པར་རིས་འདི་ནི་བདེ་འཇགས་ཐུན་རིན་རིག་ནུས་གྲོང་ཁྱེར་གྱི་བཀོད་འདོམས་ལྟེ་གནས་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། "ཉེན་བརྡ་གཏོང་བའི་དུས་ཚོད་ནི་ཟླ6པའི་ཚེས17ཉིན་གྱི་དུས་ཚོད15དང་སྐར་མ24སྐར་ཆ45སྟེང་ཡིན་པ་དང་། ཉེན་བརྡ་གཏོང་བའི་གནས་སྟེ། མདོ་བ་གྲོང་རྡལ་སྡོང་སྔས་སྡེ་བ་གསར་པའི་ལམ་ཁ་ཡིན། ཐག་གཅོད་དུས་ཡུན་ཆུ་ཚོད2ཡིན་པ། ཟུར་མཆན་འགོད་པར་གད་སྙིགས་ཐུམ་སྒྲིལ་བྱེད་པའི་སྣང་ཚུལ་ཡོད"ཞེས་ཟླ6པའི་ཚེས17ཉིན་གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་བདེ་འཇགས་ཐུན་རིན་རིག་ནུས་གྲོང་ཁྱེར་བཀོད་འདོམས་ལྟེ་གནས་སུ་སོང་ནས། ཕྱོགས་བསྡུས་དོ་དམ་ལས་གནས་སྟེང་གི་ལས་དོན་མི་སྣ་ལི་གོ་ཧྭ་ཡིས་མ་ལག་སྟེང་དུ་དུས་རྒྱུན་གྱི་སྐོར་ཞིབ་ཁྲོད་ཀྱི་གསར་རྙེད་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་དང་། གློག་ཀླད་སྟེང་དོན་རྐྱེན་གྱི་གཞི་རྩའི་དོན་རྐྱེན་གསལ་པོར་མངོན་ཡོད།
བདེ་འཇགས་ཐུན་རིན་རིག་ནུས་གྲོང་ཁྱེར་རྣམ་གྲངས་ནི་ཐེན་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཡིན་པ་དང་། 2024ལོའི་ཟླ9པར་ལས་མཇུག་བསྒྲིལ་བ་དང་མིག་སྔར་ཚོད་ལྟ་བྱེད་བཞིན་པའི་སྒང་ཡིན། རྣམ་གྲངས་དེར་སྤྱིའི་མ་རྩ་སྒོར་ཁྲི7998བཏང་ཡོད་ལ། དེའི་ནང་ཐེན་ཅིན་གྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི2000ཡོད། བཀོད་འདོམས་ལྟེ་གནས་དེ་སྤྱིའི་ཆ་ནས་བཀོད་འདོམས་ཚོམས་ཆེན་དང་ཞིབ་དཔྱད་ཁང་། གྲ་སྒྲིག་ཁང་། ལས་རེས་ཁང་། འཕྲུལ་འཁོར་ཁང་། UPSཁང་སོགས་བྱེད་ནུས་ཁུལ6ལ་དབྱེ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ781ཡོད། ལྟེ་གནས་ཀྱི“རིག་ནུས་བཅོས་སྐྱོང”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀུན་མཐོང་ལས་གཞི་དང་གྲངས་འཛིན་གྲོང་གསེབ། ཤེས་རིག་གྲོང་ཁྱེར་དོ་དམ། ཤེས་རིག་མེ་གསོད། ཤེས་རིག་ཡུལ་སྐོར། ཤེས་རིག་ཁོར་སྲུང་། ཤེས་རིག་འཕྲལ་བསྟུན། ཤེས་རིག་འགྲིམ་འགྲུལ་དང་སྔོན་ཟོན་ཉེན་བརྡ་སྟེགས་བུ་བཅས་ཀྱིས་སྔོན་ཟོན་ཉེན་བརྡ་གཏོང་བ་སོགས་ཀྱི་གཞི་གྲངས་ལ་དུས་ཐོག་ལྟ་ཞིབ་ཚད་ལེན་བྱས་པ་དང་། མི་ཐབས་རིག་ནུས་ལག་རྩལ་གྱིས་རིག་ནུས་བགོ་བཤའ་དང་འདྲ་མཚུངས་ཞིབ་བསྡུར་དབྱེ་ཞིབ་བྱས་ཏེ། གཅིག་གྱུར་གྱི་དོན་རྐྱེན་རྩིས་ཐོ་ཆགས་པ་དང་། གཅིག་གྱུར་གྱིས་མངགས་གཏོང་ལག་བསྟར་བྱས་ཏེ་ཐག་གཅོད་ལས་ཕྱོད་ཇེ་མཐོར་བཏང་། སྔར་ལས་ལྷག་པར་གྲོང་ཁྱེར་བདེ་འཇགས་ཀྱི་མཐའ་ཚད་སྲ་བརྟན་དུ་གཏོང་བ་དང་། མཁར་གྲོང་གི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་རྒྱུ་རེད། །