ཟླ6པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། 2024ལོར་མདའ་བཞི་རྫོང་གིས“རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི”འདུ་ཤེས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་ལྟེ་བར་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་གཙོ་གནད་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རྫོང་ཡོངས་ཀྱི་སྡེ་ཁག་གིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་དམིགས་ཚད་ལ་དམིགས་ཏེ། ལས་བགོས་ཁ་གསལ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་འདམ་ས་དང་རྩྭ་ཐང་། ཆུ་བོ་དང་མཚེའུ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ཏེ། ཆུ་ཁུངས་སྲུང་སྐྱོང་ནགས་ཚལ་འཛུགས་སྐྲུན་སོགས་སྐྱེ་ཁམས་ལས་གཞིར་མགྱོགས་མྱུར་སྒོས་ལག་བསྟར་བྱས། སྐྱེ་ཁམས་སླར་གསོ་རྣམ་གྲངས་རྗེས་འདེད་དཔྱད་དཔོག་ལམ་སྲོལ་བཙུགས་ནས། བཅོས་སྐྱོང་གི་ཕན་འབྲས་བརྟནའཇགས་ཡོང་བའི་འགན་ལེན་དང་ས་ཁོངས་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། ནགས་རྩྭ་ལམ་ལུགས་དང་ཆུ་བོ་དང་མཚེའུ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། གཞི་རིམ་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་དཔུང་ཁག་འཛུགས་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་དང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་དང་རིམ་པ་མང་བའི་སྐྱེ་ཁམས་སྲུང་སྐྱོང་འགན་འཁྲིའི་མ་ལག་འཛུགས་པ་དང་། ཧོང་ཧྲུའེ་ཆུ་ཁུངས་ཀྱི་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་བྱེད་དགོས། དེ་དང་ཆབས་ཅིག ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་ཞིང་ཆེན་ཏང་ཨུས་སྐོར་ཞིབ་བྱས་ནས་ཚུར་ལན་སྤྲད་པའི་གནད་དོན་ལ་དོ་སྣང་བྱས་ཏེ། ཕྱོགས་ཡོངས་ནས་གཅིག་ཤེས་ཀུན་གྲོལ་གྱིས་རིགས་འདེད་ཞིབ་བཤེར་བྱས། ཤང་དང་གྲོང་རྡལ་སོ་སོས་ཕྱོགས་བསྡུས་ཁྲིམས་འཛིན་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་ཕྱུགས་རིགས་བཀག་སྡོམ་སྐོར་ཞིབ་དང་། རྩྭ་ཕྱུགས་དོ་མཉམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། སྡེ་ཁག་བརྒལ་བའི་མཉམ་འགུལ་ཐག་གཅོད་ལམ་སྲོལ་བཙུགས། ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་ཚུགས་ནས། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ཏེ། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དམིགས་བསལ་ཆོག་མཆན་གཉེར་སྐྱོང་རྣམ་གྲངས་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཞིབ་འཇུག་རིག་པ་སོགས་སྤུས་ལེགས་ལམ་ཐིག་དང་སྤུས་རྟགས་བསྐྲུན་དགོས། ཞིང་འབྲོག་མང་ཚོགས་སྐྱེ་ཁམས་ཐོན་ལས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས། ཡོང་འབབ་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་མཉམ་འགུལ་བཟང་པོ་ཡོང་བར་བྱས་ནས། སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་སུ་བསྒྱུར་ཐུབ་པར་བྱེད་དགོས། །