“གསར་གཏོད་མྱུར་གཏོང་འཕྲུལ་ཆས”ཀྱིས་མཚོ་སྔོན་གྱི་ཚྭ་མཚོར“མཱེ་ཡི་གནོད་སྐྱོན”དེ“མཱེ་ཡི་ནོར་བུ”ལ་འགྱུར་ལྡོག་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཉེ་ཆར་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་སུའོ་ཡི་ཀན་ཧོ་དབུས་རྒྱུད་ཚོད་ལྟའི་རྟེན་གཞིའི་ནང་ཕྱེ་མ་དཀར་པོའི་འོག་གི་ཆིང་དབྱང་མའེ་འབར་འགོག་རྫས་དང་མཱེ་ཧ་ཡང་གི་ཆུ་འདྲེད་རྡོ་བརྟན་པོ་རྫས་རྒྱུན་ཆད་མེད་པར་དཔེ་སྟོན་རང་བཞིན་གྱི་ཐོན་སྐྱེད་བརྒྱུད་རིམ་ཐོག་ནས་ཐོན་བཞིན་ཡོད་པ་རེད།ཐོན་སྐྱེད་བརྟན་པོ་བྱས་ནས་ལོ་ཕྱེད་ཀྱང་མ་སོང་བར་ཐོན་རྫས་དེ་དག་ནང་འདྲེན་གྱི་ཚབ་བྱེད་པའི“ལག་ཁྱེར”ཞིག་ཏུ་གྱུར་ཡོད།

ཚྭ་མཚོའི“མཱེ་གནོད་སྐྱོན”དེ་སྙིགས་རོ་ནོར་བུར་བསྒྱུར་བ་དང་ཅཱ་ལུད་ཐོན་སྐྱེད་བྱེད་རིམ་གྱི་རྩ་བ་བརྟན་པོ་ཡོང་བ་བྱེད་པ་སོགས་རང་རྒྱལ་གྱི་ཆེད་མངགས་ཚྭ་མཚེའུ་ཕྱོགས་བསྡུས་ཞིབ་འཇུག་བྱེད་མཁན་སྒྲིག་གཞི་འབའ་ཞིག་ཡིན་པའི་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་སུའོ་ཡིས་གྲུབ་འབྲས་ཚོད་ལྟ་ཁང་ནས་བཟོ་ལས་ཐོན་སྐྱེད་ཕྱོགས་སུ་བསྐྱོད་པའི“གསར་གཏོད་མྱུར་གཏོང་འཕྲུལ་འཁོར”ཞིག་བཏོད་ཡོད།

ཚྭ་མཚེའུ་ཡི་མཱེ་རྨང་གི་རིན་ཐང་མཐོ་བའི་ནུས་པའི་རྒྱུ་ཆ་གསར་སྤེལ་བྱས་པ།

ཅཱ་ལུད་ཏུན་གཅིག་ཐོན་སྐྱེད་བྱས་ན་ཁིལ་རྨེ་ཏུན་བཅུ་ཙམ་དབྱེ་འབྱེད་བྱེད་ཐུབ།“མཚོ་སྔོན་ནི་ཀྲུང་གོའི་མཱེ་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་ཞིང་།རི་ལྟར་སྤུངས་པའི་ཁིལ་རྨེ་དེ་སྐབས་ཤིག་རིང‘རྨེའི་གནོད་འཚེ’ལ་བརྩིས་ནས་ཐག་གཅོད་བྱེད་ཀྱི་ཡོད།ལག་རྩལ་ཆུ་ཚད་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་ཚྭ་མཚོའི་མཱེ་ཐོན་ཁུངས་སྤྱོད་ཚད་དུས་ཡུན་རིང་པོའི་ནང་2%ཡང་ཟིན་གྱི་མེད”ཟླ་3ཚེས་12ཉིན་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཅོན་གྱིས་གསར་འགོད་པར་བཤད།

དུས་ཡུན་རིང་པོའི་ནང་རང་རྒྱལ་གྱིས་རྩེར་སོན་མཱེ་རྨང་ནུས་པའི་རྒྱུ་ཆ་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་བཟོ་བའི་ལག་རྩལ་ཐད་ཚད་བརྒལ་བྱུང་མེད་པ་དང་མཱེ་རྨང་ནུས་པའི་རྒྱུ་ཆ་ཡུན་རིང་ནང་འདྲེན་བྱ་རྒྱུར་བརྟེན་དགོས་ཀྱི་ཡོད།

ཚྭ་མཚེའུ་དང་ལོ་བཅུ་གྲངས་འབྲེལ་འདྲིས་བྱས་པའི་ལི་ལི་ཅོན་གྱིས་ཐོག་མཐའ་བར་གསུམ་དུ་ཚྭ་མཚེའུ་ཡི་མའེ་ཅི་རིན་ཐང་མཐོ་བའི་ནུས་པའི་རྒྱུ་ཆ་གསར་སྤེལ་བྱ་རྒྱུར་དོ་ཁུར་བྱེད་ཀྱི་ཡོད།“ཆིང་དབྱང་མེ་རྫས་ནི་འབར་འགོག་རྫས་ཁྲོད་ཀྱི་གྲགས་ཅན་མི་སྣ་ཞིག་ཡིན་ཞིང་།ཆུང་བ་ལག་ཐོགས་ཁ་པར་གྱི་ཕྱི་ཤུན་དང་འཁྱགས་སྒམ་གྱི་ཕྱི་ཤུན་བར་དང་།ཆེ་བ་འཕྲིན་གཏོང་གློག་ཐག་བར་གྱི་བཀོལ་སྤྱོད་ཁྱབ་ཁོངས་ཧ་ཅང་ཆེན་པོ་ཡོད”ལི་ཅོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།རིམ་པ་མཐོ་བའི་མའེ་ཅི་ཆུ་འདྲེད་རྡོ་ཚ་བརྟན་རྫས་དེ་གཙོ་བོ་དྭངས་གསལ་གྱི་PVCདང་ཨན་ལུན་རིགས་ཀྱི་ཆ་རྡུལ་མཐོ་བའི་རྒྱུ་ཆའི་ཁྲོད་སྤྱོད་ཀྱི་ཡོད།“རང་རྒྱལ་ནི་གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་PVCདང་ཨན་ལུན་ཐོན་སྐྱེད་རྒྱལ་ཁབ་ཡིན་མོད།འོན་ཀྱང་སྤྱོད་པའི་རྩེར་སོན་ཆུ་ཤུད་རྡོ་གཙོ་བོ་ནང་འདྲེན་ལ་བརྟེན་དགོས”ཞེས་བཤད།

2024ལོར་ལི་ཅོན་ཚོགས་པས་མཚོ་སྔོན་ཨའེ་ཐེ་ཁེ་ཚྭ་མཚེའུ་ཚན་རྩལ་ཚད་ཡོད་ཀུང་སི་དང་མཉམ་དུ་ཀན་ཧོ་གཙང་པོའི་དབུས་རྒྱུད་ཚོད་ལྟའི་རྟེན་གཞིའི་ནང་དམིགས་བསལ་རྣམ་པའི་ཆིང་དབྱང་མེ་འགྱུར་འབར་འགོག་རྫས་ཏུན་2000དང་མའེ་ན་ཅི་ཆུ་འདྲེད་རྡོ་དྲོད་བརྟན་རྫས་ཐོན་ལས་ཅན་གྱི་དཔེ་སྟོན་ལམ་ཐིག་བསྐྲུན་ཡོད།འབྲེལ་ཡོད་ཐོན་རྫས་ལ་རྒྱལ་ནང་གི་བཟོ་གྲྭའི་དགའ་བསུ་ཐོབ་པ་མ་ཟད།ད་དུང་ཕྱི་རྒྱལ་གྱི་མངགས་ཐོ་ཡང་ཐོབ་ཡོད།

“ང་ཚོས་ཚྭ་མཚོའི་འགྲམ་དུ་གཞི་ཁྱོན་དེ་བས་ཆེ་བའི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ནས་མཐོ་རིམ་གྱི་མཱེ་རྨང་རིན་ཐང་མཐོ་བའི་ནུས་པའི་རྒྱུ་ཆ་ཐོན་སྐྱེད་བྱ་རྒྱུའི་རེ་བ་ཡོད”ལི་ཅོན་གྱིས་མ་འོངས་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།

ཚྭ་མཚེའུ་ནང་གི་འོད་ཚྭ་རྒྱུ་རྡོའི་གཏེར་ཁ་ནི་ཅཱ་ལུད་ཐོན་སྐྱེད་བྱེད་པའི་རྒྱུ་ཆ་གཙོ་བོ་ཡིན།དེ་གོང་མཚོ་སྔོན་གྱི་ཅཱ་ལུད་ཁེ་ལས་ཤིག་གི་འོད་ཚྭ་སྦྱངས་རྡོ་གཏེར་དུ་ཁིལ་ནཱ་རྫས་འདུས་ཚད་མཐོ་བ་དང་རིལ་བུ་ཕྲ་བའི་གནད་དོན་ལྷག་ཡོད་པས་ཅཱ་ལུད་ཐོན་སྐྱེད་ལ་ཚོད་འཛིན་ཚབས་ཆེན་བཟོས་ཡོད།

ཐོན་སྐྱེད་བརྒྱུད་རིམ་ལ“གཞུང་རྒྱུད་འབྲེལ་བ”བྱ་ཆེད།ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཕུའུ་ཀྲེན་ཧའེ་ཚོགས་པས་ཁེ་ལས་དེའི་བཟོ་རྩལ་བརྒྱུད་རིམ་གྱི་ལས་སྒྲུབ་ཚན་པ་ཁག་གི་འཁོར་སྐྱོད་གནས་ཚུལ་གསེད་བཀྲོལ་བྱས་པ་དང་།ཞིབ་རྡོག་མཐོ་བའི་ནཱ་འོད་ཀྱི་ཚྭ་སྦྱངས་རྡོའི་གཏེར་གྲང་གི་བཟོ་རྩལ་ལེགས་སུ་གཏོང་བར་དམིགས་ནས་རྒྱུད་རིམ་ལྡན་པའི་ཚོད་ལྟའི་ཞིབ་འཇུག་བྱས་པ་རེད།

“དེ་སྔ་རྣམ་གྲངས་གཉེར་སྐབས་ཁེ་ལས་གཞན་སྒྱུར་གྱི་ལྷུ་ཚིགས་དེར་གཞི་ནས་ཚོད་ལྟ་བྱེད་བཞིན་ཡོད”ཕུའུ་ཀྲེན་ཧའེ་ཡིས“ད་ཆ་ང་ཚོས་ཀྲུང་གོའི་ཚོད་ལྟའི་རྟེན་གཞིའི་གཡེང་འདེམས་དང་།ཞུན་ཐིགས་དབྱེ་འབྱེད།རླངས་འགྱུར་སོགས་ཀྱི་སྒྲིག་ཆས་སྤྱད་དེ་ཚོད་ལྟའི་ཕན་འབྲས་ལ་ར་སྤྲོད་བྱས་པས་ལག་རྩལ་གཞན་སྒྱུར་མ་བྱས་གོང་རྩ་ཆེའི་གྲངས་གཞི་མང་པོ་ཐོབ་ཡོད”ཅེས་བཤད།

ཚོད་ལྟ་ཁང་གི་“ལག་བསྟར་བྱེད་འཐུས་རང་བཞིན་”ཐོན་སྐྱེད་འཁོར་ཁང་དུ་སྤོ་བ།

ཐོག་མའི0ནས་1བར་གྱི་ཚད་བརྒལ་དང་དེ་ནས་བཟོ་ལས་ཐོན་སྐྱེད་ཀྱི་མཆོང་སྐྱོད་དང་པོ་ནས་100བར་གྱི་འཕུར་མཆོང་སོགས་ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚེའུ་ཞིབ་འཇུག་སུའོ་ཀན་ཧོ་དབུས་རྒྱུད་ཚོད་ལྟའི་རྟེན་གཞིའི་ཀྲུའུ་རེན་ཡེ་ཤིའུ་ཧྲེང་གིས་སྔ་མ་ནི་གསར་གཏོད་ཀྱི་ཐ་སྙད་དང་།འདུ་ཤེས།ལག་བསྟར་བྱེད་ཐུབ་མིན་བཅས་ལ་ར་སྤྲོད་བྱེད་པའི་འགག་རྩའི་གོ་རིམ་ཞིག་ཡིན་པ་དང་།ཕྱི་མ་ནི་ལག་བསྟར་བྱེད་ཐུབ་མིན་དེ་བཟོ་ལས་ཐོན་སྐྱེད་དངོས་ཀྱི་བརྒྱུད་རིམ་དུ་བསྒྱུར་བ་དེའི་ནང་བཟོ་རྩལ་དང་།སྒྲིག་ཆས།མ་བཅོས་རྒྱུ་ཆ་སོགས་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་མང་པོ་ཞིག་ཡིན་པས་དེའི་དཀའ་ཚེགས་ཆེན་པོ་ཡོད་པ་རེད

“ང་ཚོས་ཚྭ་མཚེའུ་ལ་ཞིབ་འཇུག་བྱེད་སྐབས་ཚོད་ལྟ་ཁང་དུ་ལག་བསྟར་བྱེད་འཐུས་རང་བཞིན་ལ་དེ་བས་དོ་ཁུར་བྱེད་ཀྱི་ཡོད”ཚོད་ལྟ་ཁང་དུ་ལོ་20ལྷག་ཙམ་བརྩོན་ཞིབ་བྱས་པའི་ཡེ་ཤིའུ་ཧྲེང་གིས“ཚོད་ལྟ་ཁང་ནང་གི་འགྱུར་འབྱུང་ཡོ་བྱད་ཚང་མ་ཤེལ་དམ་དང་ལྕགས་ཀྲིན་ཡིན་པ་དང་ཆེ་ཆུང་འདྲ་བའི་ཤོག་ཕོར་ཞིག་ཡིན་པས་ཁེམ་བུ་དལ་བུར་བསྲེས་ན་མ་བཅོས་རྒྱུ་ཆ་སྙོམས་པོར་བསྲེས་ཐུབ་ཀྱི་ཡོད།འོན་ཀྱང་བཟོ་ལས་ཐོན་སྐྱེད་དུས་མཚམས་སུ་འགྱུར་འབྱུང་ཡོ་བྱད་སྨི་རྒྱ་དཔངས་གྲུ་བཞི་ཁ་ཤས་དང་ཐ་ན་སྨི་རྒྱ་དཔངས་གྲུ་བཞི་བརྒྱ་ཕྲག་ཁ་ཤས་ཀྱི་མགོ་ཆེན་པོར་གྱུར་ནས་སྤུས་ཚད་སྙོམས་པོ་ཡོང་བ་བྱ་རྒྱུ་ནི་ལས་སླ་པོ་ཞིག་མ་རེད”ཅེས་བཤད།

ཚོད་ལྟ་ལེགས་འགྲུབ་བྱེད་ཆེད།ཚན་རིག་ཞིབ་འཇུག་མི་སྣས་རྒྱུན་དུ་ཆེས་ཕུགས་བསམ་གྱི་ཚོད་ལྟའི་ཆ་རྐྱེན་བརྩོན་ལེན་བྱེད་ཀྱི་ཡོད།ཡེ་ཞིའུ་ཧྲེན་གྱིས་དཔེ་དྲངས་ནས་བཤད་པར།དངོས་བཤེར་ལ་སྤྱོད་པའི་མ་བཅོས་རྒྱུ་ཆའི་གཙང་ཚད་ཧ་ཅང་མཐོ་བ་མ་ཟད།འབྲུ་རྡོག་ཆེ་བའི་མ་བཅོས་རྒྱུ་ཆ་ད་དུང་བརྡར་ནས་འགྱུར་འབྱུང་གི་མྱུར་ཚད་ཇེ་མཐོར་གཏོང་ཐུབ།འོན་ཀྱང་བཟོ་ལས་ཐོན་སྐྱེད་འབོར་ཆེན་བྱེད་སྐབས་དོན་དེ་གཉིས་སྒྲུབ་ཐུབ་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད།

“སྔོན་ཆད་ཚྭ་མཚེའུ་ཡི་ལིས་འདོན་པའི་བཟོ་རྩལ་ཚོད་ལྟ་ཁང་དུ་ལོ་གཅིག་གཉིས་ནང་ལེགས་གྲུབ་ཐུབ་ཀྱི་ཡོད།འོན་ཀྱང་ཐོན་སྐྱེད་བྱེད་འགོ་ཚུགས་ཚེ་ལོ་བཅུ་གྲངས་སྤྱད་ཀྱང་བདེ་བླག་ངང་ལེན་ཐུབ་པའི་ངེས་པ་མེད”ཅེས་ཡེ་ཤིའུ་ཧྲེན་གྱིས་བཤད།“གསར་གཏོད་མགྱོགས་གཏོང་འཕྲུལ་ཆས་”ཀྱི་ཚོད་ལྟའི་འཁོར་ཁང་ནང་ཚན་ཞིབ་མི་སྣས་ཚོད་ལྟ་ཁང་གི་ཤེལ་དམ་ནང་གི་འགྱུར་འབྱུང་དང་།ཆེར་གཏོང་གི་ལད་ཟློས་བཟོ་ལས་ཀྱི་འགྱུར་འབྱུང་འཕྲུལ་ཆས་ནང་སྤོས་ནས་ལས་གྲྭ་ཅན་གྱི་ཚོད་ལྟ་ར་སྤྲོད་ཆེ་རུ་གཏོང་ཐུབ།

མིག་སྔར་ཀན་ཧོ་གཙང་པོའི་ཀྲུང་གོའི་ཚོད་ལྟའི་རྟེན་གཞིར་ཆེད་སྤྱོད་ལས་སྟེགས་4དང་ཚྭ་མཚེའུ་ཚྭ་གཏེར་དབྱེ་འབྱེད་གཙང་མ་ཅན་དང་།ཚྭ་མཚེའུ་ཚྭ་གཏེར་རྒྱུ་ཆ་བཟོ་བའི་སྤྱི་སྤྱོད་ལས་སྟེགས་ཆེན་པོ་གཉིས་ཡོད་པ་དང་།ཉེ་བའི་ལོ་ལྔའི་ནང་རྒྱལ་ཁབ་དང་།ཞིང་ཆེན།གྲོང་ཁྱེར་རིམ་པ་བཅས་ཀྱི་རྣམ་གྲངས་གལ་ཆེན་30ལྷག་ཙམ་གྱི་ཁྲོད་ཚོད་ལྟ་དང་ལས་གྲྭའི་ར་སྤྲོད་ལེགས་གྲུབ་བྱུང་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།