རང་ཞིང་གིས་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་ལས་དོན་གྱི་《སྒྲིག་སྲོལ》བཏོན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས26ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་ལས་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ9པའི་ཚེས18ཉིན། ཞིང་ཆེན་ཞིབ་དཔྱོད་ཁང་གིས《མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་ལས་དོན་སྒྲིག་སྲོལ(ཚོད་སྤེལ)》(གཤམ་གསལ《སྒྲིག་སྲོལ》ཞེས་བསྡུས་པ་རེད)གཏན་འབེབས་དང་པར་འགྲེམས་བྱས་པ་དེའི་དམིགས་ཡུལ་ནི་ཉམས་མྱོང་དང་བྱེད་སྟངས་དང་ལམ་ལུགས་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་ཚད་ལྡན་དང་ནུས་ལྡན་ངང་སྤེལ་ནས་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་སྲོལ་དང་འཚམ་པའི་བཅའ་ཁྲིམས་ལྟ་སྐུལ་ལས་ཀའི་ལམ་སྲོལ་བཙུགས་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་ཆེད་རེད།

མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་སྲུང་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་གནས་བབ་དམིགས་བསལ་དང་གལ་ཆེན་ཡིན། 2022ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཁྲོད་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་ཞིབ་དཔྱོད་སྔོན་ལ་འཚོལ་ཞིབ་བྱས་ཏེ་མཚོ་སྔོན་གྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གཏན་འཁེལ་བྱས་ཏེ།“སྲིད་འཛིན་ས་ཁོངས་ལས་བརྒལ་བ་དང་།སྡེ་ཁག་ལས་བརྒལ་བའི་ལྟ་སྐུལ་ལྟ་སྐུལ།འབབ་རྒྱུད་ལས་བརྒལ་བའི་བཅོས་སྐྱོང་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམིགས་འབེན་དུ་བྱས་ཏེ།“ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དང་། ཆེད་དོན་ཞིབ་དཔྱོད་ཁང་གིས་གཙོ་ཁྲིད་བྱེད་པ། མངའ་ཁོངས་མཉམ་ལས་བྱེད་པ། ས་ཁོངས་མཉམ་འགྲུལ།ཚན་རྩལ་ནུས་སྤེལ། ཕྱོགས་མང་མཉམ་སྐྱོང་བཅས་ཀྱི་སྐོར་སྐྱོད་ཞིབ་དཔྱོད་མ་ལག་རིམ་བཞིན་བཙུགས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཕན་གཏུག་བཤེར་བཅའ་ཁྲིམས་ལྟ་སྐུལ་གྱི་ཐབས་ལམ་ཞིག་བཏོད་ཡོད།

ཐེངས་འདིའི་བཏོན་པའི《སྒྲིག་སྲོལ》སྤྱི་ཡོངས་ནས་ལེའུ་དང་དོན་ཚན་གྱི་རྣམ་པ་སྤྱད་དེ།“སྤྱིའི་རྩ་དོན། དབྱེ་སྲོལ། ཟུར་བཀོད་རྩ་དོན”བཅས་ལེའུ་གསུམ་དུ་དབྱེ་ནས་ཁྱོན་དོན་ཚན41ཡོད། 《སྒྲིག་སྲོལ》ནང་ལོ་གསུམ་རིང་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་འཚོལ་ཞིབ་བྱེད་པའི་ལག་ལེན་ཉམས་མྱོང་ལ་ལམ་ལུགས་སྲ་བརྟན་དུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་ཀྱི་གོ་དོན་དང་སྐོར་སྐྱོད་ཞིབ་དཔྱོད་བྱེད་པའི་གྲུབ་ཆ་དང་ཁྱབ་ཁོངས་ཁ་གསལ་བཟོས་ཏེ། གཞུང་ཕྱོགས་དང་འཕྲེད་ཕྱོགས་གཞི་གཅིག་ཅན་གྱི་གྱོད་སྒྲུབ་ལམ་སྲོལ་དང་རོགས་ལས་གཞོགས་འདེགས་འགན་འཁྲི་བཙུགས་པ་དང་། གཞི་རྩའི་ལས་ཀའི་བརྒྱུད་རིམ་ཞིབ་ཏུ་གཏོང་བ།ཁུངས་སྣེ་རྙེད་པའི་རྩིས་སྤྲོད་གོ་རིམ་དང་ཐག་གཅོད་བྱེད་སྟངས་གཅིག་གྱུར་བཅས་བྱས་པས་ལས་ཀའི་ཚད་ལྡན་རང་བཞིན་དང་། གོ་རིམ་རང་བཞིན།ཕན་འབྲས་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་སྐྱོད་ཞིབ་དཔྱོད་ཀྱི་བཅའ་ཁྲིམས་ལྟ་སྐུལ་འགན་ནུས་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་ཐུབ།

གཞན་ཡང་ཚོགས་འདུའི་ཐོག་ད་དུང་མཚོ་སྔོན་གྱི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་《གྱོད་དོན་ཐག་གཅོད་མཛུབ་ཁྲིད་》ཁྱབ་བསྒྲགས་བྱས་པ་དང་།ཞིང་ཆེན་ཡོངས་ས་གནས་ཁག་གི་ཞིབ་དཔྱོད་ལས་ཁུངས་ལ་བཅའ་ཁྲིམས་ཤེས་རྟོགས་དང་། གོ་རིམ་ཁོང་དུ་ཆུད་པ། དཔང་རྟགས་ཚད་གཞི། འགན་འཁྲི་ངོས་འཛིན་སོགས་ཀྱི་ཐད་འཕྲད་པའི་དཀའ་ངལ་ལ་དམིགས་ནས།འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་དོན་ཐག་གཅོད་ལས་དོན་ཁ་གསལ་གཅིག་གྱུར་དང་ཚད་ལྡན་དུ་བཏང་ཡོད་པས།འབྲེལ་ཡོད་གྱོད་གཞི་ཐག་གཅོད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ནུས་ལྡན་ངང་མཐོ་རུ་གཏོང་ཐུབ་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།