[དྭངས་གཙང་གི་མཚོ་སྔོན། ལྗང་མདོག་གི་རྩིས་ནུས།]གྲངས་གཞིའི“ཡི་གེ་ངོས་འཛིན་བྱེད་པའི”རྟེན་གཞི་དེ་སྤྱིར་བཏང་ཞིག་མིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དཀར་ཆ་དོད་ལ་དྲོད་འཇམ་གྱི་ཉི་འོད་འོག“མཚོ་སྔོན་གྱི་རྩིས་ནུས་སྔོན་པོ”ཞེས་པའི་ལངས་གཟུགས་ཡིག་འབྲུ་སྔོན་པོ་བཞི་འཛུགས་སྐྲུན་དངོས་པོའི་སྟེང་དུ་བཀལ་ཡོད་པ་དང་།མགོ་བོ་བཏེགས་ནས་བལྟས་ཚེ།ས་མཐོའི་དྭངས་གཙང་གི་ནམ་མཁའ་དེ་དཔྱིད་ཀའི་ཆེས་གསལ་བའི་རྒྱབ་ཀྱི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།ཡི་གེ་སྔོན་པོ་དང་ནམ་མཁའི་སྔོན་པོ་གཉིས་ཀྱིས་སྦྲེལ་ཡོད།

ཉེ་སྔོན། གསར་འགོད་པ་དང་བཅས་པ་མཚོ་སྔོན་ལན་རྩིས་ཚན་རྩལ་ཚད་ཡོད་ཀུང་སིར་བསྐྱོད་དེ་གྲངས་གཞིའི་མཚོན་རྟགས་རྟེན་གཞི་དེ་འཆར་འགོད་འཆར་གཞི་ནས་རྨང་གཞིའི་འཛུགས་སྐྲུན་བར་དང་དེ་ནས་བདེ་བླག་ངང་འཁོར་སྐྱོད་བྱེད་པའི་འཚར་ལོངས་ཀྱི་ལམ་བུའི་བར་འཚོལ་ཞིབ་བྱས་པ་རེད།

“ཀུང་སི་ན་ནིང་ཟླ་4པར་བཙུགས་པ་དང་ཐོག་མའི་དམིགས་ཡུལ་ནི་མཚོ་སྔོན་ས་གནས་དེ་གའི་མཐོ་སློབ་དང་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་དམིགས་ནས་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད”མཚོ་སྔོན་ལན་རྩིས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལི་ཀང་གིས་དུས་ཡུན་རིང་པོར་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ལས་ཀ་བྱེད་ཀྱི་ཡོད།དེ་གོང་ཝུའུ་ཧན་ལི་ཧུའེ་ཁྲེང་འཕྲུལ་མིའི་ཚན་རྩལ་ཚད་ཡོད་ཀུང་སི་གྲུབ་འབྲས་ཐོབ་པའི་ངང་བཙུགས་པ་དང་འབྲེལ་ཁེ་ལས་ཀྱི་སྣེ་ཁྲིད་དེ་མི་ཐབས་རིག་ནུས་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་མཁན་ཚོང་པར་གྱུར་ཡོད།

སྐབས་དེ་དུས་ཅང་ཁྲེང་ཝུའུ་ཧན་ནས་གནའ་གྲོང་ཟི་ལིང་དུ་ཡོང་སྐབས་ལི་ཀང་གིས་བྱ་གཞག་གསར་པ་ཞིག་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

2024ལོའི་ཟླ་11ཚེས་18ཉིན་འབྲེལ་ཡོད་སྡེ་ཚན་གྱི་སྲིད་ཇུས་དང་མ་དངུལ་འགན་ལེན་གྱི་རྨང་གཞིའི་ཐོག་མཚོ་སྔོན་ལན་རྩིས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭར་སློབ་མ་བསྡུ་རྒྱུའི་ཆོག་མཆན་ཐོབ་པ་དང་།“མི་ཐབས་རིག་ནུས་སྦྱོང་བརྡར་མཁས་ཅན”གྱི་ཆེད་ལས་བཀོད་སྒྲིག་བྱས་པ་མ་ཟད།“མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་རྒྱག་ནུས་པ་དང་སློབ་གསོ་མཉམ་འདྲེས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐུན་མོང་གྲུབ་གཞིའི”མནའ་འབྲེལ་ཚན་པར་གྱུར་ཡོད།

མཚོ་སྔོན་གྱིས་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཤར་རླུང་དང་བསྟུན་ནས་ཡུན་རིང་མ་སོང་བར་ལོ་དེའི་ཟླ་12ཚེས་30ཉིན་མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་གྲངས་གཞི་ཆེ་གྲས་ཀྱི་མཚོན་རྟགས་རྟེན་གཞིའི་རྣམ་གྲངས་ལ་བདེ་བླག་ངང་གན་རྒྱ་བཞག་པ་རེད།ད་ཐེངས་གན་རྒྱ་འཇོག་པའི་སྐོར་གླེང་སྐབས་ལི་ཀང་གིས“ཁ་ཕྱོགས་འགྱུར་མཚམས”ཀྱི་འགག་རྩའི་ཐ་སྙད་དེ་སྤྱད་པ་རེད།

“ང་ཚོས་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་གཏོང་བའི་ནུས་པ་དེ་དྭངས་གཙང་ནུས་རྒྱུ་ས་ཆ་དེ་རང་དུ་གཙང་སེལ་དང་།སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་མྱོང་ཚོར་ཐུབ་ཡོད།མཚོ་སྔོན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་ཚད་དང་དེ་བཞིན་སྲིད་ཇུས་ཀྱི་ཕན་པ་དང་ཟུང་འབྲེལ་བྱས་ནས་ང་ཚོས་རང་ངོས་བསྐྱར་དུ་གཏན་འཁེལ་བྱས་ཏེ་མི་ཐབས་རིག་ནུས་སྟོད་རྒྱུད་ཀྱི་རྨང་གཞིའི་ཐོན་ལས་ཀྱི་གྲངས་གཞིའི་ཐོག་ནས་གསལ་འགོད་ལས་རིགས་ལ་དམིགས་ཏེ‘མཚོ་སྔོན་གྱི་ཚད་ལྡན་གཞོན་ནུའི་སྦྱོང་བརྡར’མངོན་འགྱུར་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན”ངོ་སྤྲོད་གཏིང་ཟབ་བྱས་པ་དང་བསྟུན་ནས་ལི་ཀང་གི་ཚིག་སྦྱོར་སྔར་བས་བརྟན་དུ་ཕྱིན་ཡོད།

གཞི་གྲངས་མཚོན་རྟགས་རྟེན་གཞི་ཇི་ལྟར་གཏོད་དགོས་སམ།འཛུགས་སྐྲུན་བྱེད་རིང་དཀའ་ངལ་གང་དག་ཐག་གཅོད་བྱ་དགོས་སམ།

ཉེ་སྔོན། ཟི་ལིང་གྲོང་ཁྱེར་གྱི་སྤྱི་འདོམས་མཐུན་སྦྱོར་འོག་ཟི་ལིང་གི(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྣེ་ཁྲིད་དེ“ལྗང་མདོག་རྩིས་རྒྱག་ནུས་པའི་གྲངས་གཞིའི་ཐོག་ནས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི”བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།རྣམ་གྲངས་ལ་སྐུལ་འདེད་གཏོང་བའི“འགྱུར་སྐུལ་རྫས་”ཡིན་པའི་བཞུགས་མོལ་ཚོགས་འདུ་དེས་ལི་ཀང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།

“ཞིང་ཆེན་དང་གྲོང་ཁྱེར་གྱི་སྡེ་ཚན་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་ང་ཚོས་གྲངས་གཞིའི་ཐོག་ནས་དོན་དེ་འགོད་རྒྱུའི་ཐག་བཅད་པ་དང་རྒྱབ་སྐྱོར་དེ་ནི་སྔར་བས་ཤུགས་ཆེ་རུ་ཕྱིན་པ་ཞིག་ཡིན་པས་མདུན་སྐྱོད་ཞབས་ཞུའི་དྲོ་སྐྱིད་དང་།དཀའ་ངལ་སེལ་བའི་ཆོད་སེམས།དེ་བཞིན་བྱ་བ་སྒྲུབ་པ་དང་ལས་གཏོད་ཀྱི་སྤོབས་པ་བཅས་ཀྱིས་ང་ཚོར་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་ཆེན་པོ་སྦྱིན་ཡོད”ས་གནས་ས་ཐོག་ཏུ་ལས་རིགས་གཅིག་པའི་ལྷན་ཚོགས་གཉེར་བའི་རྣམ་པ་ཡིན་ནའང་འདྲ།“འཕྲལ་མར་སྒྲུབ་པ”དང“འཕྲལ་མར་སྒྲུབ་པའི་”ལས་ཆོད་ཡིན་ནའང་འདྲ།ལི་ཀང་གི་སེམས་འགུལ་ཐེབས་པ་རེད།

དེ་རྗེས་ས་ཆ་འདེམས་པའི་བརྒྱུད་རིམ་ནང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣས་ལི་ཀང་ཁྲིད་དེ་གྲོང་ནུབ་འགྲུལ་སྐྱེལ་ས་ཚིགས་སུ་བསྐྱོད།ཡིད་ལ་མ་ཤར་བ་ཞིག་ནི་ལི་ཀང་གིས་བལྟས་པ་ཙམ་གྱིས་འདིར་ཕོག་པ་རེད།

ལི་ཀང་གིས“གྲངས་གཞིའི་ཐོག་ནས་ལས་ཞུགས་ལས་གནས་འབོར་ཆེན་མཁོ་འདོན་ཐུབ་པས་ས་ཆ་འདང་ངེས་ཤིག་དགོས་ཀྱི་ཡོད།གྲོང་ནུབ་འགྲུལ་སྐྱེལ་ས་ཚིགས་ཉེ་འགྲམ་གྱི་འགྲིམ་འགྲུལ་སྟབས་བདེ་དང་ལེ་ལག་ཚང་བའི་སྒྲིག་བཀོད་ཆ་ཚང་ཡོད་པས་རྣམ་གྲངས་བདེ་བླག་ངང་གཉེར་སྐྱོང་ཐུབ་རྒྱུར་རམ་འདེགས་ཐུབ་ལ་བར་མཐོངས་ཀྱང་འདང་ངེས་ཡོད་པ་དེས་ལས་བཟོར་ལས་ཀའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཐུབ་ཀྱི་ཡོད”ཅེས་བཤད།

ཟླ་1ཚེས་23ཉིན་མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་གྲངས་གཞིའི་མཚོན་རྟགས་རྟེན་གཞི་ཆེ་གྲས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་།

གན་རྒྱ་བཞག་པ་ནས་དངོས་སུ་སྤྱོད་འགོ་ཚུགས་པའི་བར་དུས་ཡུན་ཉིན་24ལས་མེད།གྲོང་ནུབ་འགྲུལ་སྐྱེལ་བབས་ཚུགས་དེ་སྔོན་ཆད་གཉིད་དུ་ཡུར་བའི་ས་ཆ་དེར་འགྱུར་ལྡོག་ཕྱིན་ནས“གྲངས་གཞིའི་སྔོ་ལྗང་ཁུལ”ཞིག་ཏུ་གྱུར་ཡོད།

ད་ཆ་དུས་ཐེངས་དང་པོའི་ར་བའི་ནང་རྣམ་གྲངས་ཚོགས་ཆུང་དྲུག་གྲལ་འགྲིག་པོས་བསྒྲིགས་པ་དང་ན་གཞོན་གྲངས་གཞིའི་ཐོག་བཀོད་པ་200ལྷག་ཙམ་གྱིས་གྲངས་གཞིའི་ཐོག་རྟགས་རྒྱག་པ་དང་།གསལ་བཤད།འགྲེལ་བཤད།རིགས་དབྱེ་བཅས་བྱ་རྒྱུར་བློ་རྩེ་གཅིག་སྒྲིམ་གྱིས་གཞོལ་བཞིན་ཡོད་པ་རེད།

“ང་ཚོ་ནི་མིས་བཟོས་རིག་ནུས་ཀྱི་མིག་ལྟ་བུ་ཡིན”མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང(ད་ཆ་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་ཡིན་པ)ནས་ཐོན་པའི་པད་མ་མཚོས་གཟུགས་བརྙན་གྱི་དཔེ་ཞིག་བཞག་ཡོད།འདི་ལོ་ལོ་22ལ་སླེབས་པའི་ཁོང་གིས་དེ་གོང་གྲངས་གཞིའི་འོས་དཔོད་མི་སྣའི་ལས་རིགས་དེ་ཐོས་མྱོང་མེད།བྱ་དངོས་གསར་པར་ཡ་མཚན་སྐྱེས་ནས་མཚོ་སྔོན་གྱི་ལན་རྩིས་ལ་གདན་ཞུ་བྱས།བཀོལ་སྤྱོད་མ་ལག་ནས་ལས་ཀའི་བརྒྱུད་རིམ་བར་ཁོང་གིས་གོམ་པ་རེ་རེ་བཞིན་སློབ་སྦྱོང་ནན་ཏན་བྱས།

གློག་ཀླད་ཁ་ཕྱེ་ནས་རྣམ་གྲངས་ཀྱིས་མཁོ་འདོན་བྱས་པའི་རྣམ་པའི་པར་རིས་ལ་གཞིགས་ནས་3Dསྤྲིན་རིས་ཐོག་པར་རིས་ལ་སྒྲོམ་གཞི་འཐེན་ནས་དེ་མཚུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གསལ་པོར་འགོད་དགོས་པ་དང་གཏན་འཁེལ་མེད་པའི་ས་ཆ་འཕྲད་སྐབས་ད་དུང་2Dམཐོང་རིས་དང་ཟུང་འབྲེལ་བྱས་ནས་ཞིབ་བསྡུར་བྱེད་དགོས་ཀྱི་ཡོད།པད་མ་མཚོ་ཡིས་གསར་འགོད་པར་དུས་ཐུང་གོམ་སྟབས་ཁ་ཤས་བལྟས་ན་སྟབས་བདེ་ཡིན་ནའང་རྒྱུན་ཆད་མེད་པར་བསྐྱར་ཟློས་དང་བཀོལ་སྤྱོད་བྱེད་དགོས་ཀྱི་ཡོད།

“རང་ཉིད་ཀྱི་བཀོལ་སྤྱོད་སྔར་བས་གནད་ལ་འཁེལ་བར་བྱས་ཏེ་གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད”པད་མ་མཚོ་ལས་གནས་སུ་ཞུགས་ནས་ཟླ་བ་གཉིས་སོང་བ་དང་།གནད་ལ་འཁེལ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་ཁོང་གིས་བཤད་པའི་གྲངས་གཞིའི་མཆན་འགྲེལ་པ་ཚང་མའི་བསམ་འདུན་ཡང་རེད།

རང་འགུལ་འཁོར་གཏོང་ཁྱབ་ཁོངས་སུ་རླངས་འཁོར་ཁེ་ལས་མང་པོ་ཞིག་ལ་ཞིབ་ཚད་མཐོ་བའི་གྲངས་གཞི་མཁོ་འདོན་བྱས་ནས་ཚན་རྩལ་གྱི་རླབས་རྒྱུན་ཁྲོད་རླབས་གཤག་མདུན་སྐྱོད་བྱ་རྒྱུར་རམ་འདེགས་བྱེད་ཐུབ།སྐད་བརྡའི་དབྱེ་འབྱེད་ཐད་བཟོ་གྲྭ་ཆེ་གྲས་ཁག་དང་ལག་གདང་སྦྲེལ་ནས་ངོས་འཛིན་ཡང་དག་བྱེད་ཚད་མཐོ་རུ་གཏོང་རྒྱུར་ཐུན་མོང་ཐོག་གཞོལ་ནས་མི་དང་འཕྲུལ་འཁོར་ཕན་ཚུན་སྤེལ་རེས་དེ་བས་བདེ་བླག་ཡོང་བ་བྱེད་དགོས།པར་རིས་དབྱེ་འབྱེད་ཁྱབ་ཁོངས་སུ་བདེ་འཇགས་སྔོན་འགོག་དང་སྨན་བཅོས་བརྙན་པར་སོགས་ལས་རིགས་ཀྱི་རིག་ནུས་ཅན་རིམ་སྤོར་ལ་སོ་ཕག་བསྣན་ནས་ཁྱབ་ཁོངས་མང་པོའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་སོགས་ཀྱི་ཐད་མིག་སྔར་མཚོ་སྔོན་གྱི་ལན་རྩིས་ནུས་རྒྱུ་གསར་པའི་རླངས་འཁོར་རིག་ནུས་འཁོར་གཏོང་མ་ལག་སྦྱོང་བརྡར་དང་།རིག་ནུས་སྨན་བཅོས་བརྙན་པར་དབྱེ་ཞིབ།དངུལ་རྩའི་ཉེན་ཁའི་དཔེ་དབྱིབས་བཅས་ཁྱབ་ཁོངས་ཆེན་པོ་གསུམ་དུ་ཚད་གཞིའི་རང་བཞིན་གྱི་མཉམ་ལས་དཔེ་མཚོན་ཆགས་ནས་མཚོ་སྔོན་གྱི་མི་ཐབས་རིག་ནུས་ཀྱི་རྨང་གཞིའི་གྲངས་གཞིའི་ཞབས་ཞུའི་ཁྱབ་ཁོངས་སུ་ཚད་བརྒལ་ཡོང་རྒྱུར་རམ་འདེགས་བྱས་ཡོད་པ་རེད།

དེ་རྗེས་ལི་ཀང་གི་གོམ་སྟབས་དང་བསྟུན་ནས་སྐུལ་འདེད་མགྱོགས་སུ་གཏོང་བའི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལས་ཡུལ་དུ་མིག་ལམ་དུ་འཆར་བ་དང་།ཟ་ཁང་དང་།ཉལ་ཁང་།དཔེ་མཛོད་ཁང་།ལུས་སྦྱོང་ཁང་།གསོ་སྦྱོང་སློབ་ཁང་སོགས་ཡུན་རིང་མ་སོང་བར་མཚོ་སྔོན་གྱི་གྲངས་གཞིའི་མཚོན་རྟགས་འགོད་མཁན་ལ་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་ཐོབ་རྒྱུ་རེད།

གྲངས་གཞིའི་ཐོག་ནས་མི་ཐབས་རིག་ནུས་བརྩི་ཐབས་དང་དཔེ་དབྱིབས་ཀྱི་ལྟེ་བའི་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པའི་ངོས་ནས་མཚོ་སྔོན་གྱི་ལན་རྩིས་ལ་ད་དུང་འཆར་འགོད་གང་དག་ཡོད་དམ།

མཚོ་སྔོན་ལན་རྩིས་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་དང་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་མཉམ་སྐྲུན་ཐོན་ལས་སློབ་གླིང་བརྒྱུད་ལོར་མི་ཐབས་རིག་ནུས་སྦྱོང་བརྡར་དགེ་རྒན་3000+གསོ་སྐྱོང་བྱ་རྒྱུ་དང་།ཞིང་ཆེན་ནང་ཁུལ་གྱི་མི་ཁྲི་རིམ་པའི་གཞི་ཁྱོན་གྱི་གྲངས་གཞིའི་མཚོན་རྟགས་ཐོན་ལས་དཔེ་སྟོན་རྟེན་གཞི་ཐོག་མ་བསྐྲུན་རྒྱུར་གཞོལ་ནས་གྲངས་འཛིན་ཐོན་ལས་ཤེས་ལྡན་མི་སྣའི་སྤུས་ཚད་མཐོ་བའི་ལས་ཞུགས་དཔེ་སྟོན་ཁུལ་གཏོད་རྒྱུ།གྲངས་གཞིའི་མཚོན་རྟགས་རྟེན་གཞིར་བྱས་ནས“གཞོན་ནུའི་ཚད་གཞིའི་གཞོན་ནུའི་སྦྱོང་བརྡར”ཐོན་ལས་སྣོད་བཅུད་ཁུལ་བཏོད་དེ་གྲངས་གཞིའི་ཐོན་ཁུངས་རང་ཡུལ་ཅན་དུ་འགྱུར་རྒྱུ་མངོན་འགྱུར་བྱེད་པ།AIགཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་གསར་གཏོད་ལས་སྟེགས་འཛུགས་སྐྲུན་བྱེད་པ་སོགས་ལི་ཀང་གིས་རེ་རེ་བཞིན་བཀོད་ཡོད།

“ང་ཚོས་ཐོག་མཐའ་བར་གསུམ་དུ་དྭངས་གཙང་ནུས་རྒྱུ་གཞན་སྒྱུར་གྱི་རྩིས་རྒྱག་ནུས་པ་ཚང་མ་དགེ་སྒྲུབ་ཀྱི་ཐོན་སྐྱེད་ནུས་ཤུགས་ཡིན་དགོས་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད”ལི་ཀང་གིས་བཤད་པའི་རྒྱབ་ཏུ་ད་དུང་གྲོས་བསྡུར་དང་བསམ་གཞིགས་བྱེད་རིན་ཡོད་པ་མང་པོ་ཡོད།མཚོ་སྔོན་གྱི་སྔོ་ལྗང་ཅན་གྱི་འཛུགས་སྐྲུན་གྱི་ཕྱི་ཚུལ་ལྟར་མཚོ་སྔོན་གྱི་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་དང་བསྟུན་ནས་མཚོ་སྔོན་གྱི་སྔོན་པོ་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་ནས་མཐོ་སར་འཛེག་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།