ཏང་དང་སྲིད་གཞུང་གིས་ང་ལ་རོགས་སྐྱོར་བྱས་ནས་བདེ་ཐང་གི་དོན་དག་ཐག་གཅོད་བྱས། ཟླ7པའི་ཚེས5ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་གྱི་སྡེ་མི་ཀྲང་ཧུང་ཚེ་ཡིས་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣར་ཡང་ཡང་བཀའ་དྲིན་ཞུས།
ད་ལོ་ནས་བཟུང་། ཁྲི་ཀ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གྱིས་དབང་བོ་སྐྱོན་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་རྐང་བཙུགས་ནས། རྒྱུན་མཐུད་ངང་བྱ་བའི་སྤྱོད་ཚུལ་བཅོས་བསྒྱུར་བྱེད་པ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ནས་ཞབས་འདེགས་ཞུ་བ་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་གི་ཞབས་ཞུའི་སྤུས་ཚད་གྱི་བཅད་སྒོ་བྱས་ནས། སྤྱོད་ཚུལ་བསྒྱུར་རྒྱུ་དང་། ཕན་ནུས་མཐོར་འདེགས་གཏོང་རྒྱུ། དོན་དག་དངོས་བསྒྲུབ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་ཐང་སླར་གསོའི་ཐོན་ཁུངས་ཀྱིས་དབང་པོ་སྐྱོན་ཅན་གྱི་བྱིས་པའི་ཁྱིམ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ཕན་པ་ཐོབ་ཏུ་འཇུག་དགོས། བདེ་ཐང་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོ་ལེགས་སུ་གཏོང་བ་དང་། དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་ཞིབ་བཤེར་ཆོག་མཆན་འགོད་པ་དང་། བརྒྱུད་སྤྲོད་བྱེད་པ། རྣམ་གྲངས་རེ་ཞུ་བྱེད་པ། ཞབས་ཞུ་ལག་བསྟར་བྱེད་པ་སོགས་ཀྱི་ལས་རིམ་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ།དགོས་ངེས་མིན་པའི་རྒྱུ་ཆ་འབུལ་སྤྲོད་དང་ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ། སྒེའུ་ཁུང་གཅིག་གིས་བདག་སྤྲོད་བྱེད་པའི་རྣམ་པ་ཁྱབ་སྤེལ་བཏང་ནས། བདེ་ཐང་ཞབས་ཞུའི་རེ་ཞུ་བྱེད་པའི་ཆེས་མང་ན་ཐེངས་གཅིག་མངོན་འགྱུར་བྱེད་དགོས། བདེ་ཐང་སླར་གསོའི་ཞབས་ཞུའི་རེ་ཞུ་བྱེད་མཁན་དབང་པོ་སྐྱོན་ཅན་བྱིས་པ་ཚང་མར་ཆེད་མངགས་ཡིག་ཚགས་བཟོས་ནས་བདེ་ཐང་སླར་གསོའི་མྱུར་ཚད་དང་། ཞབས་ཞུའི་ཕྱིར་སྐྱེལ་དགོས་མཁོའི་འགྱུར་ལྡོག་བཅས་དུས་ཐོག་ཏུ་རྗེས་འདེད་བྱས་ཏེ་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོ་རྗེས་འདེད་ཐུབ་པ་དང་ཇེ་ལེགས་སུ་གཏོང་ཐུབ་པར་འགན་ལེན་བྱེད་དགོས།
ཁྲི་ཀ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ལ་དམིགས་ནས། དམངས་འཚོའི་ཞབས་ཞུ་ལ་ཕན་འབྲས་ཐོན་པར་བྱས། ཁུལ་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོ་ལྟེ་གནས་དང་རང་འགུལ་ངང་འབྲེལ་མཐུད་དང་མཐུན་སྦྱོར་བྱས་ཏེ་འཕྲང་དམར་གྲོང་རྡལ་དུ་ཟབ་ཞུགས་བྱས་ནས་རམ་འདེགས་ཡོ་བྱད་གནད་ལ་འཁེལ་བའི་ཞབས་ཞུ་སྤེལ་བ་དང་། དབང་པོ་སྐྱོན་ཅན་ལ་རྐུབ་སྟེགས་དང་ལག་རྟེན་སོགས་རམ་འདེགས་ཡོ་བྱད52རིན་མི་དགོས་པར་བྱིན་པར་མ་ཟད། རྫོང་ཡོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་དགོས་མཁོ་དངོས་ལ་དམིགས་ནས་བྱིས་པར་རྐུབ་སྟེགས10བགོས་ཡོད། དེ་དང་ཆབས་ཅིག་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་གཅིག་གཏད་གཅིག་གི་སློབ་ཁྲིད་སྤེལ་བ་དང་།དངོས་སྦྱོང་གསལ་སྟོན་དང་དོགས་འདྲི་ལན་འདེབས་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད་གཞོགས་འདེགས་ཡོ་བྱད་བེད་སྤྱོད་བྱ་ཐབས་དང་བདེ་འཇགས་ཐད་དོ་སྣང་བྱེད་དགོས་པའི་དོན་ཚན་གསལ་བཤད་ཞིབ་ཕྲ་བྱས་ཏེ། ཡོ་བྱད་བེད་སྤྱོད་ཡག་པོ་ཡོང་བར་འགན་ལེན་བྱས་ནས། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་དངོས་སུ་བསྒྱུར་དགོས།