མཚོ་བོད་ས་མཐོའི་དབུས་སུ་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ལེ་ངོས་གྲུ་ཁྲི་72ཀྱི་བློ་རྒྱ་ཡངས་ཤིང་རྒྱ་ཆེ་བའི་ཐོག་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྣོད་བཅུད་ལས་འགན་འཁུར་ཡོད་ལ་དུས་རབས་གསར་པའི་ནུས་རྒྱུའི་གསར་བརྗེའི་ཁྲོད་ལྗང་མདོག་གི་ངོ་མཚར་དེ་བས་ཀྱང་བརྩམས་ཡོད།
གཙང་གསུམ་ཆུ་འགོའི་ལང་ལོང་དུ་འབབ་པའི་གཙང་པོ་ནས་ཚྭ་འདམ་གཤོང་སའི་མྱ་ངམ་ཐང་བར་དང་།ཁུ་ནུ་རི་བོའི་རྒྱུད་ཀྱི་རླུང་ར་ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐང་རྒོད་ཀྱི་འོད་ཤུགས་ལིང་ཚེའི་བར།མཚོ་སྔོན་གྱིས་ནུས་རྒྱུ་གཙང་མ་སྨྱུ་གུ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྣག་ཚ་རུ་བྱས་ཏེ་ནུས་རྒྱུ་གཙང་མའི་མེས་རྒྱལ་གྱི་རི་ཀླུང་གི་བརྗིད་ཆེའི་རི་མོ་ཞིག་བྲིས་ཡོད།
ས་མཐོའི་ནུས་རྒྱུའི་གསར་བརྗེ།
མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་འབྱེད་བྱས་པ།
“འཛམ་གླིང་ཡང་རྩེ”དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་ས་ཁམས་གནས་ཚད་ཐོག་མཚོ་སྔོན་གྱིས་ལོ་རྒྱུས་ཐོག་གི་འཕེལ་རྒྱས་དུས་སྐབས་ཡག་ཤོས་དམ་འཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ནུས་རྒྱུ་གཙང་མ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་རྒྱུ་རེད།
མཚོ་སྔོན་དུ“ཆུ་རྒྱས་པ་དང་།འོད་ལྡན།རླུང་ལེགས་པ།ས་རྒྱ་ཆེ་བ”བཅས་ཡོད་པས་དྭངས་གཙང་ནུས་རྒྱུ་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།དེ་གའི་ཆུ་ནུས་ཐོན་ཁུངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་ལྔ་པར་སླེབས་པ་དང་ཉི་ནུས་ཀྱི་ལོའི་ཁྱབ་འགྱེད་བསྡོམས་འབོར་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།དེ་ནི་རང་རྒྱལ་གྱི་རླུང་ར་ཆེ་གྲས་བཞི་པ་ཡིན་པ་དང་ནུས་རྒྱུ་གསར་པ་གསར་སྤེལ་ཐད་སྤྱོད་ཆོག་པའི་ཐང་རྒོད་ཅན་གྱི་ས་ཆ་སྤྱི་ལེ་ངོས་གྲུ་ཁྲི་10ལས་བརྒལ་བ་དང་ས་འོག་ཚ་ནུས་དང་རྡོ་གཡམ་སོལ་རླངས་གསོག་ཚད་ཕུན་སུམ་ཚོགས་པོ་ཡོད་པས་ས་འོག་ཚ་ནུས་གྲོང་ཁྱེར་དང་སྐམ་ཚའི་བྲག་གྲོང་ཁྱེར་ཞེས་བརྗོད་ཀྱི་ཡོད།
རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་འཐབ་ཇུས་མཛུབ་ཁྲིད་འོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་ལ་ཇུས་འགོད་གནང་བའི“རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས”གཏོད་པའི་འཆར་གཞི་གཞིར་བཟུང་།མཚོ་སྔོན་གྱིས“ཆུའི་མཛེས་ལྗོངས་གསོག་འཇོག་གཞི་གཅིག་ཅན”དང“འབྱུང་ཁུངས་དྲ་བའི་དངོས་གསོག་གཞི་གཅིག་ཅན”སོགས་གསར་གཏོད་བྱེད་སྟངས་བརྒྱུད་ནུས་མང་གསབ་རེས་ཀྱི་ནུས་རྒྱུ་གཙང་མའི་མ་ལག་ཅིག་བཏོད་ཡོད།
2024ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་7100ལས་བརྒལ་བ་དང་།ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད་94.6%དང་70%སོ་སོར་ཟིན་ནས་རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་དང་གློག་གཏོང་ཚད་ཀྱི“གཙོ་གཟུགས་གཉིས”ཀྱི་སྔོན་ལ་བཟུང་ཡོད་པ་རེད།མཚོ་སྔོན་འདི་ཉིད་རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་ཀྱི་རིམ་འདས་གསོག་གློག་རྫས་སུ་གྱུར་ཡོད།
མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དེ་གོ་ལ་ཧྲིལ་པོའི་ཚད་ཤིང་འདུ་འགོད་ཀྱི་ཁྱུ་ཚོགས་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ནུས་རྒྱུའི་རྟེན་གཞིར་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་ཤུགས་གློག་གཏོང་གླིང་ཁུལ་དུ་འོད་ཤུགས་ལེབ་མོ་ཁྲི་700ལྷག་ཙམ་བཏིང་བ་དང་འོད་ཤུགས་གློག་གཏོང་གི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་།ཚ་རྔ་འགག་གི་ཆུ་འོད་གསབ་རེས་གློག་ཁང་དུ་ཀྲའོ་ཝ་850ཡི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ལ་བརྟེན་ནས་ཆུ་དང་འོད་མཉམ་དུ་འཁོར་སྐྱོད་ཐུབ་ནས་ཆུ་དང་འོད་གསབ་རེས་ཀྱི་རྒྱལ་སྤྱིའི་སྔོན་དཔེ་བཏོད་ཡོད།མཚོ་སྔོན་ནས་རྨ་ལྷོ་བར་གྱི་ཆན་ཧྥུའུ་800ཡི་གློག་ཆེན་ཐད་རྒྱུག་ལས་གྲྭའི་འགོ་འཛུགས་སར་ས་མཐོའི་ནུས་རྒྱུ་གཙང་མ་སྤྱི་ལེ་1587བརྒལ་ནས་ཀྲུང་ཡོན་ས་གཞི་ཆེ་མོའི་ཁྱིམ་ཚང་ཁྲི་སྟོང་གི་གློག་སྒྲོན་བསྒྲོན་ཡོད།
རིམ་འདས་ལས་གྲྭ་དེ་དག་གིས་ལག་རྩལ་གྱི་ཚད་གཞི་གསར་པ་བཏོད་པ་མ་ཟད།ནུས་རྒྱུ་གསར་སྤེལ་གྱི་སྣོད་བཅུད་གཏན་ཚིགས་དེ་བས་བསྐྱར་དུ་བཏོད་ཡོད་པ་སྟེ།མཚོ་སྔོན་གྱིས་ལག་ལེན་ཐོག་ནས་ནུས་རྒྱུ་གསར་སྤེལ་བྱ་རྒྱུ་དེ་སྣོད་བཅུད་སྲུང་སྐྱོང་དང་མཉམ་དུ་མཉམ་འགུལ་བྱེད་ཐུབ་པ་ར་འཕྲོད་བྱུང་ཡོད།
མཚོ་སྔོན་པོའི་འགྲམ་དུ་མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་མུ་མཐའ་མེད་པའི་འོད་ཤུགས་ལེབ་མོ་དང་རྩྭ་ཐང་གི་སྣོད་བཅུད་མ་ལག་གཉིས་ངོ་མཚར་ཆེ་བའི་མཉམ་གནས་བྱུང་ཡོད།པང་ལེབ་འོག་ཏུ་སྤུས་ལེགས་ཕྱུགས་རྩྭ་འདེབས་པ་དང་པང་ལེབ་དབར་སྣོད་བཅུད་གསོ་ཚགས་འཕེལ་རྒྱས་བཏང་ནས“པང་ལེབ་ཐོག་གློག་གཏོང་དང་འཁྱག་འོག་འབྲོག་ལས”ཀྱི་ལངས་གཟུགས་རྣམ་པ་ཞིག་ཆགས་ནས་བཏུལ་ཐང་གྱི་རླུང་གི་མྱུར་ཚད་50%ཆག་པ་དང་སྔོ་ཁེབས་ཁྱབ་ཚད་80%ཟིན་ནས“འོད་ཤུགས་+”སྣོད་བཅུད་སླར་གསོའི་རྣམ་པ་དེ་རིགས་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་རིམ་བཞིན་ཁྱབ་གདལ་བཏང་ཡོད་པ་རེད།
མཚོ་སྔོན་གྱིས་ས་མཐོའི་ནུས་རྒྱུའི་གསར་བརྗེ་བྱེད་འགོ་བཙུགས་ནས་ནུས་རྒྱུ་གསར་སྤེལ་དང་སྣོད་བཅུད་སྲུང་སྐྱོང་ཕྱོགས་གཉིས་སུ་སྐྱོད་པའི་ནུས་ཆེའི་ལམ་བུར་བསྐྱོད་ཡོད།
ལྗང་མདོག་གློག་གཏོང་དེ་རི་ཀླུང་ལས་བརྒལ་བ།
ས་མཐོ་ནས་རྒྱལ་ཡོངས་བར་གྱི་ནུས་ཁུངས་མཉམ་སྤྱོད་དྲ་རྒྱ།
2020ལོའི་ཟླ་12ཚེས་30ཉིན་མཚོ་སྔོན་གྱིས་དཀའ་ངལ་ཁྲི་ཁྱད་བསད་བྱས་ཏེ་འཛམ་གླིང་ཐོག་དྭངས་གཙང་ནུས་རྒྱུ་སྐྱེལ་འདྲེན་བྱ་ཆེད་ཆེད་མངགས་བསྐྲུན་པའི་གློག་ཆེན་ལས་གྲྭ་ཐོག་མ་སྟེ།མཚོ་སྔོན་དང་ཧོ་ནན་གྱི་ཆན་ཧྥུའུ་800ཡི་གློག་ཆེན་ཐད་རྒྱུག་ལས་གྲྭ་འཁོར་རྒྱུག་བྱས་པ་རེད།
མཚོ་ལྷོ་ཁུལ་གྱི་སྣེ་དེ་ནས་འགོ་བཙུགས་ཏེ་མཐོ་གནོན་ཆེ་བའི“དངུལ་ཐིག”གཅིག་ས་མཐོའི་ནུས་རྒྱུ་གཙང་མ་ཁྱབ་པ་དང་ཀྲུང་ཡོན་མི་དམངས་ཀྱིས་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པའི་ལག་པ་ཞིག་རེད།“དངུལ་ཐིག”གི་སྣེ་གཅིག་ནི་ནུས་རྒྱུ་གཙང་མ་ཕུན་སུམ་ཚོགས་པའི་ནུབ་རྒྱུད་དང་འབྲེལ་བ་ཡོད་པ་དང་།སྣེ་གཅིག་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གློག་སྤྱོད་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་ཀྲུང་ཡོན་དང་འབྲེལ་ཡོད།ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་དང་འབྲེལ་བ་ཡོད་པའི་གསར་གཏོད་ཟམ་མི་ཆད་པར་བྱས་པ་དང་།དབུས་ཤར་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་དང་འབྲེལ་ནས་གཟབ་ནན་གྱིས་བཅོས་སྐྱོང་བྱེད་བཞིན་ཡོད།བསྡོམས་རྩིས་བྱས་པར་གཞིགས་ན།འཁོར་རྒྱུག་བྱས་ཚུན།“ལྗང་མདོག་གློག་ལམ”དེས་རིམ་རྩིས་བྱས་ན་ཀྲུང་ཡོན་ས་ཁུལ་དུ“ལྗང་གློག”ཆན་ཝ་ཆུ་ཚོད་དུང་ཕྱུར་700ལྷག་ཙམ་བཏང་ཡོད་པ་རེད།
“དངུལ་ལམ”དེར་ད་དུང་རང་རྒྱལ་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལྡན་པ་དང་།འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་མཐོ་གནོན་འཛུགས་སྐྲུན་ལག་རྩལ་འདུས་ཡོད་ལ།གྲངས་ལས་འདས་པའི་འགྲན་སློང་ལྡན་ཡོད་ལ།མཚོ་སྔོན་གྱི་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་རྟེན་གཞི་ཞིབ་ལས་ཅན་གྱི་གསར་སྤེལ་འཛུགས་སྐྲུན་དང་གཞི་ཁྱོན་ཆེ་བའི་ཕྱིར་གཏོང་གི་ཆོད་སེམས་དེ་བས་ཀྱང་ལྡན་ཡོད།
ལོ་5སོང་རྗེས་མཚོ་སྔོན་གྱིས“མཚོ་སྔོན་དང་ཧོ་ནན་གྱི་ཐད་རྒྱུག”གི་གློག་གཏོང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་པ་དང་ཆབས་ཅིག་མཚོ་སྔོན་གློག་དྲ་དང་ནུབ་བྱང་གི་དྲ་བ་གཙོ་བོའི་འབྲེལ་གཏུག་བགྲོད་ལམ་ཐེངས་7བར་མང་དུ་ཕྱིན་ནས་ཤར་ཀན་སུའུ་དང་།ལྷོ་སྦྲེལ་བོད་ལྗོངས།ནུབ་ཏུ་ཤིན་ཅང་།ཀྲུང་ཡོན་ལ་ཐད་ཀར་ཤར་གཏོང་བཅས་བྱེད་པའི་སྣོལ་རྒྱུག་དང་སྣེ་མང་ལྟེ་བའི་གློག་དྲ་ཞིག་ཆགས་ནས་གློག་གཏོང་ཚད་ཆན་ཝ་ཁྲི་སྟོང་ལས་བརྒལ་ཡོད་པ་རེད།མཚོ་སྔོན་གྱི“ལྗང་མདོག་གློག་གཏོང”ཕྱིར་གཏོང་ཁྱབ་ཁོངས་ཞིང་ཆེན་དང་གྲོང་ཁྱེར་15བར་རྒྱ་ཆེར་བཏང་ཡོད།འདི་ལོ་ད་དུང“མཚོ་སྔོན་དང་ཀོང་ཤིས་ཀྱི་ཐད་རྒྱུག”གི་ལྗང་མདོག་གློག་གཏོང་ཕྱིར་གཏོང་ལས་གྲྭ་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱས་ནས་ལྗང་མདོག་གློག་གཏོང་ཕྱིར་གཏོང་བགྲོད་ལམ་གསུམ་པ་གཏན་འཁེལ་བྱ་རྒྱུ་རེད།མཚོ་སྔོན་གྱིས་འགོ་འཛུགས་སར་བྱས་པའི་དམིགས་བསལ་གློག་ཆེན་དྲ་རྒྱའི་དཔེ་རིས་རིམ་བཞིན་ཁ་གསལ་དུ་ཕྱིན་པ་དང་སྐབས་དེ་དུས་མཚོ་སྔོན་དེ“ནུབ་གློག་ཤར་འདྲེན”གྱི་ནུས་རྒྱུ་གཙང་མའི་འཕར་རྩ་གཙོ་བོར་འགྱུར་རྒྱུ་རེད།
གློག་སྔོ་ཐིང་དུ་ཐོན་པ་དང་།རང་བྱུང་འོབས་ཆེན་གྱིས་ལམ་བུ་བསྒྱུར་བ།སྲིད་ཇུས་གསར་གཏོད་ཀྱིས་རྒྱུན་མཐུད་ངང་ཕན་པ་ཐོབ་པ་བཅས་བྱས་ཡོད།2021ལོར་མཚོ་སྔོན་གྱིས་ལྗང་མདོག་གློག་ཤུགས་ཉོ་ཚོང་ཚོད་ལྟ་སྔོན་ལ་བྱས་ནས་2024ལོའི་ལོ་འཁོར་གྱི་ཉོ་ཚོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་39.9ཟིན་པ་དང་།རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་བསྐྱར་སྐྱེས་ནུས་ཁུངས་བསྡུ་ཉར་གཙང་སེལ་འགན་སྲུང་ལམ་སྲོལ་སྔོན་ལ་བཙུགས་ཏེ།ཚོང་ར་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ནུས་ཁུངས་གཙང་མའི་བསྡུ་ཉར་གཙང་སེལ་ལ་སྐུལ་འདེད་གཏོང་དགོས།ལམ་ལུགས་འཚོལ་ཞིབ་དེ་དག་གིས་རྒྱལ་ཡོངས་ཀྱི་གཅིག་གྱུར་གློག་ཤུགས་ཁྲོམ་ར་འཛུགས་སྐྲུན་ལ་ས་མཐོའི་ཉམས་མྱོང་མཁོ་འདོན་བྱས་ཡོད།
དེ་དང་ཆབས་ཅིག་གཉེར་སྐྱོང་བྱེད་པོ་ཉོ་ཚོང་ནང་ཞུགས་རྒྱུར་སྟབས་བདེ་ཡོང་ཆེད།མཚོ་སྔོན་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱིས“e—ཉོ་ཚོང”ལས་སྟེགས་བཀོད་སྒྲིག་བྱས་ནས་ལྗང་མདོག་གློག་ཤུགས་ཉོ་ཚོང་ཆེད་ཁུལ་བཙུགས་ཏེ་པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་གཞུང་ཕྱོགས་ཀྱི་གྲངས་གཞི་ཤར་གཏོང་ཐུབ་པ་དང་།ཁུལ་དུམ་སྦྲེལ་ལག་རྩལ་ལ་བརྟེན་ནས་ལྗང་མདོག་གློག་གཏོང་ཐོན་སྐྱེད་དང་།ཉོ་ཚོང་།འཛད་སྤྱོད་བཅས་ཀྱི་ཚེ་སྲོག་དུས་འཁོར་ཧྲིལ་པོའི་གྲངས་གཞི་ཆ་ཚང་ཐོ་འགོད་བྱས་ཏེ་ལྗང་མདོག་གློག་འཛད་སྤྱོད་ལ་དབང་གྲགས་དང་བློས་འགེལ་ཆོག་པའི་དཔང་ཡིག་མཁོ་འདོན་བྱས་ཡོད།
རྒྱལ་ཡོངས་ཀྱིས་དེ་བས་དོ་ཁུར་བྱེད་འོས་པ་ཞིག་ནི་མཚོ་སྔོན་གྱི“ལྗང་མདོག་གློག་ཁུངས་འདེད”མ་ལག་སྤྱད་པ་དེ་ཡིན་པ་དང་གློག་སྤྱོད་མཁན་ཁྱིམ་ཚང་ཚང་མས་སྤྱོད་པའི་མཚོ་སྔོན་གྱི་ལྗང་མདོག་གློག་ཚང་མ་ཞིབ་ཕྲའི་འོད་ཤུགས་གློག་ཁང་དུ་ཁུངས་འདེད་ཐུབ་པ་དང་།ཁ་གསལ་ཅན་གྱི་ལམ་སྲོལ་དེས་ལྗང་མདོག་གློག་གཏོང་གི་ཁྲོམ་རའི་རིན་ཐང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན།2024ལོར་མཚོ་སྔོན་གྱིས་ཕྱིར་གཏོང་བྱས་པའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་270.5ཟིན་པ་དེ་དུས་མཚུངས་ལས་52%འཕར་ནས་མཚོ་སྔོན་གྱི་ནུས་རྒྱུ་འཕེལ་རྒྱས་དང་རྒྱ་ཆེར་བཏང་བའི་ཕན་འབྲས་མགྱོགས་མྱུར་ཐོན་བཞིན་ཡོད་པ་རེད།
ནུས་རྒྱུ་འཕེལ་རྒྱས་ས་ཁོངས་དང་མཉམ་དུ་མཚོ་སྔོན་གྱིས་རིམ་བཞིན་འཚོལ་ཞིབ་བྱས་པའི་དྭངས་གཙང་ནུས་རྒྱུ་མཉམ་སྤྱོད་ཀྱི་མཉམ་ལས་བྱེད་སྟངས་ཀྱིས་མེས་རྒྱལ་གྱི་ས་ཁུལ་ཁག་གི་ནུས་རྒྱུའི་འབྲེལ་ཐག་སྔར་བས་དམ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་ཀྲུང་གོའི་ས་ཁོངས་དཔལ་འབྱོར་གྱི་ས་ཁམས་ཁྱབ་ཁོངས་ཀྱང་ས་མཐོའི་ཐོག་གི་རྣམ་པས་ཁེངས་བཞིན་ཡོད་པ་རེད།
སྐྱེ་ཁམས་དང་དམངས་འཚོ་གཉིས་ཀའི་ཐད་ཀྱི་ཁེ་ཕན་ཉིས་བརྩེགས།
ལྗང་མདོག་ཁེ་སྤོགས་ཀྱི་ཀུན་ཕན་རང་བཞིན་འདོན་སྤེལ་བྱས་པ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་མཐའ་ལ་ཐང་གི་འོད་ཤུགས་གླིང་ཁུལ་དུ་སྤྱིར་ན་ཐང་རྒོད་ཅན་གྱི་བསྡུར་ཚད་98.5%ཡིན་པ་དང་འོད་ཤུགས་གློག་ཁང་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་བསྟུན་ནས་ཐ་ལ་ཐང་དུ་སྔོ་ཁེབས་ཁྱབ་ཚད་2014ལོའི་10%ནས་ད་ཆའི་80%བར་མཐོ་རུ་ཕྱིན་པ་དང་ཐ་ན་དེ་བས་མང་བས་གླིང་ཁུལ་ནང་གི་རི་བོང་དང་ཝ་མོ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་ལྡབ་གསུམ་འཕར་བ་དང་།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གཙང་གསུམ་ཆུ་འགོའི་དབུས་སུ་བྱ་ཚང་5053དང་བྱ་ཚང་16སྒྲིག་སྦྱོར་བྱས་ནས་ཚང་2600ལྷག་ཙམ་བསྐྲུན་ཐུབ་པ་དང་བྱ་ཚང་བཟོ་ཚད་50%ལྷག་ཙམ་ཟིན་ནས་གཙང་གསུམ་ཆུ་འགོའི་འདབ་ཆགས་ཀྱི་འཕེལ་རྒྱས་བཟང་པོ་སྲུང་སྐྱོང་ནུས་ལྡན་ཐུབ་པ་དེ་ནི་མཚོ་སྔོན་གྱིས་ནུས་རྒྱུ་དང་གློག་ཤུགས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་འཚོལ་ཞིབ་ཧུར་ཐག་བྱས་པ་ཞིག་རེད།
གྲོང་གསེབ་དར་རྒྱས་གཏོང་བའི་ཐད་མཚོ་སྔོན་གྱི་ནུས་རྒྱུ་འཕེལ་རྒྱས་ཀྱིས་ཀྱང་དགེ་མཚན་ལྡན་པའི་འདེགས་སྐྱོར་བྱེད་ཀྱི་ཡོད།མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ནི་རྒྱལ་ཡོངས་ཀྱི་མཐོ་གྲང་ས་བབ་མཐོ་བའི་ས་ཁུལ་དུ་དྭངས་གཙང་དྲོད་རླངས་མཁོ་འདོན་བྱེད་པའི་དཔེ་སྟོན་རྫོང་དང་པོ་དེ་ཡིན་པ་དང་དེ་གའི་འབྲོག་པ་ཚོས་ལྕི་བའི་དྲོད་ལེན་ལོ་རྒྱུས་མཇུག་འགྲིལ་བ་དང་།མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ངམ་ར་ཤང་བདེ་སྐྱིད་གྲོང་ཚོའི་བོད་ཁྱིམ་གྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་སྒོ་ར་གསར་པ་སྐས་རིམ་ལྟར་གྲལ་སྟར་འགྲིག་པོའི་ངང་རི་ལྡེབས་སུ་བསྒྲིགས་ཡོད་པ་དང“རང་འགུལ་ངང་རང་སྤྱོད་དང་གློག་ལྷག་མའི་དྲ་སྤྱོད”བྱས་ནས་ཆ་སྙོམས་ལོ་རེར་དུད་ཚང་རེར་འབབ་འཕར་སྒོར་3000ལྷག་ཙམ་བྱུང་ཡོད།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ལྗང་མདོག་གློག་དང་ཆིང་བཟོ་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ནི་ས་གནས་དེ་གའི་རྫས་འགྱུར་བཟོ་ལས་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་ཁྲིད་བྱ་རྒྱུ་དེ་རེད།
ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱིས་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་གོ་སྐབས་སྦྱིན་ཡོད།
མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་ཤེལ་མང་ཀུའེ་དང་།བདར་རྐྱང་ཀུའེ།འོད་ཤུགས་ལྷུ་ལགནུས་གསོག་རྒྱུ་ཆ་བཅས་ཀྱི་ཁེ་ལས་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་གཞིས་ཆགས་ཡོད།ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི“འོད་ཤུགས་ལིས་གློག་ཁྲོམ་གཞུང་གཅིག”ཐོག་ལི་ཧའོ་དང་།ཐེན་ཧོ་འོད་ནུས།པི་ཡ་ཏི།ཐའེ་ཧྥུང་སྔོན་སྐྱོད་སོགས་འོད་ཤུགས་དང་ལིས་གློག་རྫས་བཟོ་བའི་མགོ་བོའི་ཁེ་ལས་མཉམ་འཛོམས་བྱས་ནས་ནུས་རྒྱུ་གཙང་མའི་བཟོ་སྐྲུན་ཁྱུ་ཚོགས་རགས་ཙམ་ཆགས་ཡོད་པ་རེད།
མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ལེགས་ཆར་བརྟེན་ནས་མཚོ་སྔོན་གྱི“ནུས་རྒྱུ་དང་གྲངས་གཞི”ཟུང་དུ་འབྲེལ་བའི་ཐོན་ལས་ཀྱི་བཀོད་སྒྲིག་ལ་བརྟེན་ནས་སྐོར་བ་ལས་ཐར་བ་བྱས་ཡོད།སྲོལ་རྒྱུན་གྱི་རྩིས་རྒྱག་ཤུགས་ལྟེ་གནས་ཀྱི“ནུས་ཁུངས་ཟད་གྲོན་ཆེ་བའི་གཅན་གཟན་ཆེན་པོའི”གནད་དོན་དེ་མཚོ་བོད་ས་མཐོའི་གྲང་ངར་དང་དེ་བཞིན་ས་མཐོའི་རླུང་དང་།འོད།ཆུ་བཅས་ཀྱིས་སེལ་ཡོད།མིག་སྔར།མཚོ་སྔོན་གྱི“1+2+N”ཡི་སྤྱིའི་བཀོད་པ་སྤྱིར་ན་ཆགས་ནས་གཟུགས་ཚད་རྒྱུན་མཐུད་ངང་རྒྱ་ཆེར་འགྲོ་བཞིན་ཡོད།2024ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱིས་སྐྲུན་བཞིན་པའི་ཚད་ལྡན་འཕྲུལ་སྒྲོམ་གྱི་གཞི་ཁྱོན་ཁྲི་9.3ཟིན་པ་དང་རྩིས་རྒྱག་ཤུགས་ཀྱི་གཞི་ཁྱོན་8400PFLOPSཟིན་ཡོད།ལྗང་མདོག་གློག་གཏོང་རྨང་གཞིར་བྱས་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་སྟངས་དེས་ཐོན་ཁུངས་ཅན་གྱི་ས་ཁུལ་ཕྱོགས་སྒྱུར་བྱ་རྒྱུར་མཚོ་སྔོན་གྱི་ཇུས་གཞི་མཁོ་འདོན་བྱས་ཡོད།
ཁུ་ནུ་རི་རྩེའི་རླུང་དེ་པེ་ཅིང་ཏ་ཤིང་གནམ་ཐང་གི་འཇའ་ཚོན་དུ་གྱུར་པ་དང་།མཚོ་སྔོན་པོའི་ཉི་འོད་ཀྱིས་ཧང་ཁུལ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་འོད་སྣང་སྦྱིན་སྐབས།རི་ཀླུང་བརྒལ་བའི་ལྗང་མདོག་གི་རྒྱུག་རྒྱུག་དེ་ནུས་རྒྱུ་གཙང་མ་སྐྱེལ་འདྲེན་བྱེད་པ་མ་ཟད།འཕེལ་རྒྱས་ཀྱི་དབང་ཆ་མཉམ་སྤྱོད་དང་སྣོད་བཅུད་འགན་འཁྲི་མཉམ་འཁུར་གྱི་དེང་རབས་ཤེས་དཔལ་འདུ་ཤེས་དེ་བས་བརྒྱུད་སྤྲོད་བྱེད་ཀྱི་ཡོད།མཚོ་སྔོན་གྱིས་ལག་ལེན་ཐོག་ནས་ར་སྤྲོད་བྱས་དོན།སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་གཞན་སྒྱུར་ཐབས་ལམ་ཁྲོད་དྭངས་གཙང་ནུས་རྒྱུ་ནི་སྒུལ་ནུས་ཆེ་ཤོས་ཡིན་པ་དང་།ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་རྒྱང་སྐྱོད་ལམ་བུའི་ཐོག“ལྗང་མདོག་ཁེ་བཟང”ནི་དྲོ་སྐྱིད་ལྡན་པའི་འབྲེལ་ཐག་ཅིག་རེད།
ལེ་དབར་སྟོང་གི་གློག་སྦྲེལ་དང་རི་ཀླུང་མཉམ་དུ་འཕེལ་རྒྱས་བྱུང་ཡོད།ཀྲུང་ཧྭའི་སྣོད་བཅུད་བདེ་འཇགས་ཐེག་པའི་ས་མཐོའི་ས་གཞི་ཆེན་པོ་དེས་ནུས་རྒྱུ་གཙང་མ་རྟེན་གཞིར་བྱས་ནས་ཀྲུང་གོ་ཧྲིལ་པོའི་ལྗང་མདོག་འབྱུང་འགྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད།