གཅིག་སྒྲིལ་རྫོང་དུ“རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སྲུང་སྐྱོང་བྱེད”ཅེས་པའི་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ10པའི་ཚེས12ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་བར་བཞི་ཞང་རུརྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སྲུང་སྐྱོང་བྱེདཅེས་པའི་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སྒོ་བྱང་འགེལ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་། སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་ཆུ་བོ་དང་མཚེའུ་ལྟེ་བའི་ཆུ་རགས་འཁོར་སྐྱོད་ཁྲུའུ་ཡི་ཁྲུའུ་ཀྲང(རིམ་པ་གཉིས་པའི་བརྟག་ཞིབ་པ)ཝུའུ་ལེ་དང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཀོང་ཕིང་། མགོ་ལོག་ཁུལ་ཆུ་བེད་ཅུས་དང་། དེ་བཞིན་གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། བར་བཞི་སྲིད་གཞུང་གི་ལས་བྱེད་པ་ཡོངས། གཅིག་སྒྲིལ་རྫོང་གི་ཞང་དང་གྲོང་རྡལ་ཁག་དང་ལས་རིགས་སྡེ་ཁག་གི་འགན་འཁུར་བློ་མཐུན། དེ་བཞིན་བར་བཞི་ཡུལ་ཚོའི་མང་ཚོགས300ལྷག་ཙམ་མཛད་སྒོར་ཞུགས།

གཅིག་སྒྲིལ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་བཤད་རྒྱུར། གཅིག་སྒྲིལ་རྫོང་བར་བཞི་ཞང་དུ་ལྷུང་ལྷུང་འབབ་པའི་ཆུ་མིག་དེ་ནི་རྒྱལ་མོ་རྔུལ་ཆུའི་ཚེ་སྲོག་གི་འགོ་ཚུགས་ས་ཡིན་པ་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་མོ་རྔུལ་ཆུས་ཆུ་འགྲམ་གྱི་ཚེ་སྲོག་གྲངས་ལས་འདས་པ་གསོ་སྐྱོང་བྱས་པ་དང་། འོད་སྟོང་འབར་བའི་ཤེས་དཔལ་གསོ་སྐྱོང་བྱས་པར་མ་ཟད། དེ་བས་ཀྱང་མཐོ་སྒང་དང་གཤོང་ས། རང་བྱུང་དང་ཤེས་དཔལ་སྦྲེལ་མཐུད་ཀྱིས་སྦྲེལ་ཐག་གལ་ཆེན་ཞིག་ཡིན། ད་ལྟའི་བར་དུ། གཅིག་སྒྲིལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།“རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བསྲུངས་ནས་ལག་ལེན་བསྟར་ནས། ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་དང་། རྫོང་ནང་ཁུལ་གྱི་ཆུ་བོ་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ས་ཁོངས་ལས་བརྒལ་བའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཡོངས་རིགསགྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པོར་བརྒལ་བ། ཆུའི་སྤུས་ཚད་ལོན་ཚད100%ཟིན་ཡོད། མ་འོངས་པའི་ལས་དོན་ཁྲོད་སྤུས་ལེགས་སྐྱེ་ཁམས་གོ་སྐབས་སུ་བརྩིས་ནས་ཕྱོགས་ཁག་དང་མཉམ་ལས་སྤེལ་རེས་བྱ་རྒྱུར་སྔར་བས་ཤུགས་སྣོན་པ་དང་། ཆུ་མགོ་རེ་རེར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་མོ་རྔུལ་ཆུའི་གཙང་འགྲམ་སྔོ་ལྗང་དང་སྐྱེ་ཁམས་བཟང་པོ་ཡོང་བར་འགན་ལེན་བྱ་རྒྱུ་རེད། 

སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་ཆུ་བོ་དང་མཚེའུ་ལྟེ་བའི་ཆུ་རགས་འཁོར་སྐྱོད་ཁྲུའུ་ཡི་ཁྲུའུ་ཀྲང་ཝུའུ་ལེ་ཡིས “ཆུ་མགོ་དྭངས་ན་ཆུ་རྒྱུན་དྭངས། ཆུ་མགོ་རྙོག་ན་ཆུ་རྒྱུན་རྙོགཞེས་པའི་དཔེ་ལ་བརྟེན་ནས་ཆུ་མགོའི་སྐྱེ་ཁམས་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་ནན་བཤད་བྱས་པ་སྟེ། རྒྱལ་མོ་རྔུལ་ཆུའི་ཆུ་མགོའི་ཆུའི་སྤུས་ཚད་དང་སྐྱེ་ཁམས་གནས་ཚུལ་དེ་ཆུ་བོ་ཧྲིལ་པོའི་ཚེ་སྲོག་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་ལ། སྨད་རྒྱུད་ཀྱི་མང་ཚོགས་ཁྲི་སྟོང་ལྷག་གི་ཐོན་སྐྱེད་དང་འཚོ་བའི་བདེ་སྐྱིད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པར་མ་ཟད། ས་ཁོངས་ལས་བརྒལ་ཏེ་མཉམ་དུ་སྲུང་སྐྱོང་བྱེད་པའི་དགོས་གཏུག་ཆེ་བའི་རང་བཞིན་དང་གལ་ཆེའི་རང་བཞིན་འབུར་དུ་ཐོན་ཡོད།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཀོང་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་མོ་རྔུལ་ཆུའི་ཆུ་མགོའི་འབྱུང་ཁུངས་ཁུངས་འདེད་དང་སྒོ་བྱང་གི་ཡོབ་རས་ཕྱེ་བ་ནི་སྟབས་བདེའི་ས་ཁམས་ཀྱི་གནས་ཚད་གཏན་འཁེལ་ཟམ་ཞིག་མ་ཡིན་ཏེ། འདི་ནི་རང་བྱུང་ཆོས་ཉིད་ལ་གུས་ཤིང་བརྩི་བ་དང་འབབ་རྒྱུད་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱས་པ་ཞིག་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན། བྱེད་ཐབས་འདིས་མགོ་ཁུངས་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད་པརདམར་ཐིགདབྱེ་འབྱེད་གཏན་འབེབས་དང་། འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར“འཆར་གཞི”འདོན་སྤྲོད། གསར་བརྗེའི་རིག་གནས་རྒྱུན་འཛིན་བྱེད་པརལས་སྟེགསབསྐྲུན་པ་བཅས་བྱས་ཏེ། མཇུག་མཐར་བུ་རབས་ཚ་རྒྱུད་ལ་སྐྱེ་ཁམས་ཀྱི་ཕན་འབྲས་དང་རིག་གནས་ཀྱི་རིན་ཐང་གཉིས་ཀ་ལྡན་པའིརྒྱུ་ནོར་ཉིས་བརྩེགསའཇོག་པ་ཡིན།

དར་དགའ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིས་མི་རབས་ནས་མི་རབས་བར་འབབ་རྒྱུད་མཐའ་འཁོར་དུ་འཚོ་བ་སྐྱེལ་བའི་མྱོང་བ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ལག་ལེན་གྱི་མྱོང་ཚོར་དང་ཆོད་སེམས་བརྟན་པོ་མཉམ་སྤྱོད་བྱས་པ་དང་འབྲེལ། རང་ཉིད་ཀྱི་མིག་ལ་སྲུང་སྐྱོང་བྱེད་པ་ལྟར་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

བར་བཞི་ཞང་སློབ་ཆུང་གི་སློབ་མ་འཕྲིན་ལས་མཚོ་ཡིས་ཆུ་ཁུངས་སྲུང་སྐྱོབ། རྒྱལ་མོ་རྔུལ་ཆུ་ལ་སྲུང་སྐྱོབ་དང་། དྭངས་ཤིང་གཙང་བའི་རྨ་ཆུ་ཡི་མགོ་འཛུགས་ས་ཁུལ་ལ་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོ་མཐོ་སྒང་བུ་ཕྲུག་ཚོས་རུས་པའི་གཏིང་དུ་བརྐོས་པའི་འགན་འཁྲི་ཞིག་ཡིན་ལ། དེ་བས་ཀྱང་དོར་ཐབས་མེད་པའི་འོས་འགན་ཞིག་ཀྱང་ཡིན། ང་ཚོས་རྒྱུན་དུ་དགེ་རྒན་གྱི་རྗེས་སུ་དེད་ནས་མགོ་ཁུངས་སུ་གད་སྙིགས་འཐུ་རུ་སོང་ལ་། ལྷུང་ལྷུང་གི་ཆུ་མིག་ལ་ལྟ་ཐེངས་རེར་རྒྱལ་མོ་རྔུལ་ཆུའི་སྨད་རྒྱུད་ཀྱི་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཛུམ་མདངས་མཐོང་བ་དང་འདྲ། མ་འོངས་པ་ལ། ང་ཚོས་སྔར་བཞིན་རང་ཉིད་ནས་འགོ་འཛུགས་པ་དང་། བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ། རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་ཉམས་ལེན་འབད་སྒྲུབ་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྲུང་དམག་ཆུང་ཆུང་བརྩོན་ལེན་བྱས་ནས། རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སྲུང་སྐྱོང་ཡག་པོ་ཧུར་ཐག་བྱས་ཏེ་ཕ་ཡུལ་ཉིན་བཞིན་ཇེ་ལེགས་དང་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།

རྗེས་མར་གཅིག་སྒྲིལ་རྫོང་གིས་ཐེངས་འདིའི་མཛད་སྒོ་གོ་སྐབས་སུ་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་མཉམ་ལས་མཉམ་འགུལ་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་སྟེ། ཕྱོགས་གཅིག་ནས་ཆུ་མགོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུའི་སྐྱེ་ཁམས་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་གཙོ་གནད་རྣམ་གྲངས་ལག་བསྟར་བྱས་ནས་འབབ་རྒྱུད་ཀྱི་ཆུའི་སྤུས་ཚད་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། ཕྱོགས་གཞན་ཞིག་ནསསྐྱེ་ཁམས+རིག་གནསདངསྲུང་སྐྱོབ+འཕེལ་རྒྱསཀྱི་ཐབས་ལམ་གཉིས་ལ་དམིགས་ནས། ཞིང་ཆེན་གཉིས་པོས་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན། སྐྱེ་ཁམས་ཡུལ་སྐོར་མཉམ་སྡེབ་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། རྒྱལ་མོ་རྔུལ་ཆུའིསྐྱེ་ཁམས་ཀྱིཁེ་འབབདངརིག་གནས་ཀྱི་ཡིད་དབང་འཕྲོག་ཤུགསཀྱི་ས་གནས་གཉིས་ཀྱི་མང་ཚོགས་ལ་རྒྱུན་མཐུད་ངང་ཕན་པ་ཐོབ་པ་བྱེད་པ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལཆེས་ཐོག་མའི་འབྱུང་ཁུངས་དང་བཞུར་རྒྱུནསྔར་ལས་མང་བ་སྣོན་རྒྱུ་རེད།།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།