མཚོ་བྱང་ཁུལ་གྱིས་ལོ་སྟོད་དུ་རིམ་རྩིས་བྱས་ན་དཀའ་ཁག་ཡོད་པའི་བྱིས་པ255ལ་གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་བྱིན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ“བྱིས་པའི་ཁེ་ཕན་ཆེས་ཆེར་གཏོང་བའི”རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་།    དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། གཅེས་སྐྱོང་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ།    དམངས་འཚོའི་འགན་སྲུང་གི་ཚད་མཐའ་བརྟན་སྲུང་བྱས་པས་བྱིས་པའི་ཕན་བདེའི་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད།     ལོ་སྟོད་དུ། མཚོ་བྱང་ཁུལ་གྱིས་རིམ་རྩིས་བྱས་ན་གཞི་རྩའི་འཚོ་བའི་འགན་སྲུང་གི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་སྟོང་དྲུག་ལྷག་བྱིན་ནས། དཀའ་ངལ་ཡོད་པའི་བྱིས་པ255ལ་ཕན་པ་ཐོབ།

མཚོ་བྱང་ཁུལ་གྱིས་དུས་ཐོག་ཏུ་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་དྭ་ཕྲུག་དང་གསོ་མཁན་མེད་པའི་འགན་སྲུང་གི་ཁྱབ་ཁོངས་ནང་བཅུག་ནས། གཞི་རྩའི་འཚོ་བའི་འགན་སྲུང་དངུལ་དུས་ཐོག་ཏུ་འདང་ངེས་བྱིན་པ་དང་།   “འགན་སྲུང་བྱེད་དགོས་པ་ཚང་མ་འགན་སྲུང་བྱེད་པའི”བྱ་བའི་དམིགས་འབེན་མངོན་འགྱུར་བྱུང་། རྫོང་སོ་སོས་ཡུལ་ཚོའི་བྱིས་པའི་ལྟ་སྐུལ་འགོ་ཁྲིད་མི་སྣ་དང་། སྡེ་བ་དང་སྡེ་ཁུལ་གྱི་བྱིས་པའི་ཀྲུའུ་རིན་སོགས་རྩ་འཛུགས་ཧུར་ཐག་བྱས་ནས་དྭ་ཕྲུག་དང་། གསོ་མཁན་མེད་པའི་བྱིས་པ། གཞིས་ལུས་བྱིས་པ། སྐོར་སྐྱོད་བྱིས་པའི་ཁྱིམ་ཚང་བཅས་ལ་ཡང་བསྐྱར་ཞིབ་བཤེར་བྱས་ཏེ། དཀའ་ཁག་ཡོད་པའི་བྱིས་པ་རིགས10ཡི་གྲངས་ཀ་གསལ་བོ་དང་གནས་ཚུལ་གསལ་པོ་ཡོང་བར་ཁག་ཐེག་བྱས། ཟླ6པའི་ཟླ་མཇུག་བར། ཁུལ་ཡོངས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པའི་བྱིས་པ་ཁྲི་གཅིག་དང་སྟོང་ལྔ་བཞི་བརྒྱ་དོན་དགུ་ཡོད་ལ། དཀའ་ཁག་ཡོད་པའི་བྱིས་པ4739ལ་ཞིབ་བཤེར་བྱས།

མཚོ་བྱང་ཁུལ་དམངས་སྲིད་ཁོངས་གཏོགས་ཀྱིས་རོང་འབྲོག་ཁུལ་གྱི་དཀའ་ཁག་ཡོད་པའི་བྱིས་པ་སྣ་ཚོགས་ལ་དམིགས་ནས། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་འཚམས་འདྲི་དང་གཅེས་སྐྱོང་བྱེད་སྒོ་སྤེལ་ཏེ། དཀའ་ཁག་ཡོད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་དང་།    སློབ་གསོ། བདེ་ཐང་སོགས་ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་དང་། གཅེས་སྐྱོང་དངོས་གནས་དོན་ཐོག་ཏུ་འཁྱོལ་བར་བྱས། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་སློབ་གསོའི་རོགས་དངུལ་བྱིན་ནས་ཁོ་ཚོའི་སློབ་སྦྱོང་བདེ་བླག་ཡོང་བར་འགན་སྲུང་བྱས། བདེ་འཇགས་ཀྱི་སློབ་གསོ་སྤེལ་བ་དང་། གློག་དང་སོལ་རླངས། ཆུ་སོགས་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་དུ་བཏང་སྟེ། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སོགས་ཀྱི་གོ་སྐབས་ལ་བརྟེན་ནས་ཁྲིམས་སྐྱོང་སློབ་གྲྭར་བསྐྱོད་པའི་བྱེད་སྒོ་སྤེལ་བ་དང་།    ཁྲིམས་ལུགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། དཀའ་ཁག་ཡོད་པའི་བྱིས་པའི་རང་ཉིད་སྲུང་སྐྱོབ་ཀྱི་འདུ་ཤེས་དང་བདེ་འཇགས་འགོག་སྲུང་ནུས་པ་ཆེ་རུ་གཏོང་བ།    ཁྲིམས་ལྟར་བྱིས་པའི་ཁེ་དབང་འགན་སྲུང་བྱེད་པའི་རྣམ་པ་ཟབ་མོ་ཧུར་ཐག་གིས་བསྐྲུན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།