[དུས་རབས་གསར་པ། ལམ་བུ་གསར་པ། བྱ་གཞག་གསར་པ། སྤུས་ལེགས་འཕེལ་རྒྱས་ཀྱི་རྟོག་ཞིབ།]མཚོ་སྔོན་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལྟ་ཞིབ་བྱེད་པ་ལས་མདོ་ལ་རིང་མོའི་ལེ་ཚན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་ལ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡོད་པས་རྒྱལ་ཡོངས་ཀྱི་འབྲོག་ལུག་ཐོན་ཁུལ་གཙོ་བོ་ཡིན་པས“ཀྲུང་གོའི་འབྲོག་ལུག་གནས་ཁུལ”ཞེས་བརྗོད་སྲོལ་ཡོད།མཚོ་སྔོན་ཞིང་ཆེན་བྱང་ཤར་རྒྱུད་དུ་གནས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་འབྲོག་ལས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་།དེར་སྤྱི་ཆིང་ཁྲི་93.9413(མུའུ་ཁྲི་1531.53)གྱི་ལྗང་མདོག་སྐྱེ་ལྡན་ཁས་ལེན་རྩྭ་ར་ཡོད་པ་དེ་ནི་མིག་སྔར་རྒྱལ་ཡོངས་ཀྱི་སྐྱེ་ལྡན་འབྲོག་ར་ཆེ་ཤོས་ཀྱི་གྲས་ཤིག་རེད།

ལྷན་སྐྱེས་ཀྱི་སྣོད་བཅུད་འབྲོག་ལས་ཀྱི་རྨང་གཞི་བཟང་པོ་དང་དེ་བཞིན་ས་གནས་དེ་གའི་འབྲོག་ལུག་གི་ཐོན་ཁུངས་ལེགས་པའི་ལེགས་ཆར་བརྟེན་ནས་མདོ་ལ་རྫོང་གིས“སྣ་ཁ་ལེགས་སུ་གཏོང་བ་དང་།སྤུས་ཚད་མཐོ་རུ་གཏོང་བ།སྤུས་རྟགས་གཏོད་པ།ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་པ”བཅས་ལ་དམིགས་ནས་མདོ་ལ་རིང་མོའི་འབྲོག་ལུག་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་བཀོད“མཁྲེགས་ཆས”དང་འཕེལ་རྒྱས་གཏོང་ནུས“མཉེན་ཆས”འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མདོ་ལ་རིང་མོའི་འབྲོག་ལུག་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་རིམ་སྤོར་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་པ།

སྤུས་ཚད་བཟང་པོ་དང་ཁྲོམ་རའི་བསྔགས་བརྗོད་ལ་བརྟེན་ནས་2024ལོའི་ལོ་མཇུག་ཏུ་མདོ་ལ་རྫོང་གི་འབྲོག་ལུག་ལག་ཡོད་ཁྲི་77.41ཟིན་པ་དང་བཤས་གཏོང་ཚད་ཁྲི་33.39ཟིན་པ་དེ་དུས་མཚུངས་ལས་5.500%འཕར་ཡོད།“མདོ་ལ་རིང་མོའི་འབྲོག་ལུག”ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་སྲུང་སྐྱོང་གི་མཚོན་རྟགས་ཐོབ་པ་དང་།“ལྷ་ཡུལ་མདོ་ལ་རིང་མོའི་ལུག་ཤ”རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་རྫས་དཀར་ཆག་ནང་ཚུད་པ།“མདོ་ལ་ལྷ་ཡི་ཞིང་ཁམས”ཞེས་པའི་ལུག་ཤ་དུམ་བུའི་ཐོན་རྫས་ལ་ཀྲུང་གོ་རྒྱལ་སྤྱིའི་སྐྱེ་ལྡན་བཟའ་བཅའི་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པའི་གསེར་གྱི་བྱ་དགའ་ཐོབ་པ།2025ལོར་དྲ་རྒྱའི་ཐོག་ནས་རྒྱལ་ཡོངས་ཀྱི་བྲོ་བ་ཞིམ་པའི་ལུག་ཤ་བཅུའི་བང་རིམ་ནང་བདམས་པ་སོགས་རེད།

སོན་རིགས་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་ཀྱི་རྨང་གཞི་བརྟན་དུ་བཏང་བ།

ཟླ་6ཚེས་20ཉིན་གསར་འགོད་པ་མདོ་ལ་རྫོང་ཨོ་པའོ་གྲོང་རྡལ་པའེ་ཧྲི་ཡ་གྲོང་ཚོར་འབྱོར།ཞོགས་པའི་དུས་སུ།སྨུག་པ་སྲབ་མོ་ས་གཞི་ཡོངས་སུ་ཁེབས་པ་དང་།རྒྱང་རིང་གི་གངས་རི་རབ་རིབ་ཏུ་གྱུར་པས།ལྐོག་གྱུར་གྱི་སེང་རས་ཤིག་གཡོགས་པ་དང་མཚུངས།གཟན་རྩྭ་བསིལ་རླུང་ཁྲོད་དལ་གྱིས་གཡོ་བཞིན་ཡོད་ལ།རྩྭ་ལྗང་གི་དྲི་ཞིམ་གསལ་ལ་མི་གསལ་བ་ཞིག་འཐུལ།ལུག་ཁྱུ་དང་ཁྱུ་བྱས་ནས་མུ་མཐའ་མེད་པའི་རྩྭ་ཐང་དུ་རྩྭ་གསར་རྐྱང་ཟ་བའམ་ཡང་ན་བག་ཕེབས་ངང་གོམ་པ་སྤོ་བཞིན་ཡོད།

མདོ་ལ་རི་བོའི་འདབས་ཀྱི་འབྲོག་ར་ཡག་པོ་དང་།རི་ཆུ་ཡག་པོ་དང་ནོར་ལུག་ཡག་པོ་ཡོད།དེ་གར་རང་བྱུང་གི་སྦགས་བཙོག་མེད་པའི་སྤུས་ལེགས་གཟན་རྩྭ་དང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བའི་ཐུན་མོང་མ་ཡིན་པའི་ཁོར་ཡུག་གིས་མདོ་ལ་རིང་མོའི་འབྲོག་ལུག་ལ་བཟའ་བཅའི་ཡོང་ཁུངས་ཡག་པོ་མཁོ་འདོན་བྱས་ཡོད་ལ་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སྤུས་ཚད་ཀྱང་བཏོད་ཡོད།

“ཡུན་རིང་མ་སོང་གོང་།‘མདོ་ལ་རིང་མོའི་ལུག’ལ་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད”མདོ་ལ་རྫོང་གི་འབྲོག་ལས་ཕྱུགས་རིགས་སྨན་པའི་ས་ཚིགས་སུ་མདོ་ལ་རིང་མོའི་ལུག་གི་གཞི་རྒྱུ་འཚོལ་བསྡུ་བྱས་མ་ཐག་པའི་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་ཀྲན་ཀྲང་བཀྲ་ཤིས་ཐར་དགའ་སྤྲོ་ཚད་མེད་སྐྱེས་ཤིང་།ཁོང་གིས་མདོ་ལ་རིང་མོའི་འབྲོག་ལུག་ནི་རང་བྱུང་གདམ་ག་དང་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཡུན་རིང་འདུལ་གསོ་བྱས་པ་ལས་ཆགས་པའི་དམིགས་བསལ་གྱི་ཕྱུགས་རིགས་རིགས་ཤིག་ཡིན་པ་དང་།དེ་ནི་ལྡོག་འགོག་རང་བཞིན་ཆེ་བ་དང་།གཟན་རྒྱག་ཐུབ་པ།རྒྱུད་འཛིན་བརྟན་པོ་ཡོད་པ།བལ་ཐོན་ཚད་མཐོ་བ།བལ་གྱི་རིང་ཚད་ལེགས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

“སྔོན་ཆད་ཁྱུ་ཚོགས་བརྗེ་རེས་བྱེད་རྒྱུ་མི་འདང་བའི་རྐྱེན་གྱིས་སོན་བཟང་འདེབས་གསོ་དང་ཁྱབ་གདལ་གཏོང་རྒྱུའི་འདུ་ཤེས་ཀྱང་མེད་པས་འབྲོག་ལུག་གི་རིགས་རྒྱུད་སྣ་ཚོགས་ལས་ས་གནས་དེ་གའི་འབྲོག་ལུག་གི་རྒྱུད་པ་སྤེལ་རྒྱུར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་མ་ཟད།ཐ་ན་སྐབས་ཤིག་རིང་འབྲོག་ལུག་གི་སྤུ་མདོག་དང་གཟུགས་དབྱིབས་ཆུང་བ་དང་ལུག་རྭ་ཡ་མ་གཟུགས་ཀྱི་གནས་ཚུལ་ཐོན་གྱི་ཡོད”སྔོན་ཆད་ཕྱིར་དྲན་བྱེད་སྐབས་བཀྲ་ཤིས་ཐར་གྱིས་དབུགས་རིང་ནར་ནར་འབྱིན།

སྣ་ཁ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད།2022ལོ་ནས་བཟུང་ཨ་རིག་རྫོང་གིས“ཕྱི་ནས་ཡོང་བའི་ལུག་རིགས”མེད་པ་བཟོ་བའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ《མདོ་ལ་རྫོང་གིས་ཨོ་ལ་ལུག་གཙང་བཟོ་བྱེད་པ་སོགས་ཕྱི་ནས་ཡོང་བའི་སྣ་ཁ་མེད་པ་བཟོ་བའི་ཆེད་དོན་བྱ་སྤྱོད་ཇུས་གཞི》དང་།《མདོ་ལ་རྫོང་གི་གསེར་ལུག་མེད་པ་བཟོ་བའི་དོ་དམ་བྱ་ཐབས》སྔ་རྗེས་སུ་པར་འགྲེམས་བྱས་པ་རེད།མིག་སྔའི་བར་རིམ་རྩིས་བྱས་ན་ཕྱི་ནས་ཡོང་བའི་ལུག་ཁྲི་14མེད་པ་བཟོས་པས་རྒྱུད་འཛིན་ཐོན་ཁུངས་དང་ཕྱུགས་ཁྱུའི་སྤུས་ཚད་རིམ་བཞིན་བརྟན་དུ་ཕྱིན་ཡོད་པ་རེད།

“སོན་རིགས་ལེགས་སུ་གཏོང་བར་ཕྱོགས་གཅིག་ནས་ས་གནས་དེ་གའི་སྤུས་ལེགས་སོན་རིགས་རྒྱུན་འཁྱོངས་ཡག་པོ་བྱེད་དགོས་པ་དང་།ཕྱོགས་གཞན་ཞིག་ནས་མཐོ་ཞིང་རྒྱས་པའི་ལག་རྩལ་ལ་སྐུལ་འདེད་བཏང་ནས་འབྲོག་ལུག་གི‘ལོ་གཉིས་ཀྱི་ལུ་གུ་གསུམ’ལ་སྐུལ་འདེད་གཏོང་དགོས”དེར་བརྟེན་མདོ་ལ་རྫོང་གིས་མཚོ་སྔོན་སློབ་ཆེན་དང་།ཞིང་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་།དེ་བཞིན་མཚོ་བྱང་ཁུལ་གྱི་ཚན་རྩལ་དཔེ་སྟོན་གླིང་བཅས་དང་མཉམ་འབྲེལ་བྱས་ཏེ་མངལ་མང་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་བྱས་པ་དང་།མངལ་མང་གཞི་རྒྱུ་འཁྱེར་བ་དང་འབྲེལ་གསལ་འབྱེད་ཚད་ལོན་གྱི་ཕོ་ལུག་བདམས་ནས་སྡེབ་སྦྱོར་བྱས་ཏེ་ལུག་མང་པོ་གསོ་ཚགས་དོ་དམ་ལག་རྩལ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལེགས་སུ་བཏང་བ་རེད།

ད་ཆ་མདོ་ལ་རྫོང་གིས“ས་བོན་ལས་རིགས་དར་རྒྱས”དང“ཚན་རྩལ་གྱི་ནུས་པ་འདོན་རྒྱུ”ལ་དམ་འཛིན་ནན་པོ་བྱས་ཏེ་སོན་བཟང་གསོ་སྤེལ་དང་རྒྱུད་རྒྱུའི་ཐོན་ཁུངས་སྲུང་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ལེགས་ཕྱུགས་རིགས“གཞི་རྒྱུའི་མཛོད་ཁང”རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་སོན་བཟང་ཕྱིར་གཏོང་ནུས་པར་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་པ་བྱུང་ཡོད།འབྲོག་ལུག་གི་སོན་བཟང་གསོ་སྤེལ་རྟེན་གཞི་4དང་།“རིམ་པ་ཁྲི་སྟོང་ལྡན་”གྱི་འབྲོག་ལུག་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་10ལུག་འདེབས་གསོ་ར་བ་1བཅས་བསྐྲུན་རྒྱུ་རེད།མདོ་ལ་རིང་མོའི་ལུག་འདེམས་གསོ་ལྟེ་བའི་ཁྱུ་ཚོགས་135བཙུགས་པར་ཁྱུ་ཚོགས་ཀྱི་གཞི་ཁྱོན་66568ཡོད་པ་རེད།དེ་དང་ཆབས་ཅིག་སྔོན་ཐོན་གྱི་གསོ་ཚགས་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་དང་བེད་སྤྱོད་ཧུར་ཐག་བྱས་ནས་མདོ་ལ་རིང་མོའི་འདེམས་གསོ་དང་སྐྱེ་འཕེལ་ནུས་པ་དང་ཁེར་རྐྱང་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་རེད།མངལ་མང་རྣམ་པའི་འབྲོག་ལུག་འདེམས་གསོའི་ལྟེ་གནས་ཀྱི་རྒྱུད་སྤེལ་ཁྱུ་ཚོགས་7བཙུགས་པར་ཁྱུ་ཚོགས་ཀྱི་གཞི་ཁྱོན་2335ཟིན་ཡོད།རྭ་མེད་འབྲོག་ལུག་ལྟེ་བའི་རྒྱུད་སྤེལ་ཁྱུ་ཚོགས་4བཙུགས་པར་ཁྱུ་ཚོགས་ཀྱི་གཞི་ཁྱོན་1040ཟིན་པ་དང་རྫོང་ཡོངས་ཀྱི་འབྲོག་ལུག་རྒྱུད་བཟང་ཁྱབ་ཚད་98%ཡན་ཟིན་ཡོད།

ད་ཐེངས་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་རྗེས་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱིས་གསལ་འབྱེད་སྤྱི་བསྒྲགས་དངོས་སུ་སྤེལ་ནས་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་གསར་པར་འགྱུར་རྒྱུ་རེད།“ད་ཐེངས‘མདོ་ལའི་ལུག’རྒྱུད་འཛིན་ཐོན་ཁུངས་ཤེས་རྟོགས་དང་ཞིབ་བཤེར་གཏན་འབེབས་བྱས་པ་དེ་ནི་མདོ་ལ་རྫོང་གི་འབྲོག་ལས་ལོ་རྒྱུས་ཀྱི་ལམ་ཚད་རྡོ་རིང་ཐོག་གི་ལེའུ་གསར་པ་ཞིག་ཡིན་པས་ས་གནས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་མ་ཟད།རྫོང་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་མདོ་ལ་རྫོང་ཞིང་འབྲོག་ཆུ་བེད་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕུ་ཧི་མའོ་ཀྲི་ཧྭ་ཡིས་བཤད།

ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས་ཐུན་མོང་མ་ཡིན་པའི་སྤུས་རྟགས་གཏོད་པ།

པ་པའོ་གྲོང་རྡལ་འཁྱགས་ཤུར་ཐོན་ལས་གླིང་ཁུལ་དུ་གནས་པའི་དུད་ཚང་སྟོང་ཡོད་པའི་འབྲོག་རའི་ལས་སྣོན་རླངས་འཁོར་དུ་སྐྱོད་སྐབས་ལས་དོན་མི་སྣ་དྲུག་བདུན་གྱིས་ལས་གོས་སྔོན་པོ་གྱོན་པ་དང་འཕྲོད་བསྟེན་ཞྭ་མོ་དང་ཁ་ཐུམ་གྱོན་ནས་དྲོད་ཚད་དམའ་བའི་ཁོར་ཡུག་ཁྲོད་བཀོལ་སྤྱོད་ཡག་པོ་བྱེད་ཀྱི་ཡོད།

“ལུག་དར་མ་ཞིག་ནད་ཡམས་ཞིབ་བཤེར་གྱི་ཚད་གཞི་ལོན་ནས་བཤས་རྗེས་སྔོན་ལ་སྐྱུར་འབུད་བྱེད་པའི་ལག་རྩལ་སྤྱད་དེ་སྐྱུར་འབུད་ལག་རྩལ་སྤྱད་དེ་སྐྱུར་ཕྱིར་འབུད་བྱས་རྗེས་དེ་གར་ཁག་བགོས་ལས་སྣོན་དང་།རུས་པ་འདོན་པ།འབྲེག་འབྲེག་བཅས་བྱེད་པར་བསྐྱལ་རྒྱུ་ཡིན”ཅེས་དུད་ཚང་སྟོང་གི་འབྲོག་རའི་ལས་སྣོན་འཁོར་ཁང་གི་ལས་དོན་མི་སྣ་མཱ་ཡུས་མེ་ཡིས་ངོ་སྤྲོད་བྱས།ཁོང་གིས་ལག་ཏུ་ཆེད་སྤྱོད་གྲི་ཆས་འཁྱེར་ནས་ལུག་ཤའི་ཤ་གནད་ཀྱི་རི་མོ་བརྒྱུད་གྲི་བརྒྱབ་ནས་འབྲོག་ལུག་གནས་ལྟར་ལུག་ཤ་སྤུས་ལེགས་ཀྱི་རྩིབ་ཤ་དང་།ལུག་གི་རྐང་ཤ(རུས་པ་ཡོད)ལུག་གི་སྐེ་སོགས་ས་ཁུལ་མི་འདྲ་བར་བགོས་པ་རེད།དེ་རྗེས་ལུག་ཤ་གསར་པ་མགྱོགས་མྱུར་ས་ཁོངས་མི་འདྲ་བར་བགོས་པ་དང་།ཁག་གཅིག་སྟོང་སངས་ཀྱི་སྒྲིག་སྦྱོར་འཕྲུལ་འཁོར་ནང་བཅུག་ནས་སྒྲིག་སྦྱོར་བྱས་པ་དང་།ཁག་གཅིག་སྔར་བས་ལས་སྣོན་བྱེད་པའི་རྒྱུན་མཐུད་སྐུད་པ་སྐྱེལ་གྱི་ཡོད།འཁོར་ཁང་ནང་འཕྲུལ་འཁོར་འཁོར་སྐྱོད་བྱེད་པའི་སྐད་སྒྲ་དམའ་བ་དང་ལས་དོན་མི་སྣས་བློ་རྩེ་གཅིག་སྒྲིམ་གྱི་བྱ་སྤྱོད་མཉམ་དུ་འདྲེས་ནས་ལྷུ་ཚིགས་ཚང་མར་འཕྲོད་བསྟེན་གྱི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ་ཤ་རིགས་བགོ་བཤའ་ནས་ཐོན་རྫས་བར་གྱི་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་འགན་ལེན་བྱེད་དགོས།

ཞིང་ལས་དང་གྲོང་གསེབ་པུའི་ཆོག་མཆན་ཐོབ་པའི་སྒྲིག་གཞིར་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་མདོ་ལ་རིང་མོའི་བོད་ཀྱི་ལུག་ཤ་ལ་ཨན་གཞི་སྐྱུར་དང་མི་ལུས་ལ་མཁོ་བའི་ཨན་གཞི་སྐྱུར་དང་དེ་བཞིན་མི་ལུས་ལ་བདེ་སྲུང་གི་ནུས་པ་ལྡན་པའི་ཀལ་དང་།ལིན།ལྕགས་སོགས་གཏེར་རྒྱུ་དང་ཚད་ཉུང་གཞི་རྒྱུ་ཚུད་ཡོད་པ་མ་ཟད།ད་དུང་སྤྲི་དཀར་གྱི་སྤྲི་དཀར་དང་ཚིལ་དམའ་བའི་ཁྱད་ཆོས་ལྡན་ཡོད་པ་ཤེས་རྟོགས་བྱུང་ཡོད།དེའི་ཤ་སྤུས་ལེགས་པ་དང་།བྲོ་བ་ཞིམ་པ།དམར་དྲི་མེད་པ་བཅས་ཀྱི་དབང་གིས་བསྔགས་བརྗོད་ཆེན་པོ་ཐོབ་ནས་ཁྲོམ་རའི་ཐོག་དཀོན་པའི་ལུག་ཤ་རིགས་སུ་གྱུར་ཡོད་པ་རེད།“ང་ཚོས་ཉིན་ལྟར་ལུག་ཤ་ཏུན་གཅིག་བཙོངས་ནས་ཞིང་ཆེན་དེ་ཡོངས་ཀྱི་ས་གནས་ཁག་དང་དེ་བཞིན་པེ་ཅིང་དང་།ནན་ཅིང་།ཝུའུ་ལུའུ་མུའུ་ཆི་སོགས་གྲོང་ཁྱེར་དུ་གཏོང་གི་ཡོད”ཅེས་མཱ་ཡུས་མེ་ཡིས་བཤད།

“རྩྭ་ཐང་གི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཀུང་སིས་འབྲོག་ལུག་ཆེད་ལས་གསོ་ཚགས་བྱེད་པ་དང་ཆབས་ཅིག་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཞིབ་བཟོ་དང་།ལས་སྣོན།ཕྱིར་ཚོང་བཅས་བྱས་ཏེ་སྣོད་བཅུད་ཡུལ་སྐོར་དང་རང་བྱུང་སློབ་ཁྲིད་བརྗོད་དོན་གཙོ་བོར་བྱས་ཏེ་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཞིང་འབྲོག་ལས་གསར་པ་གསར་སྤེལ་བྱས་ཡོད།2024ལོའི་ལོ་མཇུག་ཏུ་ང་ཚོས་སྤུས་རྟགས་ཀྱི་འཐབ་ཇུས་གསར་པ་ལག་ལེན་བསྟར་འགོ་བཙུགས་པ་དང་།དེ་སྔའི‘ཅིང་ཧྥེང་འབྲོག་ལས་’དེ‘དུད་ཚང་སྟོང་འབྲོག་ར’དངོས་སུ་རིམ་སྤོར་བྱས་ནས་གཅིག་གྱུར་ཇུས་འགོད་བྱས་པའི་མདོ་ལ་རིང་མོའི་མཚོན་རྟགས་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཅེས་དུད་ཁྱིམ་འབྲོག་རའི་འགན་འཁུར་བ་ཡེ་ཤེས་རྡོ་རྗེས་བཤད།མིག་སྔར་ཀུང་སིར་ལུག་གི་སྣོད་བཅུད་གསོ་ཚགས་དང་།ཕྱུགས་རིགས་ཉོ་ཚོང་།བཤས་གཏོང་ལས་སྣོན།ཐོན་རྫས་ཕྱིར་ཚོང་བཅས་ནས་དྲ་ཕྱིའི་ཐད་གཉེར།སྣོད་བཅུད་ཡུལ་སྐོར་སོགས་བར་གྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་ཆགས་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་།མདོ་ལ་རྫོང་གིས་སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་དང་།སྤུས་རྟགས་ཀྱི་འཕེལ་རྒྱས་ནུས་པ།སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས།སྤུས་རྟགས་ཀྱི་སྒུལ་ཤུགས་བཅས་འགོ་ཚུགས་སར་བྱས་ནས“རིམ་པ་སྟོང་མའི”ཚད་ལྡན་ཅན་གྱི་ཐོན་སྐྱེད་གསོ་ཚགས་རྟེན་གཞི་འཛུགས་སྐྲུན་ལས་གྲྭ་དང“གཅིག་རེ་དགུ”ཡི་སྣོད་བཅུད་འབྲོག་ལས་ཀྱི་ལེ་ལག་ཚང་བའི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་སྤུས་ལེགས་ཅན་དང་།གཞི་ཁྱོན་ཅན།དེང་རབས་ཅན།སྤུས་རྟགས་ཅན་བཅས་ཀྱི་འབྲོག་ལུག་ཐོན་ལས་ནུས་ཤུགས་ཡོད་རྒུས་བཏོད་དེ་གསོ་ཚགས་དུད་ཚང་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རམ་འདེགས་བྱས་ནས་“ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་ས་གནས་དེ་གའི་ཁྱད་ལྡན་སྤུས་རྟགས”ཟུང་དུ་སྦྲེལ་བའི་ཕྱོགས་གཉིས་ལ་ཤུགས་སྣོན་བརྒྱབ་ནས“མདོ་ལ་རིང་མོའི་འབྲོག་ལུག”སྤུས་རྟགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།“མདོ་ལ་རིང་མོའི་འབྲོག་ལུག”ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་སྲུང་སྐྱོང་གི་མཚོན་རྟགས་ཐོབ་པ་དང་།ཅིན་མདོ་ལ་རིང་མོའི་དཀར་ཆུའི་ལས་རིགས་དང་།རྔ་མདའ་ཕྱུགས་རིགས་ཤ་ཐོན་བཟའ་བཅའ་ཀུང་སི།མེ་ལུང་ལག་ཆེད་ལས་མཉམ་ལས་ཁང་བཅས་ཁག་དང་པོའི“མདོ་ལ་རིང་མོའི་རི་འདབས་ཀྱི་འབྲོག་ར་ཡག་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དབང་ཆ་སྤྲོད་མཁན་ཚན་པར་གྱུར་ཡོད།

འབྲོག་ལུག་ཐོན་ལས་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད།རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་གསུམ་གྱི་དྲ་ཐོག་ཚོང་དོན་ཟོག་འགྲེམས་དང་དེ་བཞིན་གཅིག་གྱུར་མཛོད་བཀོད་སྒྲིག་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ་ཞིང་འབྲོག་ཁུལ་གྱི་ཟོག་འགྲེམས་ཞབས་ཞུའི་དྲ་རྒྱ་ཡོངས་སུ་ཁྱབ་པ་བྱ་རྒྱུ་རེད།ཁྲོམ་ར་དང་གཉེར་སྐྱོང་བྱེད་པོ་གསར་པ་དང་།ཁེ་ལས་དང་དེ་བཞིན་དྲ་ཐོག་ཚོང་དོན་ལས་སྟེགས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ནས་དྲ་ཐོག་ཕྱིར་ཚོང་ལས་སྟེགས་10དང་དྲ་ཐོག་ཕྱིར་ཚོང་ལས་སྟེགས་30བསྐྲུན་པ་དང་།རྫོང་ཁོངས་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་ཞིང་ཆེན་ཕྱི་ནང་དུ་ཐད་ཚོང་ཚོང་ཁང་15བཙུགས་ནས་བཟོ་ལས་ཐོན་རྫས་གཤམ་སྤེལ་དང་ཞིང་འབྲོག་ཐོན་རྫས་གྲོང་ཁྱེར་དུ་འགྲོ་རྒྱུག་བྱེད་པའི་“དྲ་ཚིགས་ཆུང་གྲས་དང་དྲ་རྒྱ་ཆེན་པོའི”དེང་རབས་འཁོར་རྒྱུག་དྲ་བ་ཞིག་རིམ་བཞིན་ཆགས་ཡོད་པ་རེད།ཐའོ་པའོ་དང་།ཐེན་མའོ་ཚོང་གྲོང་།ཅིང་ཏུང་ཚོང་གྲོང་སོགས་ལས་སྟེགས་བརྒྱུད་ཐད་གཏོང་ཟོག་འདྲེན་བྱེད་སྒོ་སྤེལ་བ་དང་།མདོ་ལ་རིང་མོའི་འབྲོག་ལུག་ལ“དྲ་ཐོག་ཚོང་དོན་དང་ཐད་གཏོང་།མངགས་ཐོ”བཅས་ཀྱི་ཐོག་བསྐྱོད་དེ་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་དྲ་ཐོག་ཕྱིར་ཚོང་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་པ་རེད།

ཚན་རྩལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་འདོན་པ།

མཚོ་སྔོན་ཞིང་ཆེན་གྱི་འབྲོག་ལུག་ཐོན་ལས་ཞིབ་འཇུག་ཁང་ཐོག་མ་དེ་མདོ་ལ་རྫོང་དུ་བཙུགས་པ་དང་།“མདོ་ལ་ལུག་”རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཨུ་ལྷན་གྱིས་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་བརྒྱུད།“མདོ་ལ་རིང་མོའི་འབྲོག་ལུག”ཀྲུང་གོའི་ཞིང་ལས་སྤུས་རྟགས་སྤུས་ལེགས་སྐྱེད་སྲིང་དཀར་ཆག་ཏུ་བཀོད་པ་སོགས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་སྔོན་སྐྱོད་དཔེ་སྟོན་རྫོང་ཡིན་པའི་མདོ་ལ་རྫོང་གིས་འབྲོག་ལུག་ཐོན་ལས་འཕེལ་རྒྱས་ཁྱབ་ཁོངས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།མིག་སྔར་མདོ་ལ་རྫོང་གི་འབྲོག་ལུག་ལག་ཡོད་གྲངས་འབོར་མང་བ་དང་།ཐོན་ལས་ཀྱི་གཞི་ཁྱོན་བརྟན་པ།ལུག་ཤའི་ཐོན་ཚད་རྒྱུན་མཐུད་བརྟན་པོ་བཅས་བྱུང་ནས་ས་གནས་དེ་གའི་འབྲོག་ལས་དཔལ་འབྱོར་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད།

འོན་ཀྱང་མིག་མདངས་འཚེར་བའི་གྲུབ་འབྲས་ཀྱི་རྒྱབ་ཏུ་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་ཡང་རིམ་བཞིན་མངོན་ཡོད།མིག་སྔར་མདོ་ལ་རིང་མོའི་འབྲོག་ལུག་ཐོན་ལས་ལ་ཐོན་རྫས་ཀྱི་རིན་ཐང་མཐོ་རུ་གཏོང་བ་དང“སྤུས་ཚད་ལེགས་ལ་རིན་གོང་ཡག་པོ་མེད་པའི”འཇུར་མིག་ལས་སྒྲོལ་བའི་འགྲན་སློང་འཕྲད་ནས“སྤུས་ཚད་ལེགས་པ”དེ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་རྩར་གྱུར་ཡོད།

2024ལོའི་ཟླ་6པར་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་འབྲོག་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་དང་མདོ་ལ་རྫོང་གི་ལྗང་མདོག་སྐྱེ་ལྡན་འབྲོག་ལས་ཀྱི་འབུམ་རམས་པའི་ལས་དོན་ས་ཚིགས་ཀྱིས་མདོ་ལ་རྫོང་ཞིང་འབྲོག་ཚན་རྩལ་དཔེ་སྟོན་གླིང་དུ་དུས་མཉམ་དུ་སྒོ་བྱང་བཀལ་བ་རེད།དེ་ཐོག་ནས་མཚོ་བྱང་ཁུལ་གྱིས་འབྲོག་ལུག་ཐོན་ལས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་གོམ་སྟབས་གསར་པ་ཞིག་སྤོས་པ་མཚོན་ཡོད།

“མདོ་ལ་རིང་མོའི་འབྲོག་ལུག་ཐོན་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ་དང་ཚན་རྩལ་གསར་གཏོད་ཀྱི་དགོས་མཁོ་གཉིས་ལ་གཞིགས་ནས་ང་ཚོའི་མིག་སྔའི་ལྟེ་བའི་ལས་དོན་དེ་འབྲོག་ལུག་གི་རྒྱུད་རྒྱུའི་ཐོན་ཁུངས་སྔོག་འདོན་དང་གསར་གཏོད་བེད་སྤྱོད་དང་དེ་བཞིན‘སྒོ་ཕྱུགས་རང་འགུལ་ངང་བདེ་ཐང་ངང་ཐོན་སྐྱེད་བྱེད་པའི’གཙོ་རྐང་གཉིས་ལ་དམིགས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་འབྲོག་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་གི་འགན་འཁུར་བ་འབུམ་རམས་པ་ལི་ཝུན་ཧའོ་ཡིས་ངོ་སྤྲོད་བྱས།ཞིབ་འཇུག་ཁང་གིས་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་།མཚོ་སྔོན་སློབ་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པ་ཚན་རིག་ཁང་།ཀན་སུའུ་ཞིང་ལས་སློབ་ཆེན་སོགས་ཚན་ཞིབ་སྒྲིག་གཞིའི་ཞིང་ཆེན་ཕྱི་ནང་གི་རྩྭ་ཕྱུགས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་20ལྷག་ཙམ་གྱི་ཚན་རྩལ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མདོ་ལ་རིང་མོའི་འབྲོག་ལུག་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་དམིགས་ནས་ཚན་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་ལ་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་ཐོན་ལས་ཀྱི་རྩ་བའི་འགྲན་རྩོད་སྟོབས་ཤུགས་མགྱོགས་མྱུར་གྱིས་ཇེ་མཐོར་བཏང་།

“2024ལོའི་དཔྱིད་ཀར་ང་ཚོས་རྒྱུན་མཐུད་ངང་སྐྱེ་འཕེལ་ཁྱུ་མོའི་ལུག་གི་ལུས་པོའི་ཁྲེ་ཙེའི་གྲངས་གཞིར་རྗེས་སྙེག་བྱས་པ་དང་འབྲེལ་རྒྱུད་ཕྱི་མའི་ལུ་གུ་ལ་ཐོན་སྐྱེད་ནུས་པར་ཚད་འཇལ་གཏན་འཁེལ་བྱས་པ་དང་།རྒྱུད་པ་གདེང་འཇོག་བྱས་པ་བརྒྱུད་སྤུས་ལེགས་སྐྱེ་འཕེལ་གྱི་མ་མོ་ཚོགས་སྤྱི་སྔར་བས་ལེགས་སུ་བཏང་ཡོད”ཅེས་ལི་ཝུན་ཧའོ་ཡི་ལས་ཀའི་ཟིན་བྲིས་ཕྱེ་ནས་ཚོགས་པའི་ལས་ཀའི་གྲུབ་འབྲས་ཞིབ་ཕྲ་མངོན་ཡོད།ལི་ཝུན་ཧའོ་ཡི་མིག་སྔའི་ཞིབ་འཇུག་བྱ་གཞིར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཁོང་གིས་ཚན་རིག་དང་མཐུན་པ་དང་།ཚད་ལྡན་དང་སྤྱོད་གོ་ཆོད་པའི་ཞིང་འབྲོག་ཐོན་རྫས་ཀྱི་ཁེ་དབང་འགན་ལེན་དང་འཛད་སྤྱོད་པར་མཁོ་བའི་ལས་རིགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་རེད།ཚད་གཞི་དྲུག་པོ་དེ་དག་མདོ་ལ་རིང་མོའི་འབྲོག་ལུག་གསོ་ཚགས་དང་།དུམ་བུར་དབྱེ་བ།ཐོན་རྫས་ལས་སྣོན་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་ཁྱབ་པ་དང་།ཁག་བགོས་ལས་སྣོན་གྱི་ཁོར་ཡུག་བླང་བྱ་དང་།བཟོ་རྩལ་བརྒྱུད་རིམ།འཕྲོད་བསྟེན་ཚད་གཞི་བཅས་ཁ་གསལ་བཟོས་ནས་མདོ་ལ་རིང་མོའི་འབྲོག་ལུག་གསོ་ཚགས་དང་ཤ་རིགས་ཐོན་རྫས་ཀྱི་ཚད་གཞིའི་མ་ལག་གི་སྟོང་ཆ་ནུས་ལྡན་ངང་བསྐངས་ཏེ་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་རང་བཞིན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན།མདོ་ལ་རྫོང་གིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་སོན་ཁུངས་ལེགས་སུ་གཏོང་བ་དང་།གཞི་ཁྱོན་བརྟན་པོ།ལས་སྣོན་འགན་ལེན།ཐོན་སྐྱེད་དང་ཕྱིར་ཚོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་འབྲོག་ལུག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་གིས་ཐོན་ལས་ཧྲིལ་པོའི་བཀོད་པ་སྔར་བས་རྒྱ་ཆེར་བཏང་ནས་བོད་ཀྱི་ལུག་ཤའི་མཁོ་ཆས་འདེམས་གསོ་དང་།གཟན་རྩྭའི་མ་ལག་འཛུགས་སྐྲུན།གྲངས་རིག་ཅན་གྱི་དོ་དམ།ཤ་རིགས་ལས་སྣོན་ཞིབ་ཚགས།ཐོན་རྫས་ཕལ་པ་རིན་ཐང་མཐོ་བ་ཅན་བེད་སྤྱོད་དང་དེ་བཞིན་ཐོན་རྫས་ཁྲོམ་ར་ཁྱབ་གདལ་གཏོང་བའི་ཐོན་ལས་ཅན་གྱི་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱས་ནས་བསྐྲུན་རྒྱུ་ཡིན་ཞིང་།“ཐོན་སྐྱེད་དང་།སྣོད་བཅུད།འཕེལ་རྒྱས།སྲུང་སྐྱོང་”བཅས་མཉམ་དུ་སྤེལ་བའི་རང་འགུལ་དང་སྐྱོན་བྲལ་ཐོན་སྐྱེད་ཀྱི་ཐབས་ལམ་གསར་པ་བཏོད་དེ་ས་གནས་དེ་གའི་ཕྱུགས་ལས་ཀྱི་བྱེད་ནུས་གསར་པ་མཐོ་རུ་བཏང་།

སྣོད་བཅུད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་རྣམ་པར་བསྒྱུར་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་ཕན་འབྲས་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས།མདོ་ལ་རྫོང་གིས“སྔོ་ཞིང་དྭངས་བའི་རི་བོ”དང“གསེར་རི་དངུལ་རི”ཕྱོགས་སུ་སྐྱོད་པའི་འབྲེལ་ཟམ་ཞིབ་ཚགས་བསྐྲུན་ནས་འབྲོག་ལུག་ཐོན་ལས་སྲོལ་རྒྱུན་གྱི་ཕྱུགས་འཚོ་བ་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་ཕྱོགས་སྒྱུར་རིམ་སྤོར་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་ནུས་ལྡན་ཞིག་འཚོལ་ཞིབ་བྱས་ཡོད།དེའི་ཁྲོད་དུ་གནས་པའི་ཚད་མེད་ཚད་མེད་དང་འདོན་ཉེར་ཡོད་པའི་རིན་ཐང་ཆེན་པོ་དེས་མི་རྣམས་ལ་ཡིད་ཆེས་དང་རེ་སྒུག་གིས་ཁེངས་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།