མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྐམས་ཤའི་རྩིབས་ཤ་རྒྱ་མ170དང་། རྒྱུས་ཤ་རྒྱ་མ100། ལུག་རྩིབས་རྒྱ་མ170བཅས་ཧྲུན་ཧྥེང་འཁྱགས་སྦྲེལ་མྱུར་སྐྱེལ་ལ་བསྐུར་རྩིས་ཡོད། ཟླ3པའི་ཟླ་མཇུག་ཏུ། མཚོ་སྔོན་ཧའེ་ཨའོ་བཟའ་ཆས་ཚད་ཡོད་ཀུང་སིའི་བྲིན་འཚོང་སྤྱི་གཉེར་བ་ཧུན་ཀྲི་རེན་ལ་ཀོང་ཏུང་དང་ཞང་ཀང་། ཨོ་མན་བཅས་མཚོ་ཁུལ་ཆེན་མོའི་ས་ཁུལ་གྱི་སྐམས་ཤ་མངག་ཉོ་བྱེད་མཁན་ཞིག་གི་ཉོ་ཐོ་འབྱོར་བྱུང་།
ཧུན་ཀྲི་རེན་ལ་མཚོན་ན། མཚོ་ཁུག་ཆེན་པོ་ས་ཁུལ་གྱི་ཉོ་ཐོ་འབྱོར་བ་ནི་ཡ་མཚན་དགོས་པའི་དོན་དག་ཅིག་མ་ཡིན། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་ཁུལ་ནས་མཚོ་ཁུག་ཆེན་པོའི་ས་ཁུལ་བར་སྤྱི་ལེ2500ལ་ཉེ་བ་ཡོད་ཅིང་། རླངས་འཁོར་བསྡད་དེ་སོང་ན་ཆུ་ཚོད26དགོས་མོད། རྟ་ཐང་གི་སྐམས་ཤ་དེ་སྔ་མོ་ཞིག་ནས་རི་ཆུ་སྟོང་ཕྲག་བརྒལ་ནས་མཚོ་ཁུག་ཆེན་པོའི་ཁྲོམ་རར་བསྐྱོད་ཡོད་ཟེར།
རང་བྱུང་གིས་གནང་བའི་ལེགས་སྐྱེས་ཏེ། རྒྱུད་བཟང་པོའི་རྟ་ཐང་གི་ནོར་ནག
ཟི་ལིང་ནས་ལམ་ལ་ཆས་ཏེ། བྱང་ཐང་ཆུ་བོ་བརྒྱུད་དེ་བྱང་ཕྱོགས་སུ་བསྐྱོད་ན། ནགས་ཚལ་དང་གངས་རི། རྩྭ་ཐང་། གཙང་བོ་བཅས་མིག་མདུན་དུ་ག་ལེར་ལྷགས་འོང་། མཐའ་མི་མངོན་པའི་ནགས་ཚལ་ནི་ཟི་ལིང་བྱང་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་ཀྱི་སྲུང་རགས་ལྟ་བུར་གྱུར་བ་དང་། ཁོར་ཡུག་མཛེས་ལ་མ་བཅོས་རང་བྱུང་དུ་གྲུབ་པའི་ཡུལ་དེར་སྐྱེ་ལྡན་ཕྱུགས་ར་ཡོད། ས་བབ་སྨི3000གི་ཡན་གྱི་རྩྭ་སར་གཟུགས་བོངས་སྟོབས་ལ་ཤ་ཤེད་ཆེ་བའི་ནོར་ནག་གིས་བག་ལྷོད་པས་རྩྭ་ཟ་ཞིང་འདུག་ལ། དེ་ནི་འཛམ་གླིང་གི་མིའི་ཐབས་ཀྱི་གསོ་སྐྱོང་བྱས་པའི་ནོར་ནག་གི་རྒྱུད་གསར་པ་ཡིན་ཏེ། འབྲོང་རྒྱུད་ནས་འཕེལ་བའི་ནོར་ནག་རེད། རྟ་ཐང་རྫོང་གི་དམིགས་བསལ་ས་ཁམས་ཁོར་ཡུག་དེ་ན་ས་མཐོའི་འཁྱགས་ས་དང་། ན་ཁུག རྩྭ་ཐང་། རྩི་ཤིང་། ན་འདམ། ནགས་ཚལ་སོགས་རྩྭ་ས་རིགས་ལྔ་གཞི་གཅིག་ཏུ་གྲུབ་ཡོད། “རྟ་ཐང་གི་ཁྱད་ཆོས་ལྡན་པའི་རང་བྱུང་ཁོར་ཡུག་གི་མཐུན་རྐྱེན་དེ་འདྲའི་འོག ཡུལ་དེའི་ནོར་ནག་གི་ཤ་ལ་ཞིང་ཆེན་ཕྱིའི་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ། ལྷག་པར་དུ་ཤར་རྒྱུད་ས་ཁུལ་གྱི་འཛད་སྤྱོད་པས་ཡི་རང་ཆེན་པོ་བྱེད་ཀྱི་ཡོད། ཅེས་རྟ་ཐང་གི་སྐམས་ཤ་གླེང་ཡོང་དུས་དྲ་ཐོག་ཏུ་སྐམས་ཤ་འཚོང་བཞིན་པའི་དྲ་སྒང་གི་སྙན་སྒྲོན་པ་སྐུ་ཞབས་སུའུ་ཡིས་དེ་ལྟར་ལབ་བྱུང་། རྟ་ཐང་གི་ནོར་ནག་ལ་འཕེལ་མང་བ་དང་། རྒྱ་ཚད་ལྕི་བ། ནད་འགོག་ལ་སོགས་དགེ་མཚན་ལྡན་པས། ཤིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་། བོད་རང་སྐྱོང་ལྗོངས། ནང་སོག་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་རྒྱལ་ཡོངས་ཀྱི་ནོར་ནག་ཐོན་ཁུལ་ཆེ་ཤོས་དག་ཏུ་སྤེལ་ཡོད། 2022ལོའི་ཟླ7པར། ཡུལ་དེའི་ནོར་ནག་གི་རྒྱུད་ཇེ་ལེགས་དང་སྤུས་ཇེ་བཟང་དུ་བཏང་སྟེ། ནོར་ནག་གསོ་སྤེལ་ལས་རིགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་སྤེལ་ལ་སྐུལ་འདེད་གཏང་ཆེད། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་རྟ་ཐང་གི་གཡག་ཁྱུའི་ཁྲོད་ནས་འབྲི་རྒྱུད་བཟང་པོ580ཉོས། ན་ནིང་གི་ཟླ8པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྲོ་ནེ་རྫོང་གིས་རྟ་ཐང་ནས་འབྲོང་ཚ་ལོ་2ཅན་ནས3ཅན་གྱི་གཡག་ནང་འདྲེན་བྱས་ནས་གྲོ་ནེ་ནོར་ནག་གི་ཐོན་ལས་འཕེལ་རྒྱས་སུ་བཏང་།
ཐོན་རྫས་མང་པོ་ཞིག་ཞིང་ཆེན་དང་ལྗོངས20ལྷག་ཏུ་འཚོང་བ།
“རྟ་ཐང་ནོར་ནག”རིམ་བཞིན་རྒྱལ་ཡོངས་ཀྱི་ཁྲོམ་ར་བསྐྱོད་དེ་རྣམ་པ་མི་འདྲ་བའི་སྒོ་ནས་འཛད་སྤྱོད་པའི་མཐོང་ལམ་དུ་མངོན། སྐམས་ཤའི་ཤ་རིལ་དང་། སྐམས་ཤའི་རྩིབས་ཤ སྐམས་ཤའི་རྐང་རུས་ལ་སོགས་པའི་ཐོན་རྫས་མང་པོ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས20ཡི་ཁྲོམ་རར་བསྐྱོད།
“ང་ཚོས་ད་ལྟ་སྐམས་ཤ་སྒྲིལ་མ་ཞིབ་འཇུག་གསར་གཏོད་བྱེད་སྒང་ན་ཡོད། དེ་དག་ཁྲུང་ཆིང་སོགས་ས་གནས་སུ་འཚོང་འཆར་ཡོད། ”ཅེས་ཟླ3ཚེས27ཉིན་ཧོན་ཀྲི་རེན་དང་ལས་གྲོགས་རྣམས་ཀྱིས་འཁོར་ཁང་དུ་བཟོ་སྣོན་ཐོག་མ་བྱས་ནས་ཐོན་རྫས་གསར་པ་བཟོ་ཐུབ་ལ་ཚོད་ལྟ་བྱེད་བཞིན་ཡོད་ཟེར།
མཚོ་སྔོན་ཧའེ་ཨོ་བཟའ་ཆས་ཚད་ཡོད་ཀུང་སི་ནི་རྟ་ཐང་རྫོང་གི་ཞོན་རེངས་ཡུལ་ཚོ་དམར་གཙང་སྡེ་བར་ཡོད་ཅིང་། ཀུང་སིའི་འགན་འཁུར་བ་ནི་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ན་གཞོན་མེ་ཚུན་མེང་རེད། ཉེ་བའི་ལོ་རིང་ལ་མཚོ་སྔོན་ཧའེ་ཨོ་བཟའ་ཆས་ཚད་ཡོད་ཀུང་སིས་ཤར་ནུབ་རྒྱུད་མཉམ་ལས་གོ་སྐབས་སུ་བཟུང་སྟེ། ནན་ཅིང་དང་ཧྲེན་ཀྲེན་སོགས་སུ་བར་བརྒྱུད་མཛོད་ཁང་དང་། ལས་སྒྲུབ་ཁང་བཙུགས་པས། ཚད་ངེས་ཅན་ནས་རྟ་ཐང་གི་སྐམས་ཤའི་སྙན་གྲགས་ཇེ་ཆེར་ཕྱིན།
མཚོ་སྔོན་ཧའེ་ཨོ་བཟའ་ཆས་ཚད་ཡོད་ཀུང་སིས་ཚད་ལྡན་ཅན་གྱི་གཤའ་བཟོ་འཁོར་ཁང་དུ་བཅད་གཏུབ། དབྱེ་འཇུག ཐུམ་རྒྱག་ལ་སོགས་པའི་གོ་རིམ་མང་པོ་བརྒྱུད། སྐམས་ཤ་སོས་པ་ཉོ་ཐོ་ལྟར་དུ་ས་གནས་སོ་སོར་བསྐུར་བ་རེད། མེ་ཚུན་མིང་གིས་འདི་སྐད། ད་ལོ་ནས་བཟུང་། ཀུང་སིས“ ཟས་ཐོ་རྣམ་པའི་འདེམ་ཉོ་དང་མངག་ཉོ་རྣམ་པའི་བསྐུར་སྐྱེལ་ཟུང་འབྲེལ”གྱི་རྣམ་པ་བརྒྱུད། ཞིང་ཆེན་ཕྱི་ནང་གི་ལས་ཁུངས་དང་སློབ་གྲྭའི་གསོལ་ཁང་སོགས་སུ་ཞིང་ཕྱུགས་ཐོན་རྫས154སྐྱེལ་གྱི་ཡོད། ད་སྔ་སྒོར་ཁྲི153གྱི་རིམ་པའི་འཚོང་འགྲིག་ནས་ཡོད།
རྟ་ཐང་རྫོང་ཞིང་ལས་ཞིང་གྲོང་ཅུས་ཀྱི་ལས་བྱེད་པས་ངོ་སྤྲོད་ལྟར་ན། ད་སྔ“རྟ་ཐང་ནོར་ནག”གིས་ཚོང་ལམ་དུ་མའི་བར་མཉམ་འབྲེལ་བྱས་ཏེ། ཀོང་ཏུང་དང་། ཅང་སུའུ། ཧི་པའེ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་དང་། རིམ་པ་མཐོ་ཤོས་ཀྱི་སྡོད་ཁུལ་གྱི་ཚོང་ཁང་། རང་འདེམ་ཚོང་ཁང་ཆེ་གྲས་བཅས་སུ་བསྐྱོད་ཡོད།
ཁེ་ལས་ཀྱིས་སྐུལ་ཁྲིད་བྱས་ཏེ། ཁྱིམ་ཚང་ཡོངས་ཀྱི་ཆ་སྙོམས་ཡོང་འབབ་སྒོར3000ནས6000འཕར།
“ང་ཚོའི་སྡེ་བའི་འདེབས་གསོ་ཁྱིམ་ཚང་གིས་མཚོ་སྔོན་ཧའེ་ཨོ་བཟའ་ཆས་ཚད་ཡོད་ཀུང་སིའི་བར་གྱི་མཉམ་ལས་གན་རྒྱ་བརྒྱུད། ལོ་རེའི་ཡོང་འབབ་ཇེ་མང་ནས་ཇེ་མང་དུ་སོང་ཡོད། ”ཅེས་དམར་གཙང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཏའེ་ཡུང་ཧྲོའུ་ཡིས་དེ་ལྟར་བཤད་བྱུང་།
“ན་ནིང་ངས་ཀུང་སི་དེ་བརྒྱུད་དེ་སྐམས10བཙོང་བ་ཡིན”ཞེས་ཟླ3ཚེས28ཉིན། ཞོན་རེངས་ཡུལ་ཚོའི་ཕག་ར་སྡེ་བའི་ཐང་ཅུན་ཅུན་གྱིས་འདི་སྐད། ངེད་ཚང་གིས་སྐམས་གསོས་ནས་ལོ་མང་འགོར་ཡོད། སྔོན་ཆད་བཤས་རར་འཚོང་བ་ཡིན། ད་ལྟ་མི་ཙུན་མིང་གི་ཀུང་སི་བརྒྱུད་ནས་ཕྱིར་འཚོང་གི་ཡོད་ཟེར།
ཀུང་སི་དེས་ཞིང་ཁྱིམ་གྱི་ཁྱད་ལྡན་འདེབས་གསོ་ལས་རིས་གོང་སྤེལ་སྐུལ་ཁྲིད་བྱས་ཏེ། མངག་ཉོའི་ལམ་ནས་ཕྱུགས་ལས་ཐོན་རྫས་སྤྱི་རྒྱ་རེར་ཁྲོམ་རའི་རིན་གོང་ལས་སྒོ2ཇེ་མཐོར་བཏང་ནས་བསྡུ་ཉོ་བྱེད་ཅིང་། དོ་དམ་གཅིག་གྱུར་དང་། ལག་རྩལ་གྱི་སློབ་སྟོན་གཅིག་གྱུར། བསྡུ་འཚོང་གཅིག་གྱུར་བྱས་ནས་ཞིང་བའི་ཆེད་ལས་མཉམ་ལས་ཁང་དང་གསོ་སྤེལ་ཁྱིམ་ཆེན་གྱི་ཧུར་བརྩོན་རང་བཞིན་ལ་སྐུལ་ཁྲིད་བྱས་ཏེ། ཞིང་ཁྱིམ་གྱི་ཡོང་འབབ་ཇེ་མང་དུ་གཏང་བཞིན་ཡོད།
“ད་སྔའི་བར་དུ། ཀུང་སི་དེས་འདེབས་གསོ་ཁྱིམ་ཚང་སྟོང་ཕྲག་ལྷག་གི་སྣེ་ཁྲིད་དེ། ཆ་སྙོམས་སུ་ཁྱིམ་ཚང་རེར་སྒོར3000ནས6000ཡི་ཡོང་འབབ་བསྐྲུན་ནས་དཔལ་འབྱོར་གྱི་ཁེ་ཕན་སྒོར་ཁྲི1800ལྷག་རག་ཐུབ་ཀྱི་ཡོད། ཅེས་མཚོ་སྔོན་ཧའེ་ཨོ་བཟའ་ཆས་ཚད་ཡོད་ཀུང་སིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཅིང་ཐིན་ལུང་གིས་སྐམས་བསྡུ་ཉོ་ལས་གཞན་སྐམས་ཤའི་ཡོང་ཁོངས་མང་ཤོས་རྟ་ཐང་གི་ནོར་ནག་ནས་བསྡུ་ཉོ་བྱས་སྐོར་བརྗོད། གསོ་སྤེལ་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པ་ལས་གཞན། ཀུང་སི་དེས་མང་ཚོགས་མི་ཉུང་བ་ཞིག་ལ་ལས་ཞུགས་ཀྱི་ལས་རྐང་མི་ཉུང་བ་ཞིག་མཁོ་འདོན་བྱས་ཡོད། “ལོ་གཅིག་གི་དུས་ཚིགས་བཞི་བོར་ལས་ཀ་ལས་རྒྱུ་ཡོད་ཅིང་། ཟླ་ཕོགས་ལོ་དྲུག་སྔོན་གྱི3500ནས་ད་ལྟའི་སྒོར་སྟོང་ལྔ་ནས་དྲུག་ལ་འཕར་ཡོད”ཅེས་ལོ50ཅན་གྱི་ལས་བཟོ་བ་ཅའོ་གོ་ཧུན་གྱིས་དེ་ལྟར་བཤད་བྱུང་། ཁོས་མུ་མཐུད་དུ་ལོ་རེའི་ཟླ6པ་ནས་བཟུང་། སྐམས་ཤ་དང་ལུག་ཤའི་འཚོང་བྲིན་རྒྱུགས་ཆེ་པའི་དུས་བཟང་གི་སྐབས་ལ། ལས་ཀ་མང་པོ་ལས་ན་ཆེས་མང་དུས་ཟླ་རེར་སྒོར6000ལྷག་གི་ཟླ་ཕོགས་ལེན་ཐུབ་ཟེར།
དམར་གཙང་སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཧི་པིན་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་སྒྲོག་འགྲེལ་བྱེད་སྐབས། ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་ཞིང་གྲོང་གི་ཁྱད་ལྡན་སྤུས་རྟགས་བཏོད་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། སྡེ་བའི་ཨུ་ལྷན་གཉིས་དང་བཅའ་སྡོད་ལས་བྱེད་པས་སྲིད་ཇུས་ཀྱི་སྐལ་བ་བཟང་བོ་འདི་དམ་འཛིན་བྱས་ཏེ། འབྱུང་འགྱུར་གྱི་ཐོན་ལས་གོང་སྤེལ་ལ་ཇུས་འགོད་ལེགས་པོ་བྱས་ནས་“རྟ་ཐང་ནོར་ནག”ལ་སོགས་པའི་ཞིང་གྲོང་གི་སྤུས་རྟགས་མིག་འཚེར་ཞིང་། ཞིང་གྲོང་གི་ཐོན་ལས་ཀྱི“ཞིང་གྲོང་”དགེ་མཚན་དེ་མངོན་གསལ་དུ་གཏང་དགོས་ཞེས་བཤད་བྱུང་།
རྒྱལ་ཡོངས་སུ་འོས་སྦྱོར་བྱས་ནས་སྐམས་ཤ་ཀོང་ཏུང་དང་། ཨོ་མན་དང་ཞང་ཀང་བཅས་མཚོ་ཁུགས་ས་ཁུལ་དུ་བསྐྱོད།
རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་འཛད་སྤྱོད་པས“རྟ་ཐང་ནོར་ནག”ཤེས་རྟོགས་དང་། དྲོ་བ་དངོས་སུ་མྱོང་ཐུབ་ཆེད། རྟ་ཐང་རྫོང་གི་ཁེ་ལས་འཐུས་མི་དང་སྲིད་གཞུང་གི་ལས་བྱེད་པ་སོ་སོ་ཞིང་ཆེན་དང་གྲོང་ཁྱེར་ཁག་དུ་བསྐྱོད་དེ། རྒྱལ་ཡོངས་ཀྱི་མི་དམངས་ལ་རྟ་ཐང་གི་སྐམས་ཤ་འོས་སྦྱོར་བྱས།
ན་ནིང་གི་ཟླ9ཚེས9ཉིན། མཚོ་སྔོན་གྲངས་ཀའི་ཞིང་གྲོང་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སི་དང་། ཐིན་ཞུན། མཚོ་སྔོན་ཧའེ་ཨོ་བཟའ་ཆས་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་2023ལོའི་རྟ་ཐང་ནོར་ནག་གི་སྤུས་རྟགས་ཁྱབ་སྒྲོག་ཚོགས་འདུ་དང་། ཀོང་ཏུང་དང་ཞང་ཀང་། ཨོ་མན་བཅས་མཚོ་ཁུགས་ས་ཁུལ་གྱི་འཚོང་ལམ་མཉམ་ལས་ཚོགས་ཆེན་དེ་ཧྲེན་ཀྲིན་གྲོང་ཁྱེར་དུ་བསྡུས། བྱེད་སྒོས་ཀོང་ཏུང་དང་། ཞང་ཀང་། ཨོ་མན་བཅས་མཚོ་ཁུགས་ས་ཁུལ་གྱི་ཚོང་ལམ་མཉམ་ལས་ཀྱི་ཚོང་གྲོགས40བཀུག་པ་དང་། ཚོགས་རར་མི་ཚུན་མིང་གིས་རྟ་ཐང་ནོར་ནག་གི་སྐྱེས་འཚར་དང་། ཤ་སྤུས། འཚོ་བཅུད་རིན་ཐང་སོགས་ཕྱོགས་ཡོངས་ནས་འོས་སྦྱོར་བྱས། ད་ལོའི་ཟླ3ཚེས6ཉིན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། རྟ་ཐང་རྫོང་ཨུའི་ཧྲུའུ་ཅི་ལི་པའོ་ལྷན་རྒྱས་ཐིན་ཞུན་སྡེ་ཤོག་སྤྱི་ཁྱབ་པུའུ་རུ་“ཐོན་ལས་དྲ་སྦྲེལ་དང་གྲངས་ཀའི་དཔལ་འབྱོར་གོང་སྤེལ”ཕྱོགས་ནས་བཞུགས་མོལ་བརྗེ་རེས་གནང་བ་མ་ཟད། རྟ་ཐང་ནོར་ནག་ཀོང་ཏུང་དང་། ཞང་ཀང་། ཨོ་མན་བཅས་མཚོ་ཁུགས་ས་ཁུལ་གྱི་ཟོག་འདྲེན་ནམ་མཛོད་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
ད་སྔའི་བར་དུ། རྟ་ཐང་རྫོང་དུ“རྟ་ཐང་སྐམས་ཤ”རིགས་ཀྱི་བཟའ་ཆས22ལ་དཔང་བདེན་ར་སྤྲོད་ཐོབ་ཡོད། ད་ལྟ“རྟ་ཐང་ནོར་ནག”གི་ས་གཤིས་དཔང་ཡིག་གི་ཚོང་རྟགས་སྤུས་རྟགས་ལ་སྙན་ཞུ་རྒྱག་སྒང་ཡིན། དེང་གི་དུས་འདིར་རྟ་ཐང་རྫོང་གིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དམིགས་སུ་བཟུང་སྟེ། ཟི་ལིང་གྲོང་ཁྱེར་གྱི“གསར་གཏོད་རྟེན་གཞི་གཅིག་དང་། ལྟེ་བའི་གྲོང་ཁྱེར་གསུམ”འཛུགས་སྐྲུན་གྱི་ལས་སུ་ཞུགས་ཤིང་། ནུས་ཤུགས་གཅིག་བསྡུས་ཀྱིས་གྲངས་ཀའི་ནུས་པ་འདོན་པའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་བཏོད་པ་དང་། ཐིན་ཞུན་གྲངས་ཀའི་ཐོན་ལས་ཀྱི་དགེ་མཚན་ལ་བརྟེན་ནས་རྟ་ཐང་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིའི་ཁྲོམ་རར་འགྲེམ་བའི་ཚོང་ལམ་མུ་མཐུད་རྒྱ་བསྐྱེད་བཞིན་ཡོད།
རྟ་ཐང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་ལས་བྱེད་པས་ངོ་སྤྲོད་ལྟར་ན། རྟ་ཐང་རྫོང་གིས་རྒྱལ་ཡོངས་སུ་ཁྱད་ཆས་གཅིག་གྱུར་ཐོག“རྟ་ཐང་ནོར་ནག”གི་སྤུས་རྟགས་ཅན་གྱི་ཚོང་ཁང་དཔེ་མཚོན་ཚོང་ཁང5བསྐྲུན་ཡོད་དེ། དེ་དག་ནི་མཚོ་སྔོན་གྱི་དཔེ་མཚོན་ཚོང་ཁང(ཟི་ལིང་)དང་། ཀོང་ཏུང་དང་ཞང་ཀང་། ཨོ་མན་མཚོ་ཁུགས་ས་ཁུལ་གྱི་དཔེ་མཚོན་ཚོང་ཁང(ཀོང་ཀྲོའུ) ། ཁྲུན་ཡུས་དཔེ་མཚོན་ཚོང་ཁང(ཁྲུང་ཆིང་། ) པེ་ཅིན་དང་ཐིན་ཅིན། ཧི་པེ་གསུམ་གྱི་དཔེ་མཚོན་ཚོང་ཁང(ཐང་ཧྲན་རི་བོ) ། ཅང་སུའུ་དཔེ་མཚོན་ཚོང་ཁང(སུའུ་ཀྲོའུ)བཅས་བསྐྲུན་འཆར་ཡོད། གཞན་ད་དུང་ནན་ཅིང་དུ“རྟ་ཐང་ནོར་ནག”མྱོང་རོལ་ཚོང་ཁང་གཉིས་དང་། ཅང་སུའུ་ཞིང་ཆེན་དུ“རྟ་ཐང་ནོར་ནག”གི་ཐོན་རྫས་རྐྱང་བ་འཚོང་སའི་ཚོང་ཁང6བཅས་བསྐྲུན་འཆར་ཡོད་པ་དང་ཆབས་ཅིག་ཏུ་གོང་གསལ་གྱི་ས་ཁོངས་དེའི་ཁྲོམ་ར་རྒྱ་བསྐྱེད་ཐད་ནས་མཉམ་ལས་ཚོང་ལམ་བཏོད་འཆར་ཡོད་དོ། །