གཞིའི་ནང་སྔོ་ཚལ་སྣ་ཁ་གཉིས་པ་སྐྱེ་འཚར་ཡག་པོ་བྱུང་ཡོད།དེ་མིན་འདེབས་འཛུགས་བྱས་པའི་རྩ་རྒྱུས་མེད་པའི་དུས་ཚིགས་བཞིའི་སྲན་མ་དང་།ཀོང་ཏུང་གི་དྲི་ཞིམ་རྩྭ(པད་སྲབ་པོ)།གཉེར་སྒྲོའི་ལྭ་བ་ཀན་སྔོན་པོ་སོགས་གྲང་ཚལ་ཚང་མ་བརྟན་པོའི་ངང་ཐོན་གྱི་ཡོད།
ས་མཐོའི་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཉེ་བའི་ལོ་ཤས་རིང་དགོན་ལུང་རྫོང་གི་ས་མཐོའི་གྲང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཚ་ཚ་འུར་འུར་བྱུང་བ་དང་།དེ་གར་ཐོན་པའི་སྔོ་ཚལ་གྱི་སྤུས་ཚད་མཐོ་བ་མ་ཟད།སྣ་ཁ་ཡང་ཕུན་སུམ་ཚོགས་པོ་ཡོད།དེ་དག་གིས་ཕྱི་ཕྱོགས་ཚོང་དོན་གྱི་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་ཕྱི་ཕྱོགས་ཚོང་དོན་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་བརྒྱུད་ཞིང་ཆེན་ཕྱི་ནང་གི་མང་ཚོགས་ཀྱི་གསོལ་ལྕོག་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ཡོད།
གྲང་ཚལ་དེ་གྲོང་གསེབ་ཀྱི་ཚ་རླབས་ཆེ་བའི་ཐོན་ལས་སུ་གྱུར་པའི་མིག་སྔར་མཚོ་སྔོན་གྱིས་ས་མཐོའི་གྲང་བསིལ་སྔོ་ཚལ་གྱི་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་བསྐྲུན་རྒྱུའི་རེ་ཞུ་ཧུར་ཐག་བྱས་ནས་ཙོང་ཆུའི་རྒྱལ་ཁབ་རིམ་པའི་ས་མཐོའི་གྲང་འཁྱག་སྔོ་ཚལ་ཐོན་ལས་གླིང་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་།ལོ་སྟོད་དུ་སྟར་པ་3800ལྷག་ཙམ་གྱི་སྒྲིག་བཀོད་དྲོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱས་ནས་ཆུ་ལུད་གཞི་གཅིག་ཅན་དང་སྣ་ཁ་མང་ལ་ཞིབ་ཚགས་པའི་འདེབས་འཛུགས་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་བས་སྔོ་ཚལ་འདེབས་ཁྱོན་དང་ཐོན་ཚད་ན་ནིང་ལས་མུའུ་4000དང་མྱུ་གུ་ཏུན་1400མང་དུ་ཟླ་དྲུག་པའི་ཟླ་མཇུག་བར་ཞིང་ཆེན་དེ་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་51ཟིན་པ་དེ་དུས་མཚུངས་ལས་2.8%འཕར་བ་དང་ཐོན་འབབ་ཏུན་ཁྲི་49.8ཟིན་པ་དེ་དུས་མཚུངས་ལས་8.4%འཕར་ཡོད།
ང་ཚོས་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་དང་ཐོན་ཚད་གཉིས་ཀ་འཕར་བའི་ཁྲོད་ནས་སྔོ་ཚལ་མཁོ་སྤྲོད་འདང་ངེས་ཀྱི་རྣམ་པ་ཞིག་ཏུ་གནས་ཡོད།དབྱར་ཁ་ཤར་ཚུན་མཚོ་སྔོན་གྱི་ས་མཐོའི་གྲང་འཁྱག་སྔོ་ཚལ་མང་པོ་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་ནས་རྒྱལ་ཡོངས་ས་གནས་ཁག་གི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་བཏང་ཡོད།
“ཤ་ཚལ་སྒོང་གསུམ”ནང་གི་ཐོན་རྫས་གལ་ཆེན་གཞན་ཞིག་ཡིན་པའི་ངོས་ནས་ནོར་ལུག་དང་ཕག་པ་བཅས་ཀྱི་ཁྲོམ་རའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།
གྲངས་གཞིའི་ཐོག་ནས་བལྟས་ན།ཟླ་དྲུག་པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་སུ་མོ་ཕག་གསོ་ཚགས་བྱེད་ཚད་ཁྲི་6.42ཟིན་ནས་ལྗང་མདོག་གི་བར་མཚམས་སུ་གནས་པ་དང་།ནོར་ལུག་དང་།ཕག་པ།བྱ་རིགས་བཅས་ཀྱི་ཤ་ཐོན་ཚད་ཏུན་ཁྲི་18.0ཟིན་པ་དེ་དུས་མཚུངས་ལས་32.61%འཕར་བ།བྱ་སྒོང་ཐོན་ཚད་ཏུན་ཁྲི་1.19ཟིན་ནས་33.3%འཕར་ཡོད།
སྤུས་ཚད་ཐོག་ནས་བལྟས་ན།རྟ་ཐང་སོགས་རྫོང་བཞིར་བཤས་ཕྱུགས་འཕར་ཚད་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ནས་འོ་མ་འདེབས་མཁན་ཞིང་པ་10གསོ་སྐྱོང་དང་ལས་སྣོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།གསེར་ཆེན་དང་།རྩེ་ཁོག་།དར་རི།ཧེ་ཡན་བཅས་རྫོང་བཞིའི་རྒྱལ་ཁབ་རིམ་པའི་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཚོད་ལྟའི་ལས་དོན་ལ་དུས་འབྲིང་གི་དཔྱད་དཔོག་བྱས་པ་བརྒྱུད་འབྲོག་ལུག་གི་རྒྱུད་བཟང་གསོ་སྤེལ་དང་མི་ཐབས་ལ་བརྟེན་ནས་སྤུས་ལེགས་སྤྲོད་པའི་ལག་རྩལ་ཁྱབ་གདལ་བཏང་སྟེ“འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི”རྣམ་གྲངས་དང“ཐོན་མཐོ་སྤུས་ལེགས་འབུ་སུ་ཧང་དཔེ་སྟོན”རྣམ་གྲངས་ལག་བསྟར་བྱས་པ་རེད།དེ་དང་ཆབས་ཅིག་སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་ནས་དགུན་དཔྱིད་དུས་སུ་གཅིག་སྡུད་རིམས་འགོག་ལས་དོན་བཀོད་སྒྲིག་བྱས་ཏེ་ཤོག་བུ་མེད་པར་སྲོག་ཆགས་ཀྱི་ནད་ཡམས་ཞིབ་བཤེར་དཔང་ཡིག་སྤྲོད་རྒྱུར་སྐུལ་འདེད་བཏང་ནས་རང་དགར་བཤས་གཏོང་བར་རྡུང་རྡེག་ཚ་ནན་གཏོང་བ་དང་ཕྱུགས་རིགས་དང་ཁྱིམ་བྱ་སྐྱེལ་འདྲེན་དང་བཤས་གཏོང་བའི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
ཐོན་སྐྱེད་དམ་འཛིན་ཡག་པོ་དང་མཁོ་སྤྲོད་འགན་ལེན་བྱས་ནས“ཤ་ཚལ་སྒོང་གསུམ”གྱི་བརྟན་པོའི་ངང་མཁོ་སྤྲོད་འགན་ལེན་བྱེད་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་གཉིས་དང་འབྲེལ་བ་ཡོད་པ་དང་།དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པས་ལོ་སྟོད་དུ་“ཤ་ཚལ་སྒོང་གསུམ”བརྟན་པོའི་ངང་འཕར་བ་དེས་ལོ་སྨད་དུ་འཕེལ་ཕྱོགས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
གསུམ་པ།སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས་ལེགས་སྒྲུབ་དང་འདྲེན་གཏོང་བྱ་ཡུལ་བསྐྲུན་དགོས།
ཟླ་6ཚེས་11ཉིན་ལེ་ཏུའུ་ཡིས་ཐད་ཀར་“བྱང་སྐྱོད་ཀོང་ཀང་གྲུ་ཁར་”མཁོ་འདོན་བྱེད་པའི་འཆར་གཞི་ལག་ལེན་བསྟར་ནས་ཉིན་རེར་ཆ་སྙོམས་དངོས་ཟོག་ཏུན་200བཏང་བ་དང་།
ཟླ་6ཚེས་18ཉིན་ཤང་ཀང་STCམཚོ་སྔོན་ཚོད་ལྟ་ཁང་ཟི་ལིང་གྲོང་ཁྱེར་དུ་སྒོ་བྱང་བཀལ་ནས་བཙུགས་པ་དང་ཤང་ཀང་གི་ཁྲོམ་རར་དགའ་བསུ་ཐོབ་པའི་ཐོན་རྫས་སྤུས་ཚད་ཀྱི་མཚོན་རྟགས་དེ་ནི“མཚོ་སྔོན་རྟགས་ཅན”གྱི་ཞིང་ལས་ཐོན་ཟོག་“ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རའི”ནང་འདྲེན་བྱེད་པའི་ལམ་ཡིག་ཡིན་པ་མ་ཟད།དབྱིན་ཇི་དང་།ཁ་ན་ཏ།ཨོ་སི་ཁྲུ་ལི་ཡ་སོགས་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་དང་ས་ཁུལ་53དུ་ཕན་ཚུན་ཁས་ལེན་བྱེད་ཀྱི་ཡོད།“མཚོ་སྔོན་གྱི་ཞིབ་དཔྱད་ཚད་ལེན་དང་ཤང་ཀང་གི་ལག་ཁྱེར་སྤྲོད་པའི”བྱེད་སྟངས་དེ་རིགས་ཀྱིས“མཚོ་སྔོན་ཟོང་རྟགས་རྒྱལ་སྤྱིའི་ཁྲོམ་རར་ཕྱོགས་་པ་རེད།
ཉིན་དེར་མཚོ་སྔོན་ཟི་ལིང་གི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་སྡེབ་སྦྱོར་ལྟེ་གནས་ཀོང་ཏུང་དུ་བཙུགས་པ་དང་།སྲན་ལྗང་དང་ཡུ་རྐང་སོགས་གྲགས་ཅན་གྱི་གྲང་ཚལ་སྣ་ཁ་8ཀོང་ཏུང་དང་།ཤང་ཀང་།ཨའོ་མོན་བཅས་ཀྱི་ཁུག་ཆེན་ཁུལ་གྱི་ཁྲོམ་རར་བཏོན་པས་གྲང་ཚལ་སྔོ་ཚལ“ཉིན་དེར་འཐུ་བ་དང་ཉིན་དེར་སྐྱེལ་སྤྲོད”བྱས་ནས་བྱང་སྐྱོད་དང་ཀོང་ཀྲོའུ་དང་།
རྟ་ཐང་གི་སྲན་མའི་མྱུ་གུ་ཉིན་རེར་ཆ་སྙོམས་མཁའ་འགྲུལ་སྤྱི་རྒྱ་250ནས་ཧྲང་ཧའེ་དང་ཧྲེན་ཀྲེན་བར་སྐྱེལ་འདྲེན་བྱེད་པ།
རྨ་ལྷོ་གཅན་ཚ་ས་ཆུ་ཐོན་སོགས་སྐམ་སའི་ཉ་ལས་གསོ་ཚགས་རྟེན་གཞི་དང་མཉམ་འབྲེལ་ཐོག་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་།ལུང་དབྱང་ཀྲི་ཞན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སི་སོགས་ཞིང་འབྲོག་ཁེ་ལས་6དང་ཤང་ཀང་མེ་ཤིན་ཚོགས་པ་སོགས་ཁེ་ལས་དབར་སྒོར་དུང་ཕྱུར་1གི་གན་རྒྱ་བཞག་པ།
ལོ་སྟོད་ཀྱི“ཕྱིར་སྐྱོད་པའི”གྲུབ་འབྲས་དེ་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བའི་རྣམ་པ་ཧྲིལ་པོར་འཕྲོ་བཞིན་ཡོད་པ་དང་།གཙོ་གནད་དང་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག“གྲང་གཉིས”ཐོན་ལས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཟླ་ལྔ་པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱིས་གྲང་ཚལ་ཏུན1812.8ཕྱིར་གཏོང་བྱས་པར་210%འཕར་བ་དང་།ཆུ་གྲང་ཉ་དང་འབྲེལ་བ་ཡོད་པའི་ཐོན་རྫས་ཏུན་2197ཕྱིར་གཏོང་བྱས་ཤིང་།བརྒྱ་ཆ་120འཕར་ཡོད།
གླེང་རིན་ཡོད་པ་ཞིག་ནི་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང(ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད)ཀྱི་མཁོ་སྤྲོད་སྦྲེལ་ཐག་མ་ལག་གཏོད་པའི་བྱ་སྤྱོད་སྤེལ་ནས་ཤང་ཀང་གི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།མཚོ་སྔོན་གྱི་འབྲེལ་ཡོད་དཔལ་འབྱོར་ཚོང་དོན་གྲོས་མཐུན་དོན་འཁྱོལ་བྱས་པས།ཁེ་ལས་11གིས་ཤང་ཀང་གི་གྲང་ཆུ་ཉ་དང་།སྐམས་ཤ།གྲང་ཚལ་སྔོ་ཚལ།ལི་གྲོ།བོད(ས་ཁུལ)རུམ་སོགས་ཐོན་རྫས་ཁྱོན་སྒོར་ཁྲི་7349མཁོ་འདོན་བྱས་ཡོད་པ་རེད།འདི་ལོ་ཚུན་དུ་ཤང་ཀང་གི་ཞིང་ལས་ཐོན་རྫས་ཏུན་1174མཁོ་འདོན་བྱས་པར་དངུལ་འབོར་སྒོར་ཁྲི་2016ཟིན་ཡོད།
ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་གི་སྤུས་ཚད་འགན་ལེན་ཡག་པོ་བྱས་ནས་ལོ་སྟོད་དུ་མཚོ་སྔོན་གྱིས་2025ལོར་ཞིང་ཆེན་ཡོངས་ཀྱི་གཙོ་ཁྲིད་སྣ་ཁ་95དང་ཁྱབ་གདལ་གཙོ་བོའི་ལག་རྩལ་ཁག་63ཁྱབ་བསྒྲགས་བྱས་པ་དང་།ལྗང་མདོག་བཟའ་བཅའ་དང་།སྐྱེ་ལྡན་ཞིང་ལས་ཐོན་རྫས།ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་གྲངས་འབོར་1298ཟིན་པ།སྐྱེ་ལྡན་རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་མུའུ་དུང་ཕྱུར་3.35ཟིན་པ།ས་གནས་ཀྱི་ཚད་གཞི་ཁག་10ཁྱབ་བསྒྲགས་དང་ལག་བསྟར་བྱས་པ།རིམ་རྩིས་བྱས་ན་ཞིང་ལས་ཐོན་རྫས་48“རྒྱལ་ཡོངས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གསར་པ”ཡི་མིང་གཞུང་ནང་བཅུག་པ་བཅས་རེད།
དེ་དང་ཆབས་ཅིག་བཟའ་བཅའི་ཞིང་ལས་ཐོན་རྫས་ཁས་ལེན་ཚད་ལོན་ལག་ཁྱེར་ལམ་ལུགས་ཁྱབ་གདལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་དང་དེ་ཡན་གྱི་ཞིང་ལས་ཐོན་རྫས་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི“ཁས་ལེན་གཉིས”ཀྱི་ཚོད་ལྟ་ཁང་16བར་མང་དུ་བཏང་ཡོད་པ་རེད།
ཚད་གཞིའི་སྣེ་ཁྲིད་དང་།ཉེན་ཁ་དོ་དམ་ཚོད་འཛིན།བདེན་དཔང་ར་སྤྲོད་བཅས་ཀྱི་ནུས་པ་ལྡན་པའི་མཚོ་སྔོན་གྱིས་འབྱུང་རྩ་ནས་བཅོས་སྐྱོང་དང་།ཚད་ལྡན་ཐོན་སྐྱེད།ཉེན་ཁ་དོ་དམ་ཚོད་འཛིན།སྤུས་རྟགས་ཁས་ལེན་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་མ་ལག་བསྐྲུན་པ་བརྒྱུད་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་རྨང་གཞི་བརྟན་དུ་བཏང་ནས་སྤུས་ཚད་མཐོ་བའི་ཕྱིར་གཏོང་བྱ་ཡུལ་གཏོད་ཆེད་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་ལོན་ཚད་98%བརྟན་པོ་བྱུང་ཡོད།
གྲངས་གཞི་ཏན་ཏིག་རེ་རེ་ལས་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་བརྟན་པོའི་གདེང་ཚོད་མངོན་ཡོད་ལ།ཡུལ་མི་ཚོའི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་གྲོང་གསེབ་ཞི་མཐུན་བདེ་འཇགས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཡང་མཚོན་ཡོད།མིག་སྔར་མཚོ་སྔོན་གྱིས་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་ཞིག་བརྩམས་ཡོད།