ལོ་ངོ་བཅོ་ལྔའི་རི་ཀླུང་གི་བརྩེ་སེམས་བསྣམས་ནས་མཐོ་སྒང་གི་ཕུགས་མདུན་མཉམ་ཏུ་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

པོ་ཧའེ་རྒྱ་མཚོའི་མཚོ་འགྲམ་ནས་གསེར་དངུལ་ཐང་རྩྭ་ཐང་བར་རི་ཆུ་ཁྲི་སྟོང་གིས་ཆོད་ཀྱང་རྨ་ཆུ་དེ་བློ་བརྟན་འགྱུར་མེད་ཀྱི་འབྲེལ་ཐག་ལྟ་བུ་ཞིག་དང་འདྲ་བར་ཧྲན་ཏུང་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་ཀྱི་ཁྲག་རྒྱུན་དམ་པོར་སྦྲེལ་ཡོད།ཧྲན་ཏུང་དང་མཚོ་བྱང་དབར་གྱི་མཛའ་གྲོགས་ཟབ་མོ་དང་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད།

འདི་ལོ་ནི་ཧྲན་ཏུང་ཞིང་ཆེན་གྱིས་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་15འཁོར་བའི་ལོ་ཞིག་རེད།

གྲོར་རིའི་གཤམ་དུ་ཡུལ་སྐོར་དར་རྒྱས་བྱུང་བའི་གྲོང་ཚོ་ཆུང་ཆུང་ནས་མཚོ་སྔོན་པོའི་འགྲམ་གྱི་ཞིང་འབྲོག་པ་གནས་སྤོ་བྱེད་ཉེར་ཡོད་པའི་ཐོག་བརྩེགས་ཁང་པ་གསར་པ་དང་།དཀོན་ལོ་གོང་མ་གྲོང་ཚོའི་རྩྭ་ཐང་ཐོག་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྐར་ཚོགས་བཀྲ་བའི་ཁང་པ་ནས་ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་ཐོབ་པའི་ནས་ཀྱི་ཐོན་རྫས་རབ་དང་རིམ་པའི་བར།ལོ་15ཡི་རིང་ཧྲན་ཏུང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་30.54བཏང་ནས་རོགས་སྐྲུན་རྣམ་གྲངས་223ལག་ལེན་བསྟར་བ་དང་།ཁག་ལྔ་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་227དང་།མཉེན་གཤིས་ཤེས་ལྡན་མི་སྣ་2052མཚོ་བྱང་ཁུལ་རུ་གནས་སྦྱར་བྱེད་པར་མངགས་ནས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན།མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ནས“མཚོ་བྱང་ལ་མཁོ་བ་དང་ཧྲན་ཏུང་གི་ནུས་པ་ལྡན་པའི”ཁས་ལེན་ལག་བསྟར་བྱས་པ་རེད།

མཚོ་སྔོན་པོར་འཕེལ་རྒྱས་བྱུང་ནས་འགྱུར་ལྡོག་ཆེན་པོའི་དཔང་པོ་བྱེད་པ།བརྗིད་ཆགས་ལྡན་པའི་མདོ་ལ་རི་བོར་སྔོ་ལྗང་གི་བརྩེ་དུང་ཟབ་མོ་བརྐོས་ཡོད།

དབྱར་དུས་ཀྱི་དུས་སུ་མཚོ་བྱང་ཁུལ་གྱི་མཛེས་ལྗོངས་རི་མོ་ལྟར་བྲིས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་།ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་རླངས་འཁོར་རྒྱུན་ཆད་མེད་པར་རྒྱུག་པ་དང་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཛུམ་མདངས་ནང་ཧྲན་ཏུང་དང་མཚོ་བྱང་ས་གནས་གཉིས་ཀྱི་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་འདུས་ཡོད།

ལྷག་བསམ་ཟོལ་མེད་ཀྱིས་གངས་ལྗོངས་ཀྱི་ཁམ་བུའི་མེ་ཏོག་ལ་ཆུ་བླུགས།

ཟླ་7ཚེས་4ཉིན་ཉི་འོད་རབ་ཏུ་འཕྲོ་བ་དང་རྐང་ཚ་རྫོང་བོད་གྲོང་བུ་བཅོལ་ཁང་གི་ལུས་རྩལ་ཐང་དུ་ལྗང་མདོག་གི་སློབ་གྲྭའི་གྱོན་ཆས་གྱོན་པའི་གྲོགས་པོ་ཆུང་ཆུང་ཚོས་རང་སྣང་གང་ཤར་གྱིས་རྒྱུག་ཤར་གློད་ནས་མི་ཚང་མའི་ཡིད་དབང་འཕྲོག་བཞིན་ཡོད།

སློབ་ཁྲིད་ཐོག་ཁང་དུ་སྐྱོད་སྐབས་གཙང་ཞིང་གཙང་བའི་བར་མཐོངས་ཀྱིས་མི་རྣམས་ཀྱི་མིག་ལམ་དུ་གསལ་བར་བྱས་ཡོད།ཐོག་སོ་གཉིས་པའི་ལག་ཤེས་ས་ཁོངས་སུ་མགོ་བོ་ཆུང་ཆུང་བཅུ་ལྷག་ཙམ་སྒྲོག་ཙེའི་མདུན་དུ་བསྡུས་ཡོད་པ་དང་།ལག་གི་སྨྱུ་གུ་རྡོ་ཐོག་ཏུ་རི་མོ་འབྲི་བཞིན་ཡོད་པ་དང་།དྲོད་འཇམ་གྱི་ཉི་འོད་ཀྱིས་ཤེལ་གྱི་སྒེའུ་ཁུང་བརྒྱུད་ནས་སྒྲོག་ཙེའི་སྟེང་དུ་འོད་ཀྱི་འོད་སྣང་འཕྲོ་བཞིན་ཡོད།

ཕྱོགས་བཞིར་བལྟས་ཚེ།དཔེ་ཀློག་ཁུལ་གྱི་དཔེ་སྒྲོམ་ཆུང་ངུའི་ཐོག་ཏུ་རི་མོའི་དེབ་གྲལ་འགྲིག་པོར་བཞག་ཡོད་པ་དང་།རྐུབ་སྟེགས་ཆུང་ཆུང་གི་འགྲམ་དུ་ཚོན་ཁྲ་ཅན་གྱི་རྟེན་གདན་འགའ་བཞག་ཡོད།མཛེས་བཟོ་ཁུལ་གྱི་སྒྲོག་ཙེའི་ཐོག་ཚོན་མདོག་དང་།ཇེམ་ཙེ།མདོག་སྣ་ཚོགས་ཀྱི་ཤོག་བྱང་བཞག་ཡོད་པ་དང་གྱང་ངོས་སུ་ཕྲུ་གུ་ཚོའི་ཡིག་རིས་དང་ལག་ཤེས་བརྩམས་ཆོས་སྦྱར་ཡོད།དབྱི་ཀྲི་ཁུལ་དུ་རི་མོ་སྒྲིག་སྦྱོར་དང་ཤིང་གསོག་སོགས་རྩེད་ཆས་ཐོར་ཡོད་པ་སོགས་སློབ་ཁང་ནང་དུ་རང་ཚུགས་གསལ་ཞིང་གོ་རིམ་ལྡན་པའི་ས་ཁོངས་རེ་རེ་བཞིན་དབྱེ་ཡོད།

“དགེ་རྒན་ལགས།ངའི་རླངས་འཁོར་ཆུང་གྲས་ལ་གཟིགས་དང་”འཛིན་གྲྭ་ཆེ་བའི་གྲོགས་པོ་ཆུང་ཆུང་ཀྲའོ་ཧྲེང་ཡིའུ་ཡིས་བརྩམས་ཆོས་མཐོན་པོ་བཀྱགས་ནས་དགེ་རྒན་ལ་བསྟན་པ་སྟེ།ཁོང་གི་ལག་གི་སྒོར་དབྱིབས་ཀྱི་རྡོའི་སྟེང་དུ་དམར་པོ་དང་།སྔོན་པོ།སེར་པོ་བཅས་མདོག་གསུམ་གྱིས་རླངས་འཁོར་གྱི་དབྱིབས་དང་དབྱིབས་གྲུ་བཞི་མའི་རླངས་འཁོར་གྱི་སྒེའུ་ཁུང་བྲིས་པ་དང་།རླངས་འཁོར་ཆུང་ཆུང་ཞིག་དང་འདྲ།

དེ་གོང་རྐང་ཚ་རྫོང་དུ་བུ་བཅོལ་ཁང་གཉིས་ལས་མེད་པ་དང་།ཕྲུ་གུ་མང་བ་དང་སློབ་གནས་ཉུང་བའི་དབང་གིས་འཛིན་གྲྭ་ལས་བརྒལ་བའི་སྣང་ཚུལ་ཡོངས་ཁྱབ་ཏུ་གནས་པས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་དཀོན་པའི་གནད་དོན་མངོན་གསལ་དོད་པོ་ཡོད་པ་རེད།2023ལོའི་ཟླ་9པར་ཧྲན་ཏུང་གིས་རོགས་སྐྲུན་མ་དངུལ་སྒོར་ཁྲི་600བཏང་ནས་བསྐྲུན་པའི་རྐང་ཚ་རྫོང་གི་བོད་གྲོང་བུ་བཅོལ་ཁང་དངོས་སུ་གཉེར་སྐྱོང་བྱས་པས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་དཀོན་པའི་གནས་ཚུལ་དེ་དང་ཆབས་ཅིག་ཞི་ལྷོད་དུ་སོང་ཡོད།མིག་སྔར་བུ་བཅོལ་ཁང་དེར་བྱིས་པ་280ལྷག་ཙམ་ཡོད་པ་དེས་རྫོང་ཡོངས་ཀྱི་བུ་བཅོལ་ཁང་གསུམ་གྱི་མི་གྲངས་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཡན་བཟུང་ཡོད།

“རོགས་སྐྲུན་མ་དངུལ་ལ་བརྟེན་ནས་ང་ཚོས་ཁང་པའི་ཕྱི་རོལ་གྱི་བྱེད་སྒོའི་ས་ཁོངས་སྲ་བརྟན་དུ་བཏང་བ་དང་།འགྱིག་གི་རྒྱུག་ལམ་བཏིང་བ།ལྕགས་རི་བསྐྲུན་པ་བཅས་བྱས་པ་མ་ཟད།ད་དུང་འཚོ་བའི་ཉམས་ལེན་ཁུལ་ཡང་བསྐྲུན་ཡོད་པས་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་མ་ཟད།ས་གནས་དེ་གའི་བྱིས་པའི་སློབ་གསོའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་རྨང་གཞི་བརྟན་པོ་ཞིག་ཀྱང་བརྟན་དུ་ཕྱིན་ཡོད”བོད་གྲོང་བུ་བཅོལ་ཁང་གི་ཡོན་ཀྲང་ཚའོ་ཀྲེང་ལུང་གིས་ཧྲན་ཏུང་ཞིང་ཆེན་ལེའོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གཉིས་པའི་བུ་བཅོལ་ཁང་གིས་ད་དུང་བོད་གྲོང་བུ་བཅོལ་ཁང་དང་ཆ་སྒྲིག་རོགས་སྐྱོར་ལམ་སྲོལ་བཙུགས་ནས་སློབ་ཁྲིད་ལས་དོན་དང་དགེ་རྒན་སྤེལ་རེས་སོགས་ལ་དམིགས་ནས་ཉམས་མྱོང་མཉམ་སྤྱོད་དང་ལག་ལེན་མཉམ་ལས་བྱས་པས་བོད་གྲོང་བུ་བཅོལ་ཁང་གི་སློབ་ཁྲིད་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཧྲན་ཏུང་གིས་རོགས་སྐྲུན་མ་དངུལ་སྒོར་ཁྲི་9000བཏང་ནས་བསྐྲུན་པའི་ལུའུ་ཆིང་མཐོ་རིམ་སློབ་འབྲིང་2024ལོའི་མཐོ་རྒྱུགས་དངོས་གཞིའི་ཚན་ཁག་གི་དུམ་བུ་དང་པོ་དང་གཙོ་གནད་དངོས་གཞིའི་ཚན་ཁག་གི་ཚད་གཞི་ཚང་མ་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་།ཝུའེ་ཧའེ་རུ་སྒྱུ་རྩལ་རིགས་ཀྱི་མཐོ་རྒྱུགས་འཛིན་གྲྭ་ཐོག་མར་བཙུགས་ནས་ལོ་ལྟར་གནས་གཏན་འཁེལ་གྱིས་མཚོ་བྱང་ཁུལ་གྱི་སློབ་མ་50བསྡུ་རྒྱུ་དང་སློབ་མས་རྒྱལ་ཁབ་ཀྱི་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭའི་དམིགས་བསལ་སློབ་གསོའི་ཁ་གསབ་དང་སློབ་ཡོན་མི་དགོས་པའི་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་པ་སོགས་ཧྲན་ཏུང་མཚོ་སྐྱོར་ལས་དོན་ཚོགས་ཆུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོ་དེ་ཁ་གཏད་རོགས་སྐྱོར་གྱི་སྔོན་ཐོབ་ཁྱབ་ཁོངས་དང་གཙོ་གནད་ལས་གྲྭར་བརྩིས་ནས་བརྩེ་སེམས་ཟབ་མོ་བཅངས་ཏེ་མ་དངུལ་འབོར་ཆེན་བཏང་སྟེ་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་བཏང་།

བོད་བཟོའི་ཉམས་འགྱུར་དང་དེང་རབས་ཀྱི་ཉམས་འགྱུར་ལྡན་པའི་བུ་བཅོལ་ཁང་དེ་ནི་ལུའུ་ཆིང་གི་བརྩེ་སེམས་ཟབ་མོ་ལྡན་པའི་དཔང་པོ་ཞིག་ཡིན་པ་མ་ཟད།ས་མཐོའི་ཕྲུ་གུའི་བདེ་སྐྱིད་ལྡན་པའི་བྱིས་དུས་དེ་བས་མངོན་པར་བྱས་ཡོད།

བྱམས་སེམས་ལ་བརྟེན་ནས་ས་མཐོའི་ཚེ་སྲོག་གི་འོད་སྣང་སྲུང་སྐྱོང་བྱེད་པ།

མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པའི་གྱང་ངོས་སུ“མཚོ་བྱང་ཁུལ་གྱི་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་དང་པོ”ཞེས་པའི་ཡིག་འབྲུ་དམར་པོ་མངོན་གསལ་དོད་པོ་ཡོད།སྨན་བཅོས་དང་།སློབ་ཁྲིད།ཚན་ཞིབ།སྔོན་འགོག་འཕྲོད་སྦྱོར།འཕྲལ་སྡོམ་རོགས་སྐྱོབ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་དེས་ས་གནས་དེ་གའི་མང་ཚོགས་ལ་ཕྱོགས་ཡོངས་ནས་སྨན་བཅོས་ཞབས་ཞུ་བྱེད་བཞིན་ཡོད།

སྨན་བཅོས་ལག་རྩལ་ཐོག་ཁང་གི་ཐོག་སོ་6པའི་ཁྲག་རྒྱུན་གཙང་སེལ་ལྟེ་གནས་ཀྱི་ནད་ཁུལ་དུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་ཆོན་ཁོའུ་གྲོང་རྡལ་ཏུང་ཧྲ་ཧོ་གྲོང་ཚོའི་གྲོང་མི་ཧུའུ་ཁྲེང་ཡུས་སྒོ་འགྲམ་དུ་ལངས་ནས་ཁྲག་རྒྱུན་དབྱེ་ཞིབ་བྱེད་བཞིན་པའི་བཟའ་ཟླ་སྒུག་བཞིན་ཡོད།“ལོ་གསུམ་གོང་ཁོང་ལ་ནད་ཕོག་སྐབས་མཚོ་བྱང་དུ་སྨན་ཁང་མེད་པས་ང་ཚོ་ཟི་ལིང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད”ལོ་56ལ་སླེབས་པའི་ཧུའུ་ཁྲེང་ཡུས་ཀྱིས་ཁྱིམ་དུ་ནས་དང་པད་ཁ་སྤྱི་ཆིང་1ཙམ་བཏབ་ཡོད་པས་ཡོང་འབབ་ཀྱི་ཡོང་ཁུངས་གཞན་དག་ཧ་ལམ་མེད།གཟའ་འཁོར་རེར་དབྱེ་ཞིབ་ཐེངས་གསུམ་བྱེད་དགོས་པས་ནང་མི་ཚང་མས་དུས་ཡུན་རིང་པོར་ཟི་ལིང་དུ་ཁང་པ་མི་གླ་ཀ་མེད་བྱུང་བ་དང་ཁང་གླ་ཁོ་ནར་ལོ་ལྟར་སྒོར་ཁྲི་གཅིག་ལྷག་ཙམ་གཏོང་དགོས་ཀྱི་ཡོད།

“རི་བོ་བརྒལ་ནས་སྨན་བཅོས་ལམ་བུ་འཚོལ་བ”དེ་ནི་ས་མཐོའི་མི་སེར་གྱི་སེམས་ནང་གི་དཀའ་ཚེགས་ཆེ་བའི་དོན་དངོས་ཤིག་རེད།དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་མང་ཚོགས་ཁྲི་30ཙམ་ལ་ནད་ལྟ་དཀའ་བ་དང་ནད་ཆེན་ལྟ་དཀའ་བའི་དཀའ་ངལ་འཕྲད་པ་དང་།ཉེན་ཁ་ཆེ་བ་དང་དཀའ་གནད་ཆེ་བའི་ནད་པ་སྤྱི་ལེ་བརྒྱ་ཙམ་བསྐྱོད་དེ་ཟི་ལིང་དུ་སྨན་བཅོས་བྱེད་དགོས་པ་དང་།ལམ་བར་དུ་འཁྲུག་ཆ་དོད་པའི་དུས་ཚོད་སྤྱད་དེ་མང་ཚོགས་ཀྱི་གཞི་རྩའི་བདེ་ཐང་གི་དགོས་མཁོ་འགན་ལེན་བྱེད་དཀའ་བ་རེད།

དམངས་འཚོ་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་དམིགས་ནས་ལུའུ་ཆིང་ས་ཁུལ་གཉིས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་རིམ་ཁག་གསར་གཏོད་མ་དངུལ་སྒོར་དུང་ཕྱུར་1.8བརྩོན་ལེན་དང་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་ཚན་པའི་མཐུན་སྦྱོར་གཞོགས་འདེགས་འོག་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཐོག་མ་གཏོད་པའི་ལས་དོན་སྤེལ་འགོ་ཚུགས་པ་རེད།

“2025ལོའི་ཟླ་4པར་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་ཕྱོགས་བསྡུས་སྨན་ཁང་རིམ་པ་གསུམ་པར་རིམ་སྤོར་བྱས་ནས་པགས་ནད་ཚན་ཁག་དང་།ན་ཟུག་ཚན་ཁནད་དང་རང་བྱུང་ཚན་རིག་ཚན་ཁགནད་གཞི་ལྕི་བའི་གསོ་རིག་ཚན་ཁག་སོགས་ཚན་ཁག་10གསར་དུ་བསྐྲུན་ནས་སྨན་ཁང་གི་རིག་ཚན་མང་པོའི་སྟོང་ཆ་གསབ་པ་དང་།བྲང་གཟེར་ལྟེ་གནས་དང་།ཧྲན་ཏུང་གི་མཚོ་སྐྱོར་སྨན་པ་མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པའི་ཡོན་ཀྲང་གཞོན་པ་ཁུལ་ཡན་གྱིས་གྲུབ་འབྲས་དེས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་གྱི་ཏུའུ་ཧའེ་པེ་ཁུལ་རུ་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་མེད་པའི་སྟོང་ཆ་བསྐངས་པ་དེ་ཐོག་ནས་མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་མཚོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

རྒྱལ་ཡོངས་ཀྱི་སྔོན་ལ་ཁུལ་རིམ་པའི་རིག་ནུས་སྤྲིན་ཚོགས་བདེ་ཐང་གྲངས་གཞིའི་ལྟེ་གནས་དང“སྤྲིན་ཚོགས་བདེ་ཐང”སྒོ་དབྱེའི་རྣམ་པའི་ཞབས་ཞུའི་ལས་སྟེགས་བཙུགས་ནས་ཧྲན་ཏུང་གཙོ་གནད་སྨན་ཁང་དང་རྒྱང་ཁྲིད་སྨན་བཅོས་ནད་དཔྱད་ཐབས་ལམ་ཤར་གཏོང་ཐུབ་པ།“ལུའུ་ཆིང་ཧ་ལམ་ཡོད་པའི”རྣམ་གྲངས་ཀྱིས་རིམ་རྩིས་བྱས་ན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་109ཧྲན་ཏུང་དུ་རིན་མེད་གཤགས་བཅོས་བྱེད་པར་སྐྱེལ་གྱི་ཡོད།“ཚོགས་སྒྲིག་རྣམ་པའི”སྨན་བཅོས་རོགས་སྐྱོར་ཐོན་ཁུངས་ལ་བརྟེན་ནས་མཚོ་བྱང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་འཕྲལ་སྡོམ་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ས་མཐོའི་མང་ཚོགས་ལ་བདེ་ཐང་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་ཡོད།

ཧུའུ་ཁྲེང་ཡུས་ཀྱིས་བཤད་པ་ལྟར་ད་ཆ་ཁྱིམ་དུ་རླངས་འཁོར་བཏང་ནས་སྐར་མ་20ཙམ་འགོར་རྗེས་སྨན་ཁང་དུ་བསྐྱོད་ཐུབ་པ་དང་སྒོ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།

དངོས་སྒྲུབ་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་སྐུལ་སློང་བྱེད་པ།

རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་གི་ཆུ་འཁྱག་ཉ་སྐྱེ་འཕེལ་དང་མྱུག་གསོའི་རྟེན་གཞིའི་ནང་ཁྲང་ཀྲང་ལིའུ་ལི་ཀྲི་ཡིས་སྔར་རྒྱུན་བཞིན་རྟེན་གཞིའི་ཆུ་སྤུས་ལ་ཞིབ་དཔྱད་ཚད་ལེན་བྱེད་པར་ཡོང་བ་རེད།ཉ་རྫིང་གི་འགྲམ་དུ་ལངས་ནས་གཟན་ཆས་བྱང་ཆུབ་པའི་སྒོ་ནས་གཏོར་བ་དང་།རྫིང་བུའི་ནང་གི་འཇའ་གསེར་ཉ་མྱུག་གིས་འཚང་ཁ་ཤིག་ཤིག་ངང་ཟས་འཕྲོག་རེས་བྱེད་ཀྱི་ཡོད།

“འཁོར་ཁང་དེར་སྒོར་རྫིང་30ཡོད་པ་དང་།ཚངས་ཐིག་ལ་སྨི་6ཡོད་པ།ཉ་ཕྲུག་ཆུང་བར་ཁེ་5ཙམ་ཡོད་པ།ཆེ་བ་ཁེ་བརྒྱ་ཕྲག་ཁ་ཤས་ཡོད་པས་ང་ཚོས་ཁྲོམ་རའི་དགོས་མཁོ་གཞིར་བཟུང་ཚད་གཞི་མི་འདྲ་བའི་ཉ་ཕྲུག་གསོ་སྐྱོང་བྱེད་ཀྱི་ཡོད”ཅེས་ལིའུ་ལི་ཀྲིས་བཤད།

རྒྱ་མདོ་རྫོང་གི་རི་ཆུའི་གྲང་ཆུའི་ཐོན་ཁུངས་གསོག་ཚད་ཆེ་བ་དང་།ཁྱབ་ཚུལ་གཅིག་སྡུད་ཡིན་ལ་ཆུའི་སྤུས་ཚད་ཀྱང་དྭངས་གཙང་ཡིན་པས་ཆུ་གྲང་ཉ་སྐྱེ་འཚར་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད།2017ལོར་ཧྲན་ཏུང་གི་རོགས་སྐྲུན་མ་དངུལ་སྒོར་ཁྲི་4750ལ་བརྟེན་ནས་ཀྲུང་དབྱང་དང་ས་གནས་ཀྱི་མ་དངུལ་དང་ཟུང་འབྲེལ་བྱས་ཏེ་ས་གནས་དེ་གར་ཆུ་གྲང་ཉ་སྐྱེ་འཕེལ་དང་མྱུག་གསོའི་རྟེན་གཞི་བསྐྲུན་ཡོད།དེ་རྗེས་ཀྱི་ལོ་གསུམ་རིང་ཧྲན་ཏུང་གིས་ཆུ་གྲང་ཉ་སྐམ་ས་ནས་ཁྲོམ་རར་སྐྱོད་པའི་བགྲོད་ལམ་ཞིག་བསྐྲུན་ནས་རྒྱ་མདོ་རྒྱལ་ཡོངས་ཀྱི་ཀུའེ་གསེར་ཉ་མྱུག་མཁོ་སྤྲོད་རྟེན་གཞི་ཆེ་ཤོས་སུ་རིམ་བཞིན་གྱུར་ཡོད།

“2024ལོར་ང་ཚོས་མཚོ་སྔོན་རྒྱལ་ཁབ་མ་འཇོག་ཚོགས་པས་གཞུང་ཁོངས་ཁེ་ལས་མཉམ་བསྲེས་སྒྱུར་བཅོས་བྱ་རྒྱུའི་ནང་འདྲེན་བྱས་པ་དང་རྟེན་གཞི་དེ་དེ་སྔའི་ཉ་ཕྲུག་རྐྱང་པ་ནས་གསོ་ཚགས་བྱས་ཏེ་ཉ་ཕྲུག་མཁོ་སྤྲོད་དང་།ཉ་བཟོས་གསོ་ཚགས།ལས་སྣོན།ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་གཉེར་སྐྱོང་ཚོང་པར་འཕེལ་རྒྱས་བཏང་བས་ལོ་ལྟར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་5ལས་བརྒལ་རྒྱུ་རེད”ཝུའེ་ཧའེ་གྲོང་ཁྱེར་གྱི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པ་དོ་དམ་ཚོགས་ཆུང་གི་ཙུའུ་ཀྲང་དང་།རྒྱ་མདོ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་གཞོན་པ་མོང་ཆིང་ཁྲེང་གིས་ལོ་གསུམ་རིང་རྒྱ་མདོ་རྫོང་དང་ཁེ་ལས་20དབར་གན་རྒྱ་འཇོག་རྒྱུར་སྐུལ་འདེད་བཏང་བ་དང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་55.5གཏོང་རྩིས་ཡོད་པ་རེད།མིག་སྔར་དབྱང་ཁྲུན་སྦི་རག་དང་ཁྲེན་ཀྲུའུ་བཟའ་བཅའ་སོགས་རྣམ་གྲངས་དོན་འཁྱོལ་བྱས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་ལས་བརྒལ་བ་དང་།རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར་3.44དོན་འཁྱོལ་བྱས་པ་དང་རོགས་སྐྲུན་རྣམ་གྲངས་17ལག་བསྟར་བྱས་ཡོད།

མཐོ་གསར་ལག་རྩལ་ཁེ་ལས་ནང་འདྲེན་བྱས་ནས་མཚོ་བྱང་ཁུལ་གྱི་སྔོ་རིགས་ཚན་རྩལ་ཁྱབ་ཁོངས་ཀྱི་ཐོན་ལས་སྟོང་ཆ་གསབ་པ།ཧེ་ཡན་ནས་ལྟེ་བར་བྱས་ཏེ་གསར་གཏོད་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱས་ནས་དམངས་ཕྱུག་གི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་རྒྱུ།འབྲོག་ལུག་གསོ་ཚགས་རྟེན་གཞི་བསྐྲུན་ནས་གསོ་ཚགས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1ནས་1.5བར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ།“ནོར་ལུག་ཁྲི་ཧྲན་ཏུང་དུ་བསྐྱོད་པ”སོགས་ཀྱི་བྱེད་སྒོ་སྤེལ་ནས་རིམ་རྩིས་བྱས་ན་ཧྲན་ཏུང་ལ་ནོར་ནག་ཁྲི་5ལྷག་ཙམ་དང་འབྲོག་ལུག་ཁྲི་80ལྷག་ཙམ་བཙོངས་པར་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་10ཟིན་ནས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་9000ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།དེ་དང་ཆབས་ཅིག་རོགས་སྐྲུན་རྣམ་གྲངས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་མདོ་རྫོང་སྐྱེ་དངོས་ཐོན་ལས་གླིང་ཁུལ་གྱི་བཟའ་བྱའི་ཤ་མོའི་དབྱུག་པ་སྐྱེད་སྲིང་འཁོར་ཁང་སོགས་རྣམ་གྲངས་ཀྱིས་ལོ་ལྟར་ས་གནས་དེ་གའི་གྲོང་ཚོའི་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་བརྒྱ་ཙམ་རག་གི་ཡོད།

“ས་མཐོའི་ཐོན་ལས”ཀྱི་རྣམ་པ་དེའི་རྒྱབ་ཏུ་ཧྲན་ཏུང་གི་མཚོ་སྐྱོར་རི་བོ་བརྒལ་བའི་ལོ་15ཡི་རིང་འབད་བརྩོན་བྱས་པ་ཞིག་རེད།

རྨ་ཆུའི་རྩ་བ་གཅིག་མཚུངས་ཡིན་ལ།ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་བྱས་ཏེ་ཐོན་ལས་ཀྱི་ཆུ་རྒྱུན་ལ་བརྟེན་ནས་ཕྱུག་པོར་འགྱུར་བའི་མེ་ཏོག་བཏབ་པ་དང་དམངས་འཚོའི་དྲོད་ཚད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཁྱགས་པ་ཐེབས་ཡོད།ད་ཆ་རི་ཚོགས་ཀྱིས་བསྐོར་བའི་ས་གཞི་དེ་དེང་རབས་ཅན་གྱི་གྲོང་ཁུལ་ཕྱོགས་སུ་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་པ་དང་མཚོ་བོད་ས་མཐོའི་ཐོག་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྒྱུན་ཆད་མེད་པར་བཞད་པ་དང་ངོ་མཚར་གསར་པ་མུ་མཐུད་འཁྲབ་བཞིན་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།