ཟླ6པའི་ཚེས12ཉིན། ཟི་ལིང་གྲོང་ཁྱེར་གྱི་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་ཐོན་ཁུངས་སྦྲེལ་མཐུད་ཚོགས་འདུ་ནན་ཅིང་དུ་འཚོགས་པ་རེད། ཚེས12ནས་ཚེས13ཉིན་བར་ཟི་ལིང་གྲོང་ཁྱེར་ནན་ཅིང་རིག་གནས་ཡུལ་སྐོར་དུས་ཆེན་ནང་ཞུགས་པ་དང་འབྲེལ་ཐོན་ཁུངས་ངོ་སྤྲོད་དང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན། རིག་རྩལ་འཁྲབ་སྟོན་སོགས་ཀྱང་སྤེལ་བ་རེད།
ད་ཐེངས་ཀྱི་འབྲེལ་མཐུད་ཚོགས་འདུའི་ཐོག་ཟི་ལིང་རིག་གནས་ཡུལ་སྐོར་ངོ་སྤྲོད་དཔོན་པོས་ཟི་ལིང་གྲོང་ཁྱེར་གྱི་དམིགས་བསལ་གྱི་ཚ་གཡོལ་བདེ་ཐང་གསོ་སྐྱོང་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་དང“སྐྱེ་ཁམས་མཐོ་ས་དང་། ཀྲུང་གོའི་དབྱར་བསིལ་གྲོང་ཁྱེར། གཟའ་ཡི་གྲོང་ཁྱེར། ལི་ཤའི་མེ་ཏོག་གི་གྲོང་ཁྱེར། གནའ་མཁར་ཟི་ལིང”བཅས་ལྟེ་བར་བྱས་པའི་གྲོང་ཁྱེར་ཆེ་གྲས་ལྔའིIPམ་ལག་དྲིལ་སྒྲོག་དང་ངོ་སྤྲོད་བྱས། དེ་དང་ཆབས་ཅིག་པེ་ཁྲོན་ཝན་ཏ་ལས་ཤག་དང་། གྲོང་ཁྱེར་ནུབ་ཁུལ་ཝན་ཧྥང་མཁར་གྲོང་ཚོང་ལས་ཐང་ཆེན། ཞིན་ཧྭ་ལན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་སྔོན་པོ་ཆུའི་ཁྲོམ་གཞུང་གི་མགྲོན་ཁང་། སྟོང་སྐོར་གནའ་བོའི་གྲོང་ཁྱེར་གྱི་སྡོད་ཁང་སོགས་གནས་ཡུལ7གྱི་ལེགས་ཆ་མངོན་གསལ་དོད་པོ། ལེ་ལག་ཆ་ཚང་དུ་གྱུར་པ། མཐའ་འཁོར་གྱི་རིག་གནས་ཡུལ་སྐོར་ལས་རིགས་འདུས་པའི་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་སྡོད་ཁང་གི་ཐོན་ཁུངས་ལ་གསལ་འགྲེལ་ཞིབ་ཕྲ་བྱས་པ་མ་ཟད། ཚོགས་ཞུགས་སྐུ་མགྲོན་ལ་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་གི“ཤིང་སྦལ་ཚོ་པའི”སྡོད་ཁང་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་གི་ཉམས་མྱོང་ལེགས་འགྲུབ་བྱུང་བ་མཉམ་སྤྱོད་བྱས་ནསཞ དངུལ་གཏོང་དང་ལས་གཉེར་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་བྱས།
ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་གྱིས“ཤར་ནུབ་མཉམ་ལས”སྟེགས་བུར་གཞི་ཚུགས་ནས། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་སྐུལ་འདེད་རྒྱུན་འཁྱོངས་བྱས་ཏེ། སྤུས་ལེགས་སྡོད་ཁང་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཏ་ཐུང་ཤིང་སྦལ་ཚོ་བ་དང་། ཧོང་ཡོན་ཀྲོང་ཁུའོ་ཉི་ཤུ་རྩ་བཞི། ཧོང་ཀྲུང་སྤྲིན་སྟེང་ཁྱུང་རྒྱ་སོགས་ཆུ་ཚད་མཐོ་བའི་སྤུས་ལེགས་སྡོད་ཁང་ཁག་གཅིག་བསྐྲུན་ནས་གཉེར་སྐྱོང་བྱས་པ་མ་ཟད། ནན་ཅིང་ཅིན་ལིན་ཟ་ཁང་དང་ཧྲང་ཧའེ་ཤང་པན་རིག་གནས་ཡུལ་སྐོར་ཚོགས་པ་སོགས་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ནང་འདྲེན་བྱས་ནས། ཟི་ལིང་ས་ཁོངས་ཡོངས་ལ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པའི་རྩེར་སོན་སྤུས་ལེགས་སྡོད་ཁང་བསྐྲུན་ནས། ཟི་ལིང་གི་སྡོད་ཁང་ཐོན་ལས་རིམ་འཇུག་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། །