ཟླ10བའི་ཚེས9ཉིན། གསར་འགོད་པས་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། རྒྱལ་ཆེན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྐབས་སུ། སྡེ་ཚོགས་ཁོངས་གཏོགས་གྱི“ནམ་མཁའི་མེ་ལོང”ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི15.6སྣེ་ལེན་བྱས་པ་དང་། དུས་མཉམ་ལས15.97%འཕར། ཟླ10པའི་ཚེས8ཉིན་བར་མཛེས་ལྗོངས་ཁུལ་གྱིས་ལོ་འཁོར་དུ་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི280ལས་བརྒལ་བས།“མཚོ་སྔོན་ཡུལ་སྐོར་གསེར་ཀྱི་མིང་བྱང”ཞེས་པའི་མཚན་སྙན་ཀུན་ཏུ་གྲགས་པའི་མིང་རྟགས་བསྐྲུན།
“ནམ་མཁའི་མེ་ལོང”གི་མཛེས་སྡུག་གིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་། ཚྭ་མཚེའུ་ཡི་ནང་དོན་གསར་རྩོམ་དང་བགྲོད་ལམ་ཁྱབ་སྤེལ། མྱོང་རོལ་བྱེད་པ་སོགས་ཕྱོགས་ཡོངས་ཀྱི་བཞུར་འདྲེན་མ་ལག་བཙུགས་པ་མ་ཟད། རྒྱལ་སྤྱིའི་མཛེས་ལྗོངས་ཁུལ་ཁྱབ་བསྒྲགས་བྱེད་པའི་དབྱིན་ཡིག་པར་གཞི་ཁྱབ་བསྒྲགས་བྱས་ཏེ། ཚྭ་མཚེའུ་དེ“མཛེས་སྡུག་གི་ཀྲུང་གོ་མཐོང་བའི་འཛམ་གླིང་གི་བརྙན་ལམ”ཞིག་ཏུ་གྱུར་ནས། རྒྱལ་སྤྱིའི་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག དུས་ཆེན་གཉིས་པའི་སྐབས་སུ་རྒྱལ་གཅེས་ཤེས་བྱའི་དྲི་བ་དྲི་ལེན་དང་། “མཉམ་གཅིག་ཏུ་རྒྱལ་དར་འབྲི་བ། ”གད་ཚིག་ལེན་འདེབས་པ་དྲན་རྟེན་དངོས་རྫས་ཐོབ་པའི་བྱེད་སྒོ་རྩ་འཛུགས་བྱས་ཏེ། མཛེས་ལྗོངས་ཁུལ་ནི་ཁྱིམ་ཚང་ཡུལ་སྐོར་དང་བྱིས་པ་ཡུལ་སྐོར་བྱེད་པའི་གནས་མཆོད་ཞིག་ཏུ་གྱུར་ཡོད།
མཛེས་ལྗོངས་ཁུལ་གྱིས5Aརིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པརདམིགས་ཚད་དུ་བྱས་ནས། མཁྲེགས་ཆས་སྒྲིག་ཆས་ནས་མཉེན་ཆས་ཞབས་ཞུའི་བར་ཁྱོན་ཡོངས་ནས་སྤུས་ཚད་མཐོར་འདེགས་བྱས་ཏེ། ཡུལ་སྐོར་བ་སྣང་བ་སྐྱིད་པོ་དང་སྟབས་བདེ་ཡིན་པའི་ཡུལ་སྐོར་ཁོར་ཡུག་བསྐྲུན། རླངས་འཁོར་འཇོག་ས་འཁོར་སྐྱོད་ལམ་ཐིག་བསྐྱར་དུ་འཆར་འགོད་བྱས་པ་དང་ནུས་རྒྱུ་གསར་པའི་གློག་སྡོང་ཇེ་མང་དུ་གཏོང་བ། ཡུལ་སྐོར་བའི“རླངས་འཁོར་འཇོག་དཀའ་བ་དང་གློག་གསོག་དཀའ་བའི”གནད་དོན་ཐག་གཅོད་བྱས་པ་དང་། ངལ་གསོ་འདུག་སྟེགས120དང་གད་སྙིགས་ཟོ་སྒམ135གསར་དུ་བསྣན་པ། ངོ་རྟགས་སྣེ་ཁྲིད་བྱང་བུ1120བཀོད་སྒྲིག་བྱས་པ་སོགས་དགོས་མཁོ་མི་འདྲ་བའི་ཡུལ་སྐོར་བར་བག་ཕེབས་ངང་ཡུལ་སྐོར་བྱེད་པར་མཐུན་རྐྱེན་བསྐྲུན།
མཛེས་ལྗོངས་ཁུལ་ནི་ད་དུང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། 2016ལོ་ནས་བཟུང་མཛེས་ལྗོངས་ཁུལ་གྱིས་ཐད་ཀར་སམ་ཡང་ན་གཞན་བརྒྱུད་ཀྱིས་ལས་ཞུགས་མི་སྣ5000ལྷག་ལ་ལས་ཞུགས་བྱེད་པ་དང་། མཐའ་འཁོར་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་སྒོ་འགྲམ་དུ་ལས་ཞུགས་བྱེད་པ་དང་ཡོང་སྒོ་འཕར་སྣོན་བྱེད་པར་མངོན་འགྱུར་བྱུང་ཡོད་ལ། མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣ་དང་དམངས་སྲོལ་གནས་ཚང་ལས་གཉེར་མཁན་ནས་ཁྱད་རྫས་ཕྱིར་འཚོང་བྱེད་མཁན། ཡུལ་སྐོར་འགྲིམ་འགྲུལ་ཁ་ལོ་བ་སོགས་མི་མང་པོ་ཞིག་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་ཀྱིན་ཡོད་པ་དང་གཞན། སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་དོ་སྙོམས་པའི་ཐད་མཛེས་ལྗོངས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ“སྐྱེ་ཁམས་གཙོར་བྱེད་པའི”འདུ་ཤེས་བརྟན་སྲུང་བྱེད་པ་དང་། “རི་སྔོ་ཆུ་དྭངས”དང“གསེར་རི་དངུལ་རི”གཉིས་ཕན་ཡོང་བར་འབད་པ་བྱེད་ཀྱིན་ཡོད། །