གཙང་གསུམ་མགོ་ཁུངས་ཀྱི་དཔེ་ཀློག་གསལ། སེ་འབྲུའི་རྡོག་པོ་ལས་མཐུན་སྒྲིལ་གླེང་།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གཙོ་སྐུད་དུ་བྱས་ཏེ། སློབ་མ་ཚོས་བར་ཐག་ཉེ་བའི་སྒོ་ནས་ཡིག་གཟུགས་གསར་རྩོམ་ལ་བལྟས།

ཟླ6པའི་ཚེས19ཉིན། མཚོ་སྔོན་ལུགས་བཟོ་སློབ་གླིང་གི་སར་ཐུག་སྒེའུ་ཁུང་ལས་མཐོ་སྒང་གི་ཉི་འོད་འཕྲོས་ཏེ། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་བཤད》སློབ་ཁྲིད་ཀྱི་སྒོ་སམ་ཐོག་གྲིབ་གཟུགས་ཁྲ་སེང་ངེར་ཤར་འདུག བོད་རིགས་སློབ་མ་ཉི་མ་ཚེ་རིང་གིས་སྐུལ་འོད་སྙུག་གུསPPTཐོག་གི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔེ་རིས་ལ་བཙུགས་པ་དང་། རྒྱ་རིགས་སློབ་གྲོགས་ཀྲོའུ་སྨི་ཡིས་གློག་ཀླད་ཅིག་ལག་ཏུ་བཟུང་ནས་ཁྲིད་སྟེགས་སུ་སྐྱོད་པ། ཁྲིད་སྟེགས་འོག་གི་སློབ་མ་ཚོས་ཟིན་བྲིས་ཤོག་ལྷེའི་སྒྲ་གྲགས་འོངས།

ཉི་མ་ཚེ་རིང་གིས“ན་ནིང་དབྱར་གནང་སྐབས་སུ་ང་རང་ཡུས་ཧྲུའུ་རྩྭ་ཐང་དུ་ཡོད། སྐྱེ་ཁམས་བདག་སྐྱོང་པར་འཕྲད་སྐབས། མོས་རིག་ནུས་ཁ་པར་སྤྱད་ནས་རྩྭ་རར་བརྟག་འཇལ་བྱེད་བཞིན་ཡོད་དེ། ‘གཙང་གསུམ་འབྱུང་ཡུལ་བདག་སྐྱོང་སྐོར་ཞིབApp’ཁ་འབྱེད་བཞིན་འདུག མཛུབ་མོ་འགུལ་བ་ཙམ་གྱིས་ཁོ་ཚོའི་བདག་སྐྱོང་སྐོར་ཞིབ་ཀྱི་གནས་དང་དུས་ཡུན། བར་ཐག་བཅས་ཟིན་ཐོར་འགོད་ཐུབ་པ་དང་། དེ་མིན་བདག་སྐྱོང་སྐོར་ཞིབ་ཁྲོད་མཐོང་བའི་སྲོག་ཆགས་དང་སྐྱེ་དངོས་དུས་ལྟར་པར་ལེན་ཡར་བསྐུར་བྱས་ཏེ། བདག་སྐྱོང་སྐོར་ཞིབ་ཀྱི་ཟིན་ཐོ་འབྲི་བ་ལས་ཧ་ཅང་སྟབས་བདེར་གྱུར་འདུག”ཅེས་བཤད།

ཀྲོའུ་སྨི་ཡིས་ཙིག་རྟགས་སྒུལ་བཞིན། སྐྱེ་ཁམས་རིས་ཚོགས་གཙང་གསུམ་འབྱུང་ཡུལ་གྱི་རླན་ས་ནས་འོད་ནུས་བྱེ་བཅོས་རྟེན་གཞིར་བརྗེས་ནས། “ཚང་མས་ལྟོས། འབྲོག་པས‘གཙང་གསུམ་འབྱུང་ཡུལ་བདག་སྐྱོང་སྐོར་ཞིབApp’བརྒྱུད་ནས་གསའ་ལ་བདག་སྐྱོང་བྱེད་སྐབས། འོད་ནུས་པང་གིས་མྱ་ངན་ཐང་དུ‘རྒྱ་མཚོ་སྔོན་པོ’ཞིག་བཟོས། འདི་ནི‘མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན’ཡིན་ལ། ཀྲུང་གོའི་དེང་རབས་ཅན་གྱི་སྐྱེ་ཁམས་རྒྱུགས་ལན་ཡང་ཡིན།” གཅིག་མཐུན་ཚོགས་པའི་འདུ་ཤེས་བཤད་སྐབས། མོས་གློ་བུར་དུ་གྲལ་ཤུར་རྗེས་མ་བསྟན།

སློབ་མ་མཱ་མིང་ཆི་མྱུར་ཏུ་ཡར་ལངས་ནས། “སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་འཛུགས་སྐྲུན་གང་ཡིན་ཡང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ཁྱབ་ཡོད། ང་ལ་བག་ཆགས་ཟབ་ཤོས་ནི་སློབ་གྲྭས་རྩ་འཛུགས་བྱས་ཏེ‘མདེལ་གཉིས་སྐར་གཅིག’རྟེན་གཞིར་ལྟ་སྐོར་དུ་བསྐྱོད་པ་དེ་ཡིན། རྡུལ་ཕྲན་མཁར་འགྲེམ་སྟོན་ཁང་དུ། ངས་བྱ་སྤྱོད་ཕྲ་མོ་ཞིག་ལ་དོ་སྣང་བྱུང་བ་ནི། མི་རིགས་སོ་སོའི་ཚན་ཞིབ་མི་སྣས་ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱའི་མགོ་བོ་དགྱེ་ཕྱིར། རྔུལ་ཆུ་དང་ཁྲག་དྲོན། ཚེ་སྲོག་བཅས་ཀྱིས་ཉིང་རྡུལ་གྱི‘བླ་སྲོག’བཞུ་སྦྱངས་བྱས། ཁོ་ཚོས་རུས་མིང་གསང་སྐབས། སེམས་ཁོང་དུ་ཉར་བ་ནི་མི་སྒེར་གྱི་ཐོབ་ཤོར་མ་ཡིན་པར། མི་རིགས56གི་ཐུན་མོང་གི་རྒྱལ་ཁབ་སྟོབས་ལྡན་གྱི་ཕུགས་འདུན་ཡིན། འདི་ནི་མདོ་དབུས་མཐོ་སྒང་དུ་ལུགས་བཟོའི་རིགས་ཀྱི་སློབ་ཆེན་བཙུགས་པ་དང་འདྲ་བར། མི་རིགས་སོ་སོའི་སློབ་གྲོགས་རྣམས་མཉམ་དུ་འཚོ་བ་རོལ་བ་དང་སློབ་སྦྱོང་ལ་འབད་དེ། མི་རིགས་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་མངོན་དུ་འགྱུར་བར་ཧུར་ཐག་འབད་ཐག་བྱས།”

2024ལོའི་ཟླ6པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཁྲིད་ཀྱི་གཙོ་གནད་ཅིག་ཏུ་བརྩི་བ་དང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ལེགས་པར་འཆད་པ། དུས་རབས་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་བཞག་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཏམ་རྒྱུད་ལེགས་པར་འཆད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ལེགས་པར་བཤད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆུང་དུས་ནས་བྱིས་པ་ཚོའི་སེམས་པའི་གཏིང་ལ་འཇོག་དགོས་པའི་དགོངས་ཚུལ་བཏོན།

བཀའ་མངགས་ཡིད་ལ་དམ་པོར་འཛིན། བཀའ་དྲིན་དྲན་བཞིན་མདུན་དུ་སྐྱོད། ལོ་གཅིག་གི་རིང་ལ། མཚོ་སྔོན་ལུགས་བཟོ་སློབ་གླིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་དེ་འགུལ་སྐྱོད་རབ་དང་རིམ་པར་བསྒྱུར་པ་དང་། གཞུང་ལུགས་བཙན་རྫོང་སྲ་བརྟན་དུ་གཏོང་བ་ནས་སློབ་ཁྲིད་ལག་ལེན་གསར་གཏོད་བར། གོ་རིམ་རེ་རེ་ནན་ཏན་སྟོབས་དང་ལྡན་པ་བྱས་ཡོད། མར་ཁེ་སི་རིང་ལུགས་སློབ་གླིང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་སློབ་ཞིབ་ཁང་སྒོ་བྱང་བཀེལ་ནས་བཙུགས་ཏེ། གཞུང་ལུགས་ཞིབ་འཇུག་ལ་དངོས་གཟུགས་ཀྱི་རྟེན་ས་ཡོད་པར་བྱས། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་བཤད》སློབ་ཚན་དངོས་གཞི་སློབ་མ་སྤྱི་ལ་ཁེབས་པ་མངོན་འགྱུར་བྱས་ཤིང་། བསམ་བློ་སློབ་གསོའི་རྟེན་གཞི་སྲ་ཞིང་བརྟན་པ་ཁག་ཐེག་བྱས།

ཆེད་ལས་སློབ་ཚན་གྱི་ཁྱབ་ཁོངས་སུ་ཡང་། དེ་བཞིན་དུ་མི་གསོ་གསར་སྒྱུར་གྱི་རླབས་རྒྱུན་འཕྱུར་བཞིན་འདུག་སྟེ། ཚོང་ལས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་སུང་ཆི་ཧུན་གྱིས་སློབ་ཁྲིད་གྲ་སྒྲིག་འབྲི་དེབ་ཐོག་རང་ཉིད་ཀྱི་བསམ་གཞིག་བྲིས་པ་ནི། ཐེངས་འདིའི་གསར་སྒྱུར་གྱི་གསོན་ཉམས་ལྡན་པའི་ཞབས་མཆན་ཡིན་ཏེ། “བསམ་བློ་ཆབ་སྲིད་ཀྱི་ནང་དོན《དོ་དམ་རིག་པའི》སློབ་ཚན་སློབ་ཁྲིད་དུ་སྐྱེ་ལྡན་འདྲེས་སྦྱོར་བྱ་བ་ནི། སློབ་མའི་ཆབ་སྲིད་བྱང་ཚད་དང་ཀུན་སྤྱོད་གཤིས་རྒྱུད། ལས་རིགས་སྙིང་སྟོབས་བཅས་མཐོར་འདེགས་པར་དོན་སྙིང་གལ་ཆེན་ལྡན་པས་ན། ངས་སློབ་ཁྲིད་བཅོས་སྒྱུར་དང་ལག་ལེན་ལ་མུ་མཐུད་དུ་འཚོལ་ཞིབ་བྱས་ཤིང་། བསམ་བློ་ཆབ་སྲིད་སློབ་གསོ་དེ《དོ་དམ་རིག་པའི》སློབ་ཚན་སློབ་ཁྲིད་ཁྲོད་ཁྱབ་པར་བྱས་ཏེ། ཤེས་བྱ་བརྒྱུད་སྤེལ་དང་རིན་ཐང་སྣེ་ཁྲིད་སྐྱེ་ལྡན་གཅིག་གྱུར་མངོན་འགྱུར་བྱ་རྒྱུ་ཡིན”ཞེས་པ་དེ་རེད།  

གལ་ཏེ་སློབ་གྲྭའི་ནང་གི་སློབ་ཁྲིད་གསར་གཏོད་ནི་གཤིན་ས་ལེགས་པོ་དེ་ཡིན་ན། སློབ་གྲྭ་བརྒལ་པའི་མཉམ་འགུལ་ནི་བསམ་བློ་འདྲེས་སྦྱོར་གྱི་མཐོང་ལམ་གསར་པའི་སྒོ་ཕྱེ་བ་ཡིན། མཚོ་སྔོན་ལུགས་བཟོ་སློབ་གླིང་ལ་སྔར་ལས་ཐོད་བརྒལ་རང་བཞིན་ཞིག་ཡོད་པ་ནི་སློབ་གྲྭ་བརྒལ་བའི་མཉམ་འགུལ་ཡིན་ཏེ། ནན་ཅིན་སློབ་ཆེན་གྱི“སེ་འབྲུའི་རྡོག་པོ་འབད་འཐབ་མདུན་སྐྱོད”ཚོགས་ཁག་མཚོ་སྔོན་དུ་ཞིབ་འཇུག་སློབ་སྦྱོང་ལ་ཡོང་བ་དང་། མཚོ་སྔོན་ལུགས་བཟོ་དགེ་རྒན་ནན་ཅིན་ལ་དཔྱད་སྦྱོང་དུ་སྐྱོད་པ། ཤར་ནུབ་རྒྱུད་མཐོ་སློབ་ཀྱིས“སྤྲིན་ཐོག་བསམ་བློ་ཆབ་སྲིད་སློབ་ཁྲིད”ལ་མཉམ་དུ་ཉན་པའི་རྣམ་པ་སྤྱད་དེ། འབྲི་ཆུ་མགོ་རྔའི་ན་གཞོན་རྣམས་མཉམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་སློབ་ཁྲིད་ལ་ཞུགས། ལེ་བར་སྟོང་གིས་ཆོད་པའི་བསམ་གཞིག་རིགས་ལམ་གྱི་གདོང་ཐུག་ལས། བསམ་བློ་ཆབ་སྲིད་སློབ་གསོའི་མཐའ་མཚམས་རྒྱ་སྐྱེད་པར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ས་བོན་དེ་སྔར་ལས་རྒྱ་ཆེ་བའི་གནམ་སའི་བར་སྟོང་དུ་རྩ་བ་ཚུགས་ཤིང་རྩེ་མོ་འབུས།

“མདེལ་གཉིས་སྐར་གཅིག”རྟེན་གཞིར་ལྟ་སྐོར་བྱས་པ་དེས། མཱ་མིང་ཆི་ཞག་གང་པོར་གཉིད་མ་ཁུག “ཆ་སྒམ་དུ་བཤམས་པའི་ལག་སྒུལ་རྩིས་འཁོར་དེའི་སོ་འཁོར་ཐོག་ཏུ་ཚན་ཞིབ་པའི་རྔུལ་ཆུ་དང་བྱས་རྗེས་ད་དུང་ལུས་ཡོད་དེ། ཁོང་ཚོས་རུས་མིང་གསང་སྐབས། སེམས་ལ་དྲན་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་པ་ཡིན།” འདི་ལྟ་བུའི་སེམས་ཀྱི་ཚོར་བ་དེ་སློབ་རའི“ལོ་རྒྱུས་ཡིད་ལ་འཛིན། རྒྱས་གཅེས་མདུན་སྐྱོད་བྱེད”སོགས་ཀྱི་བརྗོད་དོན་སྒྲོག་འགྲེལ་མང་པོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་སློབ་གསོ་སྒྲོག་འགྲེལ། “གསར་འགོད་པ་བཟང་པོས་གཏམ་རྒྱུད་ལེགས་པོ་འཆད”ཅེས་པའི་སློབ་རར་སྐྱོད་པའི་སྐོར་ཞིབ་གཏམ་བཤད། ཚན་རིག་པའི་སྙིང་སྟོབས་སློབ་རར་སྐྱོད་པའི་སྐོར་ཞིབ་འགྲེམ་སྟོན་སོགས་ཀྱི་བྱེད་སྒོར་བསྒྱུར་པ་དང་། མི་རིགས་མི་འདྲ་བའི་ན་གཞོན་སློབ་མ་ལོ་རྒྱུས་དང་དངོས་ཡོད་ཟུང་དུ་སྦྲེལ་བའི་ཁྲོད། མི་སྒེར་གྱི་འབད་འཐབ་དང་རྒྱལ་ཁབ་ཀྱི་ལས་དབང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཟུངས་ཁྲག་འབྲེལ་བར་གོ་བ་ཟབ་མོ་བླངས་ཏེ། ཀྲུང་གོའི་ཕུགས་འདུན་ལག་གདང་སྦྲེལ་ནས་མཉམ་དུ་སྐྲུན་པའི་སྟོབས་ཆེ་བའི་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྡུས།

སློབ་རར་སྐྱོད་སྐབས། ག་ས་གང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཁའ་དབུགས་མཐུག་པོ་ཚོར་ཐུབ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ། ནུབ་རྒྱུད་ཀྱི་རྣམ་པ་གསར་པའི་ཞིབ་འཇུག་རང་བཞིན་གྱི་ལུགས་བཟོ་སློབ་ཆེན་འཛུགས་སྐྲུན་བྱེད”ཅེས་པའི་སྦྱར་ཚིག་སློབ་རའི་དཀྱིལ་དུ་བསླངས་ཡོད་པ་དང་། དྲིལ་སྒྲོག་པང་བྱང་དུ“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྗོད་དོན་ཁྱབ་བརྡ་སྦྱར་ཡོད་ལ། སློབ་ཁང་དུ་མི་རིགས་སོ་སོའི་སློབ་མས་མཉམ་དུ་སློབ་སྦྱོང་བྱེད་པའི་དཔེ་ཀློག་གི་སྒྲ་གྲག་འོང་ཞིང་། རྩལ་སྦྱོང་ར་བ་ན་མི་རིགས་མི་འདྲ་བའི་སློབ་མ་རྣམས་མཉམ་དུ་རྩལ་སྦྱོང་ལ་རོལ་བ་སོགས་གསོན་ཉམས་ལྡན་པའི་རྣམ་པ་འདི་དག་ལས། མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུད་ཁོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་སློབ་གསོ་ལ་སྐུལ་འདེད་བཏང་བའི་ཕན་འབྲས་གསལ་པོར་མཚོན་ཡོད།

དགེ་རྒན་སུང་ཆི་ཧུན་གྱིས་བཤད་པ་ལྟར་ཏེ། “ང་ཚོས་སློབ་ཁྲིད་བཅོས་སྒྱུར་དང་གསར་གཏོད་ལ་མུ་མཐུད་དུ་ཤུགས་སྣོན་དགོས་པ་དང་། ཆེད་ལས་སློབ་ཁྲིད་ཁྲོད་བསམ་བློ་ཆབ་སྲིད་ཀྱི་ནང་དོན་འདྲེས་པར་བྱེད་པ། དཔྱིད་རླུང་ཆར་ཆུར་སྒྱུར་བ་དང་ཤེས་མེད་ཚོར་མེད་ཀྱིས་སྐྱེ་དངོས་ལ་རླན་གྱིས་སིམ་པ་ལྟར་བྱེད་དགོས། ཆེད་ལས་སློབ་ཚན་ཁྲིད་པ་དང་མཉམ་དུ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཏམ་རྒྱུད་ལེགས་པར་འཆད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་བྱ་བཞག་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གཏམ་རྒྱུད་ལེགས་པར་འཆད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ལེགས་པར་འཆད་དགོས”ཞེས་བཤད།

མཚོ་སྔོན་ལུགས་བཟོ་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་དབྱིན་གྱིས་བསྟན་དོན། མཐོ་སློབ་ཀྱིས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ་དང་། ཕུགས་འདུན་རྒྱུན་འཛིན་དར་སྤེལ་བྱས་ཏེ། སྤུས་ཀ་ལེགས་པའི་སློབ་རའི་རིག་གནས་སྐྲུན་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་རང་རྟོགས་ཀྱིས་སློབ་སྦྱོང་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་རིག་གནས་དང་དམར་པོ་རིག་གནས། ལོ་རྒྱུས་རིག་གནས། མི་རིགས་རིག་གནས། མཐོ་སྒང་གི་རིག་གནས་གཤིན་ས་བཅས་ལེགས་པར་སྦྱངས་ཏེ། རིག་གནས་རང་རྟོན་བརྟན་པའི་གདོང་མཆོང་མིག་དཔེ་བརྩོན་ལེན་བྱེད་དགོས།

གཙང་གསུམ་འབྱུང་ཡུལ་གྱི་གངས་ཆུས་སློབ་ཁང་རླན་བཤེར་ལྡན་པར་བྱས་པ་དང་། རྡུལ་ཕྲན་མཁར་གྱི་སྙིང་སྟོབས་ཀྱི་འོད་མདངས་ཁྲིད་སྟེགས་ལ་འཕྲོས་ཏེ། མཚོ་སྔོན་ལུགས་བཟོ་སློབ་གླིང་གི་ལག་ལེན་གྱིས་ར་སྤྲོད་བྱས་པ་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་ནི། སྤྱི་མཚན་གྱི་གཞུང་ལུགས་ཤིག་གཏན་ནས་མ་ཡིན་པར། མི་རིགས་སོ་སོའི་དགེ་སློབ་ཚོ་འཛིན་གྲྭ་བསྲེས་མའི་མཉམ་སློབ་ཁྲོད་བརྡར་ནས་ཐོན་པའི་སློབ་དེབ་ཀྱི་ཟུར་མཐའ་དེ་ཡིན་ཞིང་། ཚོད་ལྟ་ཁང་དུ་མཐུན་སྦྱོར་མཉམ་ལས་ཀྱིས་གྲུབ་པའི་ཚབ་ཨང་དེ་ཡང་ཡིན་ལ། ཟ་ཁང་དུ་མཉམ་དུ་འཐུང་བའི་ཁུ་ཐང་དྲོད་མོ་དེ་ཡང་ཡིན། འདི་ལྟ་བུའི་རྣམ་པར་སིམ་པའི་སློབ་གསོ་ནི་མཐོ་སྒང་གི་སྐལ་བཟང་མེ་ཏོག་དང་འདྲ་བར། ན་གཞོན་ཚོའི་སེམས་པའི་གཤིན་སར་ཆེས་བཀྲག་མདངས་འཚེར་བའི་ཁ་དོག་ཏུ་བཞད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།