མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཉེ་ལམ་ཀོས་ནན་རྫོང་ནས་དུས་ཚིགས་གསུམ་པའི་འཆར་ཅན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་འཚོགས་ཏེ། "ལོ་ལྔའི་འཆར་གཞི་བཅོ་ལྔ་པ"ནས་བཟུང་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་ཐོ་ཡིག་སྒྲོག་སྤེལ་བྱས།
"ལོ་ལྔའི་འཆར་གཞི་བཅོ་ལྔ་པ"ནས་བཟུང་། མཚོ་ལྷོ་ཁུལ་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར12.56བཏང་བས་ཁོར་ཡུག་གི་ཚད་གཞི་མང་པོ་ཞིག་མངོན་གསལ་གྱིས་ཇེ་ལེགས་སུ་གྱུར་ཅིང་། སྐྱེ་ཁམས་ཕན་འབྲས་གྲོང་ཁྱེར་མཛེས་སྒྱུར་དང་། གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་མང་པོར་ཁྱབ། རྒྱུས་ལོན་པ་ལྟར་ན། ལག་བསྟར་བྱེད་བཞིན་པའི་རྣམ་གྲངས30ཡི་ཁྲོད་དུ་ཆུའི་སྦགས་བཙོག་བཅོས་སྐྱོང་གི་རྣམ་གྲངས15འདུས། སྒོར་དུང་ཕྱུར11.57བཏང་བ་དེར་སྤྱིའི་སྡོམ་འབར་གྱི་སྒོར་བཏང་ཚེ92%ཟིན། རླུང་ཁམས་ཆེན་པོ་དང་ས། ཞིང་སྡེ་བཅས་ཀྱི་འཚོ་བའི་ཆུ་རྙིགས་བཅོས་སྐྱོང་གི་རྣམ་གྲངས་བཅས་ལ་སོ་སོར་སྒོར་ཁྲི5149དང་སྒོར་ཁྲི1820། སྒོར་ཁྲི3000བཅས་བཏང་ཡོད། ད་ལོར་རེ་ཞུ་བྱས་པའི་ཀྲུང་དབྱང་གི་ཆུའི་སྦགས་བཙོག་བཅོས་སྐྱོང་གི་རྣམ་གྲངས་བདེ་བླག་ངང་སྤེལ་བ་དང་། རྣམ་གྲངས་གསུམ་ལ་སྒོར་དུང་ཕྱུར2.59བཏང་། དེའི་ཁོངས་སུ་ཁྲི་ཀ་རྫོང་གི་ལན་ཆོན་ཆུ་བོའི་སྐྱེ་ཁམས་ཞིག་གསོ་དང་། ཞི་ཧི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཞིག་གསོ་སོགས་ཀྱི་བཟོ་སྐྲུན་གལ་ཆེན་འདུས་ལ། གཞན་ད་དུང་། འཆར་འགོད་རྣམ་གྲངས5རེ་ཞུ་བྱ་རྩིས་ཡོད་པ་དང་བསྡོམས་པས་སྒོར་དུང་ཕྱུར1.29བཏང་ཡོད། དེའི་ཁོངས་སུ་ཡང་ཆུ་བོའི་མགོ་ཁུངས་ཁུལ་གྱི་ཚད་ལྡན་ཅན་འཛུགས་སྐྲུན་དང་བཙོག་ཆུ་ཕྱིར་འདོན་བྱེད་ས་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་འདུས་ཡོད།
སྐྱེ་ཁམས་བཅོས་སྐྱོང་གི་གྲུབ་འབྲས་མངོན་གསལ་ཡིན་པ། ད་ལོའི་ཟླ1པོ་ནས་ཟླ8པའི་བར། ཁུལ་ཡོངས་ཀྱི་མཁའ་དབུགས་གི་སྤུས་ཚད་བཟང་ཚད་ཉིན227ཡོད་པ་དང་མཁའ་དབུགས་བཟང་ཚད97%ཟིན་ལ། དུས་མཉམ་ལས་བརྒྱ་ཆའི་ཚེག0.4ཇེ་མཐོར་གྱུར་ཡོད། PM_[2.5]ཡི་འདུས་ཚད་ཝེ་ཁུ19ཚོད་འཛིན་བྱས་ཡོད། ཆུའི་ཁོར་ཡུག་གི་སྤུས་ཚད་འབུར་དུ་ཐོན་པ་དང་ཚྭ་རྔ་འགག་སོགས་ཆུ་ཁོངས་གཙོ་བོའི་ཆུའི་སྤུས་ཚད་ཆ་སྙོམས་ངང་རིགསIIཡན་དུ་བསླེབས་ཡོད་པ་དང་། གཅིག་བསྡུས་རང་བཞིན་གྱི་འཐུང་ཆུའི་ཆུ་ཁུངས་ས་ཁུལ་ཚད་གཞི་རུ་སླེབས་ཚད100%རེད།
རྣམ་གྲངས་རབ་དང་རིམ་པ་རིམ་རྩིས་ཀྱིས་ཞིག་གསོ་དང་བཅོས་སྐྱོང་བྱས་པ་ལས་ཆུ་ངོགས་བཅོས་སྐྱོང་བྱས་ཚད་སྤྱི་ལེ97.44ཟིན་པ་དང་། སྐྱེ་ཁམས་ཆད་ཤོར་དུ་བྱུང་ཁུལ་སྤྱི་ཆིང121.21སླར་གསོ་བྱུང་ཞིང་། ཆུ་ཁུངས་གསོ་སྤེལ་ཁུལ་གྱི་ལྗང་ཁུལ་སྤྱི་ཆིང380.98སླར་གསོ་བྱུང་། བརླན་ས་སྤྱི་ཆིང36.59སླར་གསོ་བྱུང་། སྐྱེ་ཁམས་ཕན་འབྲས་མགྱོགས་མྱུར་ངང་ཕྱོགས་བསྡུས་ཕན་འབྲས་སུ་འགྱུར་བཞིན་ཡོད་པ་དེས་ཆུའི་སྐྱེ་ཁམས་ཀྱི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་བཞིན་ཡོད་པ་མ་ཟད། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་འདུག་པས། མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྲོད་ཐོབ་པའི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་མཐུད་ངང་མཐོར་འདེགས་བྱུང་བཞིན་འདུག །