ཀན་སུའུ་ཞིང་ཆེན་ནི་རྨ་ཆུའི་སྟོད་རྒྱུད་དུ་གནས་ཤིང་། རྨ་ཆུའི་ཀན་སུའུ་ཡི་བཞུར་རྒྱུན་སྤྱི་ལེ913ཟིན་པ་རེད། སྤྱི་ལེ913དེ་ནི་ས་གཤིས་ཐོག་གི་བརྒྱུད་རིམ་ཞིག་ཡིན་པ་མ་ཟད། ཀན་སུའུ་ཡིས་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་འགན་འཁྲི་གལ་ཆེན་ཡིན།
2019ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། “ཀན་སུའུ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་ཁ་གསབ་ཁུལ་གཙོ་བོ་ཡིན་པས། ཐོག་མར་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་ས་ཆུ་སྲུང་འཛིན། འབག་བཙོག་འགོག་བཅོས་ཀྱི་འགན་འཁྲི་གཙོ་བོ་ཁུར་དགོས”། 2024ལོའི་ཟླ9པར་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས་ཕྱོགས་ཡོངས་ནས་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་བཞུགས་མོལ་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།“རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྣམ་པ་གསར་བ་གཏོད་དགོས”།
འདི་ནི་ཀན་སུའུ་ཞིང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཁོངས་སུ་ཡོད་པའི་དཔལ་བན་ཚང་ལྗོངས་ཁུལ་རེད།
2021ལོ་ནས་བཟུང་། ཀན་སུའུ་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར50ལྷག་བཏང་བའི་ཀན་ལྷོ་རྨ་ཆུའི་སྟོད་རྒྱུད་ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་རི་ཆུ་ནགས་ཞིང་དང་རྩྭ་བྱེ་ཐང་གཞི་གཅིག་ཅན་སྲུང་སྐྱོབ་དང་བཟོ་བཀོད་སླར་གསོ་ལག་བསྟར་བྱས་པ་དང་། བཟོ་བཀོད་དེས་གཅིག་གྱུར་འཆར་འགོད་ངང་ཆུའི་བཟོ་བཀོད་འཛུགས་སྐྲུན་དང་ཆུའི་གནོད་འཚེ་སྔོན་འགོག ཆུའི་ཐོན་ཁུངས་དོ་དམ། ཆུའུ་ཁོར་ཡུག་ལེགས་བཅོས་སོགས་ཀྱི་ལས་དོན་སོ་སོར་སྐུལ་འདེད་བྱས་པ་བརྒྱུད། རྒྱུན་མཐུད་ངང“འབབ་རྒྱུད་བཅོས་སྐྱོང་རི་མོ་གཅིག”འཐུས་ཚང་དུ་བཏང་།
ད་ལྟ། རྨ་ཆུ་རྫོང་གི་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད98.4%ཟིན་པ་དང་བཅོས་སྐྱོང་བྱས་ཆོག་པའི་རྩྭ་ཐང་བརླན་ས་ཚང་མ་བཅོས་སྐྱོང་བྱས།
ས་ཆུ་ཤོར་བའི་གནས་ཚུལ་ནི་རྨ་ཆུའི་གནད་དོན་གཙོ་བོ་ཡིན་པ་མ་ཟད། ཀན་སུའུ་ཡི་ཐག་གཅོད་དཀའ་བའི་གནད་དོན་ཞིག་ཏུ་གྱུར། ཀན་སུའུ་རྨ་ཆུའི་འབབ་རྒྱུད་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ9དང་འབྲེལ་བས། ཞིང་ཆེན་ཡོངས་ཀྱི་རྒྱ་ཁྱོན་གྱི34%ཟིན་ཡོད། 2019ལོར་རྨ་ཆུ་ཀན་སུའུ་དུམ་མཚམས་ཀྱི་ས་ཆུ་ཤོར་ཚད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི4.71ལ་སླེབས།
གཞི་གྲངས་ལས་མངོན་པ་ལྟར་ན། 2019ལོའི་ཚུན། ཀན་སུའུ་ཞིང་ཆེན་གྱི་རྨ་ཆུའི་འབབ་རྒྱུད་ཁྱབ་ཁོངས་ཡོངས་ཀྱི་ས་ཆུ་ཤོར་བའི་བཅོས་སྐྱོང་བྱེད་པའི་རྒྱ་ཁྱོན་བསྡོམས་པས་སྨི་གྲུ་བཞི་མ་སྤྱི་ལེ་ཁྲི2ཟིན་པ་རེད།
ཀན་སུའུ་རྨ་ཆུའི་འབབ་རྒྱུད་ཀྱི་ལོའི་ཆ་སྙོམས་ཆར་འབབ་ཚད་དང་། མིའི་ཆ་སྙོམས་དང་ས་ཞིང་གི་མུའུ་ཆ་སྙོམས་ཆུའི་ཐོན་ཁུངས་འབབ་རྒྱུད་ཡོངས་ཀྱི་བཅུ་ཆའི་བདུན་དང་གསུམ་ཆའི་གཅིག དྲུག་ཆའི་གཅིག་བཅས་ཟིན། འབབ་རྒྱུད་ཀྱིས་ཀན་སུའུ80%མི་འབོར་དང80%ཡས་མས་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར(GDP)བསྡུས། སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འགལ་ཟླ་འབུར་དུ་ཐོན་པ་རེད།
བསྡོམས་རྩིས་ལྟར་ན། 2024ལོར་ཀན་སུའུ་ཞིང་ཆེན་གྱི་སྒོར་ཁྲིGDPདང་སྒོར་ཁྲི་བཟོ་གྲྭའི་འཕར་གྲངས་ཆུ་སྤྱོད་ཚད་སོ་སོ་སྨི་གྲུ་བཞི་ལྷམ་མ41.8དང15.8ཟིན་ནས་དུས་མཉམ་ལས་སྨི་གྲུ་བཞི་ལྷམ་མ3.2དང0.2ཀྱིས་ཇེ་ཉུང་དུ་ཕྱིན།
ཀན་སུའུ་ཡིས་ཐོན་ཁུངས་ལྷན་ནུས་དང་ཁྱབ་ཁོངས་ལེགས་ཆ་གཙོ་བོར་བཟུང་ནས། གཏིང་ཟབ་པའི་ངང་ཚན་རྩལ་དང་བཟོ་ལས། ཞིང་ཆེན་ལྟེ་གནས། རྫོང་ཁོངས་བཅས་སྟོབས་ཅན་དུ་གཏོང་བའི་འགུལ་སྐྱོད་སྤེལ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ཁྱབ་ཁོངས་བརྟོལ་ཁ་རུ་བྱས་ནས་ཤུགས་ཡོད་ཚད་ཀྱིས་རྨ་ཆུའི་འབབ་རྒྱུད་ལྗང་མདོག་འཕེལ་རྒྱས་སུ་སྒྱུར་བར་སྐུལ་འདེད་བྱས།
གཞན་ཡང་ཐོན་ལས་ལྗང་མདོག་ཚུལ་སྒྱུར་བརྟོལ་ཁ་རུ་བྱས་ནས། དམག་འཐབ་རང་བཞིན་གྱི་ཐོན་ལས་གསར་བ་སྔོན་ཁྲིད་བྱས་པས་ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ9རུ་ལྗང་མདོག་ཚུལ་སྒྱུར་བྱས་པས་དམག་འཐབ་རང་བཞིན་གྱི་ཐོན་ལས་གསར་བ2019ལོའི12.4%ནས་མིག་སྔར་གྱི16.2%སུ་འཕར།
སྟོན་དུས་ཀྱི་ཀན་ལྷོ་རུ་རྩྭ་ཆུ་འཛོམས་ཤིང་། ཨར་ལས་བྱེད་བཞིན་པའི་གཙོད་གྲོང་ཁྱེར་ནས་ཀན་སུའུ་ས་མཚམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱིས་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་ཞིང་ཆེན་གསུམ་སྦྲེལ་མཐུད་བྱེད་པའི་ལམ་ཡིན། དེས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་གསོ་སྐྱོང་ཁུལ་བརྒལ་བ་རེད། འཛུགས་སྐྲུན་འགན་ཁུར་ཕྱོགས་ཀྱིས་སྐྱེ་ཁམས་ཚོད་ལྟ་ཁུལ་བསྐྲུན་ཏེ་མུ་མཐུད་དུ་ས་གནས་གནམ་གཤིས་དང་འཚམ་པའི་རྩྭ་ཤུན་བཤུ་བའི་ལག་རྩལ་འཚོལ་ཞིབ་བྱས།
ཀན་སུའུ་ཞིང་ཆེན་གྱིས་ནན་ཏན་ངང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས》དོན་འཁྱོལ་ལག་བསྟར་བྱས་པ་མ་ཟད། 《ཀན་སུའུ་ཞིང་ཆེན་གྱི་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྲོལ་ཡིག》སོགས་ཀྱི་ཞིང་ཆེན་རིམ་པའི་སྒྲིག་ལམ་དང་ཁྲིམས་སྲོལ་བཏོན། ལག་བསྟར་བྱས་པའི་སྲིད་ཇུས་ཁྲིམས་སྲོལ་མ་ལག་ཞིབ་ཕྲ་ཅན་དུ་བཏང་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བརྟན་བརླིང་གི་ཁྲིམས་སྐྱོང་འགན་སྲུང་མཁོ་འདོན་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྨ་ཆུའི་འབབ་རྒྱུད་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་གཙོ་བོ་ཡིན་པས། རྨ་ཆུའི་རིག་གནས་ལ་སྲུང་སྐྱོབ་ཁྱབ་སྤེལ་བྱས་ནས། ལོ་རྒྱུས་རིག་གནས་ཀྱི་འབྱུང་གཞི་དང་མི་རིགས་ཀྱི་རྩ་རྒྱུན་རྒྱུད་འཛིན་བྱེད་དགོས།
གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོར་ཀན་སུའུ་རྨ་ཆུའི་འབབ་རྒྱུད་གྲོང་ཁྱེར་དང་ཁུལ་གྱི་ཡུལ་སྐོར་སྣེ་ལེན་མི་ཐེངས་དུང་ཕྱུར3.2ཟིན་པ་དང་། ཡུལ་སྐོར་དངུལ་གཏོང་སྒོར་དུང་ཕྱུར2300ཟིན་ནས་དུས་མཉམ་ལས་སོ་སོ14.3%དང24.7%གྱིས་འཕར།
པར་འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་མཚོ་ཉིན་ལྗོངས་ཁུལ་དུ་ཡུལ་སྐོར་པས་འདབ་ཆགས་སྐྱར་མོ་པར་ལེན་བཞིན་པའི་ཚུལ་རེད།
རྨ་ཆུ་ཀན་སུའུ་ནས་རི་མཐོ་དང་རྩྭ་ཐང་། ན་འདམ་དང་རི་ཀླུང་། གྲོང་ཁྱེར་དང་གྲོང་གསེབ་བརྒྱུད་དེ་སྐྱེ་སྟོབས་ཚད་མེད་བསྐྲུན། ཀན་སུའུ་ཡི་ས་གཞི་ཆེན་མོས་ལྗང་མདོག་ནས་གསར་བར་འཕེལ་རྒྱས་བྱུང་བའི་སྟོབས་ཤུགས་སྔར་ལས་རྒྱས་ནས། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་མཛེས་སྡུག་གི་རི་མོ་རྒྱུན་ཆད་མེད་པར་འབྲི་བཞིན་ཡོད། །