དཔྱིད་དུས་ནས་འགོ་བརྩམས་ཏེ་རྣམ་གྲངས་གལ་ཆེན་གྱིས་མདུན་སྐྱོད་ཀྱི་དུང་བརྡ་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ལས་གྲྭ་གལ་ཆེན་ཞིག་བསྟུད་མར་ལས་འགོ་ཚུགས་པ་དང་།གཙོ་གནད་རྣམ་གྲངས་ཁག་དང་ཁག་བྱས་ནས་མགྱོགས་མྱུར་སྐུལ་འདེད་གཏོང་བ།ཐོན་སྐྱེད་འཁོར་ཁང་རེ་རེ་བཞིན་ནུས་ཆེའི་ངང་འཁོར་སྐྱོད་བྱེད་པ་སོགས་དཔྱིད་ཀའི་རྔ་ཚིགས་སུ་སྤོས་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་གང་སར་འཕེལ་རྒྱས་མགྱོགས་སུ་གཏོང་བའི་འཕར་རྩ་ཆེན་པོ་ལྡིང་བཞིན་ཡོད་པ་དང་།བསྙེགས་བརྒལ་ཐུབ་པའི་དཔྱིད་ཀྱི་རྦ་རླབས་འཕྱུར་བཞིན་ཡོད།མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཁེ་ལས་བསྐྱར་གསོ་བྱེད་ཚད་80%ཟིན་ནས“འགོ་འཛུགས་ནི་མཐའ་མའི་གདོང་མཆོང་དང་འགོ་འཛུགས་ནི་ཐག་གཅོད་དམག་འཐབ་ཡིན་པའི”འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་གྱི“འཕེལ་རིམ”རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གསོག་འཇོག་བྱས་ཡོད།

རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་གྲངས་འབོར་གསོག་འཇོག་བྱས་པ་ཞིག་ཡིན་པ་མ་ཟད།སྤུས་ཚད་མཐོ་རུ་ཕྱིན་པ་ཞིག་ཀྱང་རེད།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཐའ་མའི་གདོང་མཆོང་གི“དཔྱིད་ཀ”རྣམ་གྲངས་སྔ་ཙམ་དོན་འཁྱོལ་དང་།སྔ་ཙམ་ལས་འགོ་འཛུགས་པ།སྔ་ཙམ་ཐོན་སྐྱེད་བྱེད་པ།སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་སྐུལ་འདེད་གཏོང་ཆེད།ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་།རྒྱུ་རྐྱེན་གཙོ་བོའི་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ།རྗེས་སྙེག་ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་བྱས་ནས་རྣམ་གྲངས་ཀྱི“མགྱོགས་རྒྱུག་”ལ་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་ར

“དཔྱིད་ཀ”མགྱོགས་སུ་བཏང་བ།

རྣམ་གྲངས་འཛུགས་སྐྲུན་ཐད“མེ་ཤུགས”ཧ་ཅང་ཆེན་པོ་ཡོད་པ།

དཔྱིད་འགོའི་མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་དྲོད་གྲང་ཞིང་གྲང་ངར་ཆེ་བས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལས་འགོ་འཛུགས་པའི“མྱུར་གཏོང”མནན་ཡོད།

ཉེ་སྔོན། ཝ་རང་གིས་ཆུ་འཐེན་ནུས་གསོག་གློག་ཁང་གི་ལས་གྲྭ་འཛུགས་སྐྲུན་ཅུས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་ངར་ཤུགས་ཆེན་པོའི་ཐོག་ནས་ལས་འགོ་འཛུགས་པའི“མྱུར་གཏོང”ཕྱོགས་ཡོངས་ནས་གོ་རིམ་ལྡན་པའི་ངང་གནོན་བཞིན་ཡོད་པ་རེད།ཕུག་ལམ་ཨང་2པའི་ནང་འདྲེན་ཨར་ལས་བྱ་ཡུལ་དུ་འོད་འབར་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།ས་གནས་ས་ཐོག་གི་རྐོ་འདྲུའི་འཕྲུལ་འཁོར་དང་ལས་གྲྭའི་རླངས་འཁོར་འཁོར་སྐྱོད་བྱེད་བཞིན་ཡོད་པས་བཟོ་པ་ཚོའི་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད།

རྣམ་གྲངས་དོ་དམ་ཚོགས་པས་འཕྲལ་མར་ཐོན་སྐྱེད་བསྐྱར་གསོ་བྱེད་པའི་བདེ་འཇགས་སློབ་གསོ་གསོ་སྦྱོང་རྒྱུགས་ལེན་སྒྲིག་འཛུགས་བྱས་ཏེ་ཨར་ལས་མི་སྣར་བདེ་འཇགས་གསོ་སྦྱོང་དང་།ཉེན་ཟོན་སློབ་གསོ།བདེ་འཇགས་ལག་རྩལ་བཅས་ཀྱི་མཐིལ་རྟོགས་ཚོད་ལྟ་བྱས་པ་དང་འབྲེལ་ཐོན་སྐྱེད་བསྐྱར་གསོ་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ་ས་གནས་ས་ཐོག་གི་སྒྲིག་ཆས་སྣ་ཚོགས་དང་།མེ་ཟོན།བདེ་འཇགས་འགོག་སྲུང་།འཕྲལ་སྡོམ་གསོག་འཇོགལས་སྒྲུབ་ཁོར་ཡུག་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་སྐོར་ཞིབ་བྱས་པ་དང་འབྲེལ་དུས་ཐོག་ཏུ་དག་ཐེར་བྱམིག་སྔར་རྣམ་གྲངས་འཛུགས་སྐྲུན་གྱི་གཙོ་གནད་དེ་ཕུག་ལམ་དང་པོ་དང་གཉིས་པ་ཏལ་འབིགས་ཐུབ་པ་དང་།རླུང་རྒྱུ་དང་བདེ་འཇགས་ཀྱི་བྲག་ཕུག་སྔོག་འདོན་དང་སྲུང་སྐྱོང་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ལོ་འཁོར་གྱི་འཛུགས་སྐྲུན་དམིགས་ཚད་ཀྱི་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱེད་ཀྱི་ཡོད།

ས་མཐོའི་གནམ་གཤིས་སྔར་བཞིན་གྲང་མོད།འོན་ཀྱང་མཚོ་སྔོན་ཅ་ཤིས་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ཤིང་།མིག་སྔར་རྣམ་གྲངས་པུའུ་ཕྱོགས་ཡོངས་ནས་ཐོན་སྐྱེད་བསྐྱར་གསོ་བྱེད་འགོ་ཚུགས་ཡོད།བྱང་རིའི་ཕུག་ལམ་རིང་ཤོས་ཨར་ལས་བྱ་ཡུལ་དུ་འཕྲུལ་འཁོར་གྱིས་འུར་སྒྲ་སྒྲོག་པ་དང་བཟོ་པ་ཚོས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་སྔོག་འདོན་དང་བདག་སྐྱོང་བྱེད་བཞིན་ཡོད།ཕུག་ལམ་ནང་རླུང་འགྲོའི་སྒྲིག་ཆས་རྒྱུན་མཐུད་ངང་འཁོར་སྐྱོད་བྱས་ནས་ཨར་ལས་ཀྱི་ཁོར་ཡུག་བདེ་འཇགས་འགན་ལེན་བྱེད་དགོས།

“མིག་སྔར་ལམ་གཞིའི་ལས་གྲྭ་ལེགས་གྲུབ་བྱུང་བའི་བསྡོམས་འབོར་གྱི་100%དང་།ཟམ་པའི་ལས་གྲྭ་ལེགས་གྲུབ་བྱུང་བའི་བསྡོམས་འབོར་གྱི་100%སྣུམ་སྙིགས་ལམ་ངོས་སུ་ལེགས་གྲུབ་བྱུང་བའི་བསྡོམས་འབོར་གྱི་72.2%འགྲིམ་འགྲུལ་ལས་གྲྭ་ལེགས་གྲུབ་བྱུང་བའི་བསྡོམས་འབོར་གྱི་55%ཕུག་ལམ་རིམ་རྩིས་བྱས་ན་རིང་ཚད་བསྡོམས་འབོར་གྱི་97.4%ལས་བརྒལ་ཡོད།འདི་ལོའི་ཟླ་བཞི་པའི་ཟླ་མཇུག་ཏུ་ཕུག་ལམ་ཏལ་འབིགས་ཐུབ་པ་དང་ལོ་སྨད་དུ་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་ཐུབ་རྒྱུ་རེད”ཅེས་ཆུ་གློག་ཅུས་བཞི་པའི་ཅ་ཤིས་རྣམ་གྲངས་ལས་གྲྭ་པུའི་འགན་འཁུར་བ་ལི་ཅན་ཅུན་གྱིས་ངོ་སྤྲོད་བྱས།

མཚོ་སྔོན་གྱི་རྒྱ་ཤིས་གཞུང་ལམ་རྣམ་གྲངས་ནི་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་འགྲིམ་འགྲུལ་ལས་གྲྭ་ཞིག་ཡིན་པ་དང་བསྐྲུན་ཟིན་རྗེས་ས་ཁོངས་ལམ་དྲའི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།རྣམ་གྲངས་པུས་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྣམ་གྲངས་དུས་བཀག་ལྟར་ལས་མཇུག་འགྲིལ་རྒྱུའི་འགན་ལེན་བྱས་ནས་མཚོ་སྔོན་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁྲོན་ཆིང་ལྕགས་ལམ་ཤར་གྱི་མདོ་ལ་རི་བོའི་ཕུག་ལམ་གྱི་ཨར་ལས་བྱ་ཡུལ་དུ་འཕྲུལ་འཁོར་གྱིས་འུར་སྒྲ་གྲགས་པ་དང་ཚ་ལ་རྒྱག་པའི་མེ་ཏོག་འཕྱུར་བ་དང་བཟོ་པ་ཚོས་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་སྔོག་འདོན་བྱེད་བཞིན་ཡོད།ཕུག་ལམ་དེ་ནི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ཧྲིལ་པོའི་ཚོད་འཛིན་ལས་གྲྭ་ཞིག་ཡིན་པ་དང་།ལམ་ཐིག་རྐྱང་པའི་ཕུག་ལམ་གཉིས་ཀྱི་ཕུག་ལམ་ཡིན་པ་དང་།གཡོན་ཕྱོགས་ཀྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་སྟོང་སྨི་43.18ཡོད་པ་དང་ལམ་ཐིག་ཧྲིལ་པོར་སྟོང་སྨི་20ལས་བརྒལ་བའི་ཕུག་ལམ་གཉིས་ཀྱི་གྲས་ཤིག་ཡིན་པས་ཨར་ལས་ཀྱི་དཀའ་ཚེགས་ཆེན་པོ་ཡོད།

“ཕུག་ལམ་དེ་ས་བབ་མཐོ་ཚད་སྨི་3000ཙམ་གྱི་ས་མཐོ་དང་མཐོ་གྲང་ཁུལ་དུ་གནས་པ་དང་།ས་གནས་ས་ཐོག་གི་ཨར་ལས་ཁོར་ཡུག་ཞན་པས་མིག་སྔར་མདོ་ལ་རིང་མོའི་ཕུག་ལམ་24ཡི་ལས་སྒྲུབ་བྱ་ཡུལ་ཚང་མ་ཕུག་ལམ་གྱི་ཨར་ལས་དུས་མཚམས་སུ་སླེབས་ནས་ཕུག་ལམ་སྨི་10760.85སྔོག་འདོན་བྱས་ཡོད།རྣམ་གྲངས་པུས‘ཕུག་ལམ་རིང་གྲས་ཐུང་གཏོང་’གི་བྱ་ཐབས་བརྒྱུད་ཕུག་ལམ་ཨར་ལས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་མདོ་ལ་རིང་མོའི་ཕུག་ལམ་ཏལ་འབིགས་བྱེད་མགྱོགས་སུ་བཏང་ནས་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་ཡོད”ཅེས་རྣམ་གྲངས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས།

མིག་སྔར་ལན་ཤིན་ལྕགས་ལམ་ཀན་ཆིང་ཚད་ཡོད་ཀུང་སིས་ཚབ་སྐྲུན་བྱས་པའི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ཀན་སུའུ་དང་མཚོ་སྔོན་དུམ་བུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མང་བའི་དུས་སུ་སླེབས་ཡོད་པ་རེད།ཟླ་2པའི་ཟླ་མཇུག་བར་ལམ་ཐིག་ཧྲིལ་པོའི་ཕུག་ལམ་13ཏལ་འབིགས་ཐུབ་པའི་ནང་མཚོ་སྔོན་ཞིང་ཆེན་ས་ཁོངས་ནང་གི་ཕུག་ལམ་7ཏལ་འབིགས་ཐུབ་ཡོད་པ་རེད།

“སྤུས་ཚད་”མཐོ་རུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་དགོས།

འཕེལ་རྒྱས་ཀྱི་འཕར་རྩ་སྔར་བས་ཆེ་རུ་ཕྱིན་པ།

བྱེ་ཐང་དང་།མྱ་ངམ་ཐང་།ཐང་རྒོད་ཅན་བཅས་ཀྱི་ས་ཁུལ་གཙོ་གནད་དུ་འཛིན་པའི་རླུང་གློག་དང་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱིས་ནུས་ཁུངས་གཙང་མ་ཐཱན་ཉུང་གི་རིགས་སྒྱུར་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན།

ཉེ་སྔོན། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུ་གསར་པའི་ཕྱི་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཏེ།ཚྭ་འདམ་ན་གོར་མོ་ཤར་བྱེ་ཐང་རྟེན་གཞིའི་གློག་ཁུངས་རྣམ་གྲངས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་ལས་འགོ་ཚུགས་པ་རེད།རྣམ་གྲངས་དེ་ལག་ལེན་བསྟར་འགོ་ཚུགས་པ་དེ་ཐོག་ནས་ཀྲུང་གོས“ཧྲ་ཀེ”ས་ཁུལ་གྱི་ནུས་རྒྱུ་གསར་པ་གསར་སྤེལ་ཁྱབ་ཁོངས་སུ་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།

རྣམ་གྲངས་དེའི་སྤྱིའི་གཞི་ཁྱོན་ཆན་ཝ་ཁྲི་1924ཟིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་800ཙམ་བཏང་བ་དང་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱིས་855%བཟུང་ཡོད།མིག་སྔར་རྒྱལ་ནང་གི་འཆར་འགོད་འཛུགས་སྐྲུན་གྱི་ཤོང་ཚད་ཆེ་ཤོས་དང་།མ་དངུལ་འཇོག་གྲངས་ཆེ་ཤོས།ནུས་རྒྱུ་གསར་པས་བཟུང་བའི་བསྡུར་ཚད་མཐོ་ཤོས།ས་བབ་མཐོ་ཤོས་ཀྱི་འགྱུར་མཚམས་ལས་བརྒལ་བའི་མེ་ཤུགས་གློག་འདོན་རྣམ་གྲངས་ཚུད་པའི“ཧྲ་ཀེའི་ས་རྒོད”ནུས་རྒྱུ་གསར་པའི་ཕྱིར་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཀྱི་ཟིན་ཐོ་བཏོད་པ་དང་།རྒྱལ་ཡོངས་ཀྱི་ཞིང་ཆེན་ལས་བརྒལ་ནས་སྒར་ཁུལ་ལས་བརྒལ་བའི་ནུས་རྒྱུ་གསར་པའི་ཕྱི་སྐྱེལ་རྟེན་གཞིའི་གློག་ཁུངས་རྣམ་གྲངས་ཀྱི་ཟིན་ཐོ་ཐོག་མ་བཏོད་ཡོད།

“ང་ཚོས་འཐབ་ཇུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ‘ནུས་མང་གསབ་རེས་’ཀྱི་ཁྱད་ལྡན་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ་རླུང་དང་།འོད།མེ།གསོག་འཇོག་བཅས་ཀྱི་གློག་ཁུངས་སྣ་ཚོགས་གསབ་རེས་དང་ཕན་ཚུན་རོགས་སྐྱོར་བྱེད་པའི་ཁྱད་ཆོས་གང་ལེགས་སྤྱད་དེ་གློག་གཏོང་སྟངས་སྣ་ཚོགས་སྙོམས་སྒྲིག་བྱེད་པ་དང་།གློག་ཁུངས་སྣ་ཚོགས་ཀྱི་གཞི་ཁྱོན་སྒྲིག་སྦྱོར་བྱེད་ཚད་ལེགས་སུ་གཏོང་བ།གློག་གི་སྤུས་ཚད་མཐོ་རུ་གཏོངཅེས་ཧྭ་གློག་མཚོ་སྔོན་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལག་བསྟར་ཏུང་ཧྲི་ཝང་ཐའོ་ཡིས་བཤད།

“ཟམ་སྣེའི་གློག་གཏོང་ཀུང་སིས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ལྟེ་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་2025ལོའི་འཛུགས་སྐྲུན་ལས་འགན་དབྱེ་ཕྲལ་ཞིབ་ཕྲ་བྱེད་པ་དང་འགག་རྩའི་མཚམས་ཚིགས་ཁག་གི་ཨར་ལས་འཆར་གཞི་ཞིབ་ཚགས་བཟོས་ནས་ལས་ཡུན་ཟླ་བ་དང་ཞིབ་ཚགས་ངང་གཟའ་འཁོར་བར་སླེབས་པ་དང་ཉིན་ལྟར་མི་སྣ་ལས་གནས་སུ་ལོག་པའི་ཆ་འཕྲིན་བརྒྱུད་མི་སྣ་དང་།ས་གནས་ས་ཐོག་གི་ལས་གྲྭའི་འཕྲུལ་ཆས།དངོས་ཟོག་བཅས་ནུས་ཆེའི་ངང་སྤེལ་རྒྱུའི་འགན་ལེན་བྱས་ཡོད”ཅེས་མཚོ་སྔོན་ཆའོ་ཐོའུ་གློག་གཏོང་ཚད་ཡོད་འགན་འཁྲི་ཀུང་སིའི་ལག་བསྟར་ཏུང་ཧྲི་མ་ཡོན་ལིས་ངོ་སྤྲོད་བྱས།

རྣམ་གྲངས་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་བརྟན་པོ་ཡོང་བའི་རྨང་གཞིའི་ལས་གྲྭ་གཙོ་བོ་ཞིག་ཡིན་པ་དང་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་འཕེལ་རྒྱས་དང་ཐོན་ལས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་ཡོད།བསྐྲུན་རྗེས་ལོར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་90ཟིན་ནས་མཚོ་སྔོན་གྱི་ནུས་རྒྱུ་གསར་པ་དེ་བས་གཞི་ཁྱོན་ཆེ་བའི་གསར་སྤེལ་བེད་སྤྱོད་བྱ་རྒྱུར་ཞབས་འདེགས་ཞུས་ཡོད།

“རླུང་འདོད་ཉིན་རེར”བྱེད་རིང་ཏུའུ་ལན་གྱི“མཛེས་ལྗོངས”འཕེལ་རྒྱས་མྱུར་པོ་བྱུང་ཡོད།དེ་གར་ཏ་ཐང་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་གི་དྭངས་གཙང་དྲོད་རླངས་མཁོ་འདོན་རྣམ་གྲངས་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་རེད།རྣམ་གྲངས་དེས“གློག་སྣེའི་ཁྲོ་ཐབ་དང་མཁའ་རླུང་གི་ཚ་འཐེན་འཕྲུལ་འཁོར་དང་དྲོད་གསོག་ཆུ་སྣོད”ཟུང་དུ་འབྲེལ་བའི་ཇུས་གཞི་སྤྱད་དེ་དྭངས་གཙང་དྲོད་མཁོ་འདོན་གྱི་ཚ་ཁུངས་ས་ཚིགས་གསར་སྐྲུན་བྱས་ནས་ད་ཡོད་ཀྱི་རྡོ་སོལ་ཚ་ཁུངས་ས་ཚིགས་ཀྱི་ཚབ་བྱས་ཏེ་དྲོད་མཁོ་འདོན་བྱེད་པ་དང་མཁའ་རླུང་ཁྲོད་ཀྱི་དྲོད་ཚད་སྤྱད་དེ་ཚ་ཁུངས་སུ་བརྩིས་པ་དང་འབྲེལ་དྲོད་གསོག་ལག་རྩལ་བརྒྱུད་དཔལ་འབྱོར་འཁོར་སྐྱོད་ཐུབ་པ་བྱས་ཡོད།རྣམ་གྲངས་དེར་ཁྱོན་དྲོད་རླངས་མཁོ་འདོན་ས་ཚིགས་4ཡོད་པ་དང་དྭངས་གཙང་དྲོད་རླངས་མཁོ་འདོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་126ཙམ་ཟིན་པ་དང་ལོར་དྲོད་ཚད་ཅི་ཅོ་ཁྲི་86ཙམ་མཁོ་འདོན་བྱས་ཡོད་པ་རེད།

“མིག་སྔའི་བར་རྣམ་གྲངས་དེའི་ཚ་ཁུངས་ས་ཚིགས་བཞིའི་ལས་གྲྭ་གཙོ་བོ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་དང་།གློག་སྣེའི་ཁྲོ་ཐབ་དང་།མཁའ་རླུང་གི་ཚ་འཐེན་འཕྲུལ་འཁོར།ཚ་གསོག་ཆུ་སྣོད་བཅས་སྒྲིག་སྦྱོར་ལེགས་གྲུབ་ཟིན་པ།གློག་ཤུགས་སྒྲིག་ཆས་སྒྲིག་སྦྱོར་དང་བཟོ་རྩལ་མདོང་ལམ་སྒྲིག་སྦྱོར་བྱེད་བཞིན་ཡོད་པ།རྗེས་མཐུད་སྒྲིག་ཆས་ཚོད་ལྟ་དང་ཚོད་ལྟའི་འཁོར་སྐྱོད་བྱ་རྒྱུ་ཡིན་པ།2025ལོའི་ཟླ་10པར་འཁོར་སྐྱོད་བྱ་རྩིས་ཡོད”རྣམ་གྲངས་ཀྱི་འགན་འཁུར་བ་མཱ་ཡུས་ཁུའེ་ཡིས་ངོ་སྤྲོད་བྱས།

རྣམ་གྲངས་གཉེར་སྐྱོང་བྱས་རྗེས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་21000ཡི་ཚབ་བྱེད་ཐུབ་པ་དང་།ཐཱན་གྱི་ཐལ་རྡུལ་ཕྱིར་འབུད་བྱེད་ཚད་ཏུན་4700ཙམ་དང་།དབྱང་གཉིས་མུ་ཟི་འགྱུར་རྫས་ཕྱིར་འབུད་བྱེད་ཚད་ཏུན་2350ཏན་དབྱང་འགྱུར་རྫས་ཕྱིར་འབུད་བྱེད་ཚད་ཏུན་1200ཙམ་བཅས་ཉུང་དུ་ཕྱིན་ནས་དྲོད་ལེན་བྱེད་སྟངས་སྔར་བས་ལེགས་སུ་དང་དྲོད་རླངས་མཁོ་འདོན་བྱེད་ཚད་དང་སྤུས་ཚད་མཐོ་རུ་བཏང་སྟེ་གཙང་གསུམ་ཆུ་འགོའི་གནམ་སྔོ་ཞིང་དྭངས་པ་དང་།ཆུ་དེ་བས་དྭངས་པ།མི་དམངས་དེ་བས་བདེ་སྐྱིད་ལྡན་པ་བཅས་ཡོང་བ་བྱ་རྒྱུ་རེད།

“གསར་པ་”ཡི་ཕྱོགས་སུ་བསྐྱོད།

ནུས་ཤུགས་ཡོད་རྒུས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་དོན་གཉེར་བྱེད་པ།

མཚོ་སྔོན་གྱི་འདི་ལོའི་རྣམ་གྲངས་ཀྱི་གསལ་ཐོ་ཕྱེ་ཚེ“གསར་གཏོད”དང“ལྗང་མདོག”ནི་སྔར་བཞིན་དེའི་ཁྲོད་ཀྱི་འགག་རྩའི་ཐ་སྙད་ཅིག་རེད།གྲངས་གཞིའི་དཔལ་འབྱོར་དང་།ལྗང་མདོག་ནུས་རྒྱུ།ལྗང་མདོག་རྩིས་རྒྱག་ནུས་པ་སོགས་ཁྱབ་ཁོངས་བཀོད་སྒྲིག་བྱས་པ་བརྒྱུད་ཐོན་ལས་ཀྱི་གྲུབ་ཆ་སྲོལ་རྒྱུན་གྱི་བཟོ་སྐྲུན་ནས་རྩེར་སོན་རིག་སྐྲུན་དང་།ཐོན་ཁུངས་ལ་བརྟེན་པ་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས།

གསར་གཏོད་འབྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་འཚོལ་ཞིབ་ཧུར་ཐག་བྱ་ཆེད།མཚོ་སྔོན་གྱིས་ལྗང་མདོག་གློག་གཏོང་ནུས་རྒྱུའི་གསར་དར་ཐོན་ལས་ལ་དམིགས་ནས་ལྗང་མདོག་རྩིས་རྒྱག་ནུས་པ་ཚོང་འགུགས་མ་འདྲེན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ“ས་མཐོའི་ལྗང་མདོག་གློག་གཏོང་དང་རིག་ནུས་རྩིས་རྒྱག་ནུས་ཟུང་དུ་འབྲེལ་བའི”གསར་གཏོད་བྱེད་སྟངས་ལ་བརྟེན་ནས་ལྗང་མདོག་རྩིས་རྒྱག་ནུས་པ་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་ལྗང་མདོག་རྩིས་རྒྱག་ནུས་པའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ་རེད།

དཔྱིད་ཀྱི་དཔལ་ཡོན་གསར་དུ་བཞད།

—ཟླ་2ཚེས་19ཉིན“ཀྲུང་གོ་སྒུལ་བདེ(ཟི་ལིང་)གི་ལྗང་མདོག་གློག་རྩིས་མཉམ་འདྲེས་དཔེ་སྟོན་རྟེན་གཞི”ལས་འགོ་ཚུགས་པའི་མཛད་སྒོ་ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ནན་ཁྲོན་བཟོ་ལས་གླིང་དུ་གཉེར་བ་རེད།རྣམ་གྲངས་ཀྱི་དུས་ཐེངས་དང་པོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་7ལྷག་ཙམ་བཏང་བ་དང“ལྗང་མདོག་ནུས་རྒྱུ་དང་རིག་ནུས་རྩིས་རྒྱག་ནུས་ཟུང་དུ་འབྲེལ་བའི”ལྟེ་བར་བྱས་ཏེ་གཤེར་གྲང་དང་།རིག་ནུས་མ་སྐུད།བར་བརྒྱུད་རླངས་འགྱུར་གྲང་བཟོ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་གྲངས་གཞིའི་ལྟེ་གནས་ཀྱི་ནུས་ཆེའི་འཁོར་སྐྱོད་དང་ཐཱན་ཉུང་འབུད་གཏོང་འགན་ལེན་བྱས་ཡོད།

——ཟླ་2ཚེས་20ཉིན“སྤུས་ཚད་གསར་པ་དང་མཚོ་ཤར་མཉམ་དུ་སྔོ་ལྗང་མཉམ་སྤྱོད་ཀྱི་འབྱུང་འགྱུར་མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཚོ་ཤར་གྲོང་ཁྱེར་གྱི་ལྗང་མདོག་རྩིས་རྒྱག་ཐོན་ལས་གཅིག་སྡུད་གན་རྒྱ་འཇོག་པ་དང་འོས་སྦྱོར་བྱེད་སྒོ་སྤེལ་བ་དེས་མཚོ་ཤར་གྲོང་ཁྱེར་གྱིས“ཤར་རྩིས་ནུབ་རྩིས”ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་པར་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།བྱེད་སྒོ་སྤེལ་ཡུལ་དུ་ཡུན་རིང་གི་འཐབ་ཇུས་གྲོས་མཐུན་2དང་།སྒྲོམ་གཞིའི་གྲོས་མཐུན་4རྣམ་གྲངས་མ་འཇོག་གྲོས་མཐུན་6བཅས་ལ་མིང་རྟགས་བཀོད་པ་དང་འདོད་མཐུན་མ་འཇོག་སྒོར་དུང་ཕྱུར་140ཟིན་ཡོད།

—ཟླ་2ཚེས་26ཉིན་ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་རྒྱལ་ནང་གི་གྲངས་འཛིན་ཅན་གྱི་རྩིས་རྒྱག་ཁེ་ལས་ཤིན་ཧྭ་ལག་རྩལ་ཚད་ཡོད་ཀུང་སིའི་H3Cལྗང་མདོག་རྩིས་རྒྱག་ནུས་པའི་མ་འཇོག་རྣམ་གྲངས་གལ་ཆེན་ལ་མིང་རྟགས་བཀོད་པ་རེད།འཆར་གཞི་བྱས་ན་མ་དངུལ་སྒོར་དུང་ཕྱུར་70བཏང་ནས་10000Pལྗང་མདོག་རྩིས་རྒྱག་ལྟེ་གནས་བསྐྲུན་རྒྱུ་དང་།རྒྱལ་ཁབ་ཀྱི་དཔེ་དབྱིབས་ཆེན་པོའི་སྦྱོང་བརྡར་ཁྲོད་ཀྱི་ཚོད་ལྟའི་ར་བ་དང་སྒྲིག་ཆས་སྒྲིག་སྦྱོར་བཀོད་སྒྲིག་བྱས་ནས་སྨན་བཅོས་གཞོགས་འདེགས་ཀྱི་མིས་བཟོས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་སྤྱོད་རྒྱུར་ཚོད་ལྟ་བྱས་ནས“མཚོ་སྔོན་གྱི་ཐུའུ་ལིང་གྲོང་རྡལ་ཆུང་ངུ”གཏོད་རྒྱུ་རེད།

2022ལོའི་ཟླ་7པར་མཚོ་སྔོན་དུ་བསྐྲུན་ནས་འཁོར་རྒྱུག་བྱས་པའི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་འབྱུང་ཁུངས་ཀྱི་ལྗང་མདོག་གྲངས་གཞི་ཆེ་མོའི་ལྟེ་གནས་ཐོག་མ་སྟེ།ཀྲུང་གོ་གློག་འཕྲིན(རྒྱལ་ཁབ)གྲངས་འཛིན་མཚོ་སྔོན་གྱི་ལྗང་མདོག་གྲངས་གཞི་ཆེ་མོའི་ལྟེ་གནས་ནས་རྒྱལ་ནང་གི་སྤྲིན་རྩིས་བཀོད་གཏོང་ལ་བརྟེན་པའི་གཞི་ཁྱོན་ཆེ་བའི་རིག་ནུས་ཚོགས་པ་ཐོག་མ་སྟེ།ཀྲུང་གོ་འཕྲིན་ཐུང་ཨ་ལི་ཡུན་དབན་ཁ་རིག་རྩིས་ཚོགས་དེ“བསྐྲུན་ཟིན་ན་ཐེག་ཚད་ཡོངས་སུ་གཉེར་སྐྱོང”ཐུབ་པ་བྱས་ནས་མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ནས་སྤུས་ལེགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་སྟེ་ནུས་རྒྱུ་གཙང་མ་མཉམ་འདྲེས་

ད་ཆ་འགྲིམ་འགྲུལ་འགྲོ་ལམ་རེ་རེ་བཞིན་མངོན་པ་དང་ས་ཁོངས་འགྲིམ་འགྲུལ་གཞི་གཅིག་ཅན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད།ལྗང་མདོག་ནུས་རྒྱུའི་རྣམ་གྲངས་རེ་རེ་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་ཐོན་ལས་ཀྱི་“ས་ཁུལ་བཞི”འཛུགས་སྐྲུན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ།གྲངས་གཞིའི་ལྟེ་གནས་ཀྱི་རྣམ་གྲངས་རེ་རེ་བཞིན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་རྒྱལ་ཡོངས་ཀྱི་རྩིས་རྒྱག་ནུས་ཆེ་རུ་ཕྱིན་པ་སོགས་མཚོ་སྔོན་གྱིས་བཟོ་ལས་ཀྱི་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས“ས་ཁུལ་བཞི་འཛུགས་སྐྲུན”དང“ཐོན་ལས་ལ་བརྟེན་ནས་ཞིང་ཆེན་དར་རྒྱས་གཏོང་བའི”མཐུན་སྦྱོར་ཤུགས་འདོན་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་གྱི་ཁྲག་རྒྱུན་ཤར་གཏོང་དང་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།